དཀར་ཆག
འགོ་བརྗོད།…………()
སྒྲིག་སྟངས།…………()
ཚིག་མཛོད་དངོས།…………()
ཀ…………()
ཁ…………()
ག…………()
ང…………()
ཅ…………()
ཆ…………()
ཇ…………()
ཉ…………()
ཏ…………()
ཐ…………()
ན…………()
པ…………()
ཕ…………()
བ…………()
མ…………()
ཙ…………()
ཚ…………()
ཛ…………()
ཝ…………()
ཞ…………()
ཟ…………()
འ…………()
ཡ…………()
ར…………()
ལ…………()
ཤ…………()
ས…………()
ཧ…………()
ཨ…………()
བོད་ཡི་ཐ་སྙད་འཚོལ་བདེའི་ཀ་ཕྲེང་།…………()
༼ཀ༽
ཀ ཁ
ཀ་ཀོལ་མ། བཀའ་ཆེམས་ཀ་ཁོལ་མ།
ཀ་བཀོལ་མ། ཀ་ཀོལ་མ་དང་འདྲའོ།།
ཀ་ཅ། ནོར་རྫས་སམ་མཁོ་བའི་དངོས་པོའམ་དངོས་པོའི་སྤྱི་མིང་།
ཀ་ཅོག་ཞང་གསུམ། སྐ་ཅོག་ཞང་གསུམ་སྟེ། ལོ་ཙ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་གསུམ་གྱི་བསྡུས་མིང་།
ཀ་ཆ། ཀ་ཅ་དང་འདྲའོ། ཀ་ཅ།
ཀ་ཆ། བྲག་དམར་ཀ་ཆུ།
ཀ་ཆུག དེ་ལྟར།
ཀ་གཏན། རང་དཀར་པོ་ཞི་གི་མིང་།
ཀ་རྟི་ཀ གཞོན་ནུ་སྨིན་དྲུག་གམ་གཞོན་ནུ་གདོང་དྲུག་གི་མིང་།
ཀ་དག གདོད་མ་སྟེ། དང་པོའམ་ཐོག་མའི་མིང་།
ཀ་དམ་པ། ཤིང་ཚོགས་ཅན་ཏེ་ཤིང་དང་ཆུ་སྐྱར་སོགས་ལའང་འཇུག
ཀ་ན་ཀ་མི་ནིཿ གསེར་ཐུབ་བམ་འོད་སྲུང་(ཉན་ཐོས་འོད་སྲུང་ཆེན་པོའི་མིང་།)
ཀ་པི་ལ་ན། ཀ་བི་ལ་ན། སྟུ་པ།
ཀ་པེད། ཤིང་ཏོག་ཁོག་སྟོང་ཞིག་སྟེ། ཆུང་(མོ་རིགས་)ལ་བིལ་པ་དང་། ཆེ་བ(ཕོ་རིགས)ལ་ཆགཚང་ཀུ་བ་ཟེར།
ཀ་ཕོར། ག་ཕོར་རམ་ག་ཕུར་གྱི་མིང་།
ཀ་བ་དཔལ་བརྩེགས། འཕན་ཡུལ་ཀ་སྐ་བ་དཔལ་བརྩེགས་ཏེ། ཁྲི་སྲོང་ལྡེ་བཙན་སྐབས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག
ཀ་བ་ལི། དཔེ་ཆ་འཇོག་སའི་ཤོག་ཀ་ལིའི་མིང་།
ཀ་བེད། ཀ་པེད་དང་འདྲའོ།
ཀ་བྱེད། གཏམ་སྨྲ་བ་དང་བསྡུས་པ་ལ་འཇུག
ཀ་མེད། ཐབས་མེད་པ། དཔེར་ན་མི་འགྲོ་ཀ་མེད་ལྟ་བུ།
ཀ་མྱེད། ཀ་མེད་དང་འདྲའོ།།
ཀ་ཙ་ལིན་ད། དར་འཇམ་པོ། ཀ་ཙ་ལིནྡྲ་ཞེས་པའི་ཡུལ་ནས་བྱུང་བའི་དར་འཇམ་པོ་ཞིག
ཀ་འཛིན། ཁ་འཛིན། འཚོ་འཛིན་ནམ་གྱོགས་སམ་རོགས་རམ་བྱེད་པ་སོགས་ལ་འཇུག
ཀ་ར་ཝི་ར། གསོད་རྟགས་ཀྱི་མེ་ཏོག་སྟེ་རིའུ་ལྕག་པ། རིའུ་ལྕག་པ། རེའུ་ལྕག་པ།
ཀ་ཪྴ་པ་ན། དངུལ་ཞོའི་དོང་རྩེ། དངུལ་ཞོ་གང་ལས་བྱས་པའི་ཊམ་ཀའོ།།
ཀ་རུ། ཤོག་བུའམ་ཁ་མདོ་དཀར་པོ།
ཀ་ལན་ད་ཀ། བྱ་མཆིལ་བ་སྟེ་གྲོང་གི་བྱིའུ་ཞེས་ཁྱིམ་ནང་དུ་འཁོར་བའི་བྱ་ཆུང་ངུའི་མིང་།
ཀ་ཤ། རྩྭ་དང་། སྡོང་བོའམ་ཤ་མི་བྱེ་བྲག་ཅིག་ལ་གོ
ཀ་ཤི། གསལ་ལྡན་ནམ་གྲོང་ཁྱེར་གསལ་ལྡན་གྱི་མིང་།
ཀ་ཤི་ཀའི་རས། གྲོང་ཁྱེར་གསལ་ལྡན་ནས་བྱུང་བའི་རས་སམ་ཝཱ་ར་ཎཱ་སི་ནང་བྱུང་བའི་རས་ལ་ཟེར།
ཀཱ་ཤི་ཀ གསལ་ལྡན་ཏེ་གྲོང་ཁྱེར་ཝཱ་ར་ཎཱ་སིའི་མིང་།
ཀག གློ་བུར། ཀག་གིས་ལངས་པ་ལྟ་བུ།
ཀག་གིས། མྱུར་བར་རམ་གློ་བུར་གྱིས།
ཀག་སྟེ། ཧོབ་སྟེ། གློ་བུར་གྱོ་ཡོང་བ།
ཀང་། གང་། ཀང་ན་གནས་པ།
ཀང་པ། ཁང་པ། གཟིམ་ཁང་ངམ་མིའི་སྡོད་ཁང་།
ཀངྒ། ཀང་ཀ མགོ་བོ་ནག་ལ་རྒྱབ་དཀར་བའི་དུར་བྱ་ཞིག
ཀན། གུང་མཛུབ་ཅེས་ལག་པའི་དཀྱིལ་མཛུབ་ཀྱི་མིང་།
ཀབ། ཁབ། རྒྱལ་པོའི་ཕོ་བྲང་དང་འཚེམ་སྤྱད་ཅིག་གི་མིང་།
ཀབ་ཁ། ཁབ་མགོའམ་ཁབ་རྩེའོ།།
ཀམ་ཅུ།ཀན་ཅུའམ་ཀན་ཚྭ་ལ་ཟེར།
ཀམ་མེ་ཀམ་མེ། སྐམ་མེ་སྐུམ་མེ་ཟེར་བ་ལྟ་བུ།
ཀའ། ཁལ། དུད་འགྲོའི་རྒྱབ་ཏུ་འགེལ་བའི་ཁལ་མའི་མིང་།
ཀའ་བའ། ཀ་བ་སྟེ། ཁང་པའི་ཀ་བའོ།།
ཀར། གཏིང་དང་ཤུགས་དྲག་གི་ཚུལ།
ཀར་ཀར། གཟེར་མིག་སྟེ་ཟུག་རྔུའི་གནད།
ཀར་གྱིས། ཤུགས་དྲག་གི་ཚུལ།
ཀར་གྱིས་ཟུག ཤུགས་དྲག་གི་ན་བ།
ཀར་མ། འཕྲིན་ལས་སམ་ལས་ཀྱི་དོན།
ཀར་རྩེན། ཀར་གྱིས་ཟུག་དང་འདྲའོ།། ཀར་གྱིས་ཟུག
ཀར་འོང་། ཀར་གྱིས་ཟུག་དང་འདྲའོ། ཀར་གྱིས་ཟུག
ཀལ། ཀའ་དང་འདྲའོ། ཀའ།
ཀི་ཀང་། ཁྱབ་འཇུག་བྱ་རོག་མགོ། ས་བདག་ཀི་ཀང་གི་མིང་།
ཀིངྐར། ཕོ་ཉའམ་གཡོག་པོ་དང་། ཉག་པའི་མིང་། ཀིམ་པའི་འབྲས་བུ། ཤིང་ཏོག་གི་ཕྱི་བཟང་ཡང་དུག་ལྡན་པ་ཞིག་སྟེ། ཐོག་མར་དུས་ཞིམ་པར་ལྟར་སྣང་ཡང་ཟོས་རྗེས་དུག་ཕོག་ནས་སྡུག་བསྔལ་མྱོང་བ་ཞིག་ཡིན།
ཀིམ་ཤེང་ཀོང་ཇོ། གྱིམ་ཤིང་ཀོང་ཇོ་དང་འདྲ། འབྲི་ཚུལ་གཞན།
ཀིམས་ཤིང་ཀོང་ཅོ། གྱིམ་ཤིང་ཀོང་ཇོ་དང་འདྲ།
ཀིའུ་ལང་། ཀ་པི་ལ་སྟེ། སེར་སྐྱའམ་ཨ་ག་རུའི་མིང་། ཀའུ་ལང་ངམ་ཀེའུ་ལང་ལའང་བྲི་སྣང་།
ཀུ་ཅོ། དོན་མེད་པའི་སྒྲོག་སྒྲ།
ཀུ་དོག གུ་དོག་གམ་དམ་དོག་པ།
ཀུ་བ་ཆུང་བ། ཤིང་ཏོག་བིལ་བ།
ཀུ་ཡ། དྲི་ཆུའི་སྤྲིས་མའམ་གཅིན་པ་ལ་སྤྲིན་ལྟར་ཆགས་པ་དེའོ།།
ཀུ་ཡང་། བག་ཡང་སྟེ། སེམས་གུ་དོག་མ་ཡིན་པའི་དོན།
ཀུ་ཡངས་དོག གུ་ཡངས་དོག་གུ་ཡངས་པ་དང་གུ་དོག་པ།
ཀུ་རུ་བེན་ནུ། ཞ་ཉེ་དང་རྡོ་ཞིག་གི་མིང་།
ཀུ་རེ། རྩེད་མོ།
ཀུ་ཤ། ངན་སེལ་ལམ་རྩྭ་མཆོག་ཅིག་གི་མིང་དང་མ་ཧེའི་མིང་གཞན།
ཀུ་ཤ་ལི། ཀུ་སཱ་ལི་དང་འདྲའོ། ཀུ་སཱ་ལི།
ཀུ་སཱ་ལི། མ་བཅོས་པ་སོགས་ལ་བཤད་ཀྱང་། དགེ་བ་ཅན་དང་མཁས་པའི་དོན་དུ་གོ།
ཀུག འགུགས་པ་སྟེ། ཚུར་བཀུག་ཟིན་པའི་དོན།
ཀུགས། ཀུགས་པ་དང་འདྲའོ།
ཀུགས་པ། ཁུགས་པ་སྟེ། ཚུར་བཀུག་ཟིན་པའམ་བསྡུས་པར་གོ།
ཀུང་ཀུང་། ཀོང་ཀོང་། ས་ཀོང་ཀོང་ལ་གོ།
ཀུན་དཀྲིས། ཉོན་མོངས་ཞེས་པ་སྟེ་རྩ་བའི་ཉོན་མོངས་དྲུག་དང་ཉེ་བའི་ཉིན་མོངས་ཉི་ཤུ་སོགས་ལ་གོ
ཀུན་དཀྲིས་བརྒྱད། ཉོན་མོངས་པ་བརྒྱད།
ཀུན་དཀྲིས་བཅུ། ཉོན་མོངས་པ་བཅུ།
ཀུན་དགའ་ར་བ་པ། མེ་ཏོག་དང་ཤིང་ཐོག་གི་ར་བ་སོགས་སྲུང་བའི་མི་སྐྱ།
ཀུན་དོང་། བཙོང་ངམ་སྒོག་པ་ལ་ཟེར།
ཀུནད། ཀུན་ཏེ་ཐབས་ཅད་དང་། ཚང་མའམ་སྤྱི་ཡོངས།
ཀུམ་པ། གུམ་པ། ཤི་བའམ་བསད་པ།
ཀེ་ཏ་ཀ ཆུ་རྙོག་དྭངའ་བྱེད་ཀྱི་རྡོ་ནོར་ཞིག་དང་ཤིང་ཀེ་ཏ་ཀའི་འབྲས་བུ། རྀ་ཥྀའི་ཁང་པ་ལ་ཡང་གྲགས།
ཀེ་རུ། ཀ་རུ་དང་འདྲའོ། ཁ་དོག་དཀར་པོ།
ཀེ་སར། གར་སར་ཏེ། མེ་ཏོག་གི་གེ་སར་རམ་ཟེའུ་འབྲུའི་མིང་
ཀེག བར་ཆ་དང་ལོའི་ཀེག་རྩིས།
ཀེང་རུས། རུས་སྒྲོམ་ཞེས་ཤ་མེད་རུས་ཁོག་སྟོང་པར་གོ
ཀེམ་ཤང་ཁོང་ཅོ། གྱིམ་ཤང་ཀོང་ཇོའི་འབྲི་ཚུལ་གཞན་དང་འདྲ།
ཀེའུ། རི་སྒོག་དང་། ཤ་ཅུའི་ཡུལ་ན་གནས་པའི་རིགས་རྒྱུད་ཀྱི་མིང་།
ཀེའུ་འགན་ཚེ། ཧོ་ཐེན་ཡུལ་གྱི་དགོན་པ་ཞིག་གི་མིང་།
ཀེའུ་ཙང་། བྲག་ཕུག་གི་མིང་།
ཀེའུ་ཚང་། ཀེའུ་ཙང་དང་འདྲའོ།
ཀེའུ་ལང་། ཀ་པི་ལ་སྟེ། སེར་སྐྱའམ་ཨ་ག་རུའི་མིང་།
ཀེའུ་ཤ ཧོ་ཐོག་ཡུལ་གྱི་མཆོད་རྟེན་ཅིག་གི་མིང་།
ཀེར་བ། གྱེན་དུ་ལངས་པའམ། འགྲེང་བར་ཟེར།
ཀོ། ནི་སྒྲའི་འཇུག་ཚུལ་དང་འདྲ་བའི་ཕྲད་ཅིག “ནི”འདི་ཀོ
ཀོ་གི་ལ། ཡིད་འཛིན་དང་ཁུ་བྱུག་གི་མིང་།
ཀོ་ཀོ། ཀོས་ཀོ་དང་འདྲའོ། ཀོས་ཀོ།
ཀོ་སྐོ། ཀོས་ཀོ་དང་འདྲའོ། ཀོས་ཀོ།
ཀོ་སྐོ་གྲེ་བ། གྲེ་བ་ནི་ཨོག་མདུད་ཀྱི་མགོར་གནས་པའི་སྒྲའི་སྐྱེ་གནས་པའི་སྒྲའི་སྐྱེ་གནས།
ཀོ་ཅི། ལྷག་བཅས་དེ་ཏེ་སྟེ་གསུམ་འཇུག་ཚུལ་དང་འདྲ་བའི་ཕྲད་ཅིག
ཀོ་ཆེས་པ། གོ་ཆེས་པ་སྟེ་གལ་ཆེས་པ་དང་། གོ་བ་ཐལ་དྲགས་པའི་དོན།
ཀོ་ཇོ། གནའ་དུས་ཀྱི་ས་ཆ་ཞིག་གི་མིང་།
ཀོ་པ། གཅན་གཟན་འཕར་བའི་མིང་།
ཀོ་ལེ། ཚང་མའམ་ཐམས་ཅད་ཀྱི་དོན།
ཀོ་ལོང་། ཕྲག་དོག་གམ་ཀོ་ལོང་གི་ཚིག
ཀོ་ཤི་ཀ ཀོའུ་ཤི་ཀ་སྟེ། མཁས་པ་སོགས་དོན་མང་པོར་འཇུག་པ་དང་བརྒྱ་བྱིན་གྱི་མཚན་ཡང་གོ།
ཀོ་ས་ལ། མཛོད་འཛིན། རིགས་རྒྱུད་ཤིག་ལ་འཇུག
ཀོག་གིས། མྱུར་དུའམ་གློ་བུར་དུ།
ཀོག་གིས་ལང་། ཧར་གྱི་ལང་སྟེ་གློ་བུར་དུ་ལང་བ།
ཀོག་ཙེ། རྒྱ་དང་རྙིའི་སྤྱི་མིང་།
ཀོག་རྩེ། ཀོག་ཙེ་དང་འདྲའོ།།
ཀོག་ཚེ། ཀོག་ཙེ་དང་འདྲའོ།
ཀོང་། ཤ་ཅུ་ཡུལ་གྱི་བློན་པོ་ཞིག་གི་མིང་།
ཀོང་ཅོ། ཀོང་ཇོ་དང་འདྲའོ།
ཀོང་ཅོང་། ཀོང་ཇོ་དང་འདྲའོ།
ཀོང་བཅོ། ཀོང་ཇོ་དང་འདྲའོ།
ཀོང་ཇོ། སྲས་མོ་སྟེ། གིང་མའམ་རྒྱལ་པོའི་སྲས་མོ།
ཀོའུ་ལི། ཁོ་རེ་ཡ། ད་ལྟའི་ཁྲའོ་ཞན་ལ་ཟེར།
ཀོའུ་ཤི་ཀ ཀོ་ཤི་ཀ་དང་འདྲའོ།
ཀོར་ཀོར་པོར། འཁོར་བར་རམ་འཁོར་འཁོར་པོར།
ཀོར་ཙེ། ཀོར་ཚེ་དང་འདྲའོ།
ཀོར་ཚེ།(བ།) ཉི་ཚེའམ་ཕྱོགས་རིས་གོ།
ཀོར་ཤི་པི། ཧོ་ཐེན་ཡུལ་གྱི་དགོན་པ་ཞིག་གི་མིང་།
ཀོལ། ཁོལ་ལམ་གོཞ
ཀོལ་མ། བསྐོལ་མ་ཡི་མིང་།
ཀོས་ཀོ། ཨོག་མ་སྟེ། མ་ནེའམ་ལེ་ལའང།
ཀོས་སྐོ། ཀོས་ཀོ་དང་འདྲའོ།
ཀོས་ཐག ཀོས་ཐག་པ་དང་འདྲའོ།
ཀོས་ཐག་པ། དཀོས་ཐག་པའམ་ཉམ་ཐག་པ།
ཀོས་ཕ་མྱེད། གོས་པ་མེད་པ།
ཀྭ། འབོད་པའི་སྒྲ།
ཀྭ་ཅུ། ཀན་སུའི་གྲོང་རྡལ་ལིག་གི་མིང་།
ཀྱབ། ཁྱབ(པ)
ཀྱམ་ཀྱམ་པ། ཕར་ཚུར་འཆམ་འཆམ་དུ་འགྲོ་བ།
ཀྱམས། ཁྱམས། ཁང་པའི་ཁྱམས་ལ་ཟེར།
ཀྱམས་པ། ལྷག་འཕྲོས།
ཀྱའོ། གྱད་དེ་སྟོབས་ཆེ་བའི་མིང་།
ཀྱལ། ཀྱལ་ཀ་དང་འདྲའོ།
ཀྱལ་ཀ། རྩེད་མོའི་ཚོག་གམ་ཀུ་རེའི་ཚིག རྒོད་གཏམ་ལ་ཡང་འཇུག
ཀྱལ་ཀྱེལ་རེ། ཅུང་ཟད་རེའམ་བྲ་བྲེ་རེ།
ཀྱལ་ག ཀྱལ་ཀ་དང་འདྲའོ།
ཀྱི་བསེར། བསིལ་རླུང་དང་གྲང་ངར་ཆེ་བའི་ལྷགས་པ།
ཀྱིང་བསེར། མགྱོགས་པར་རྒྱུ་བའི་བསེར་བུའོ།།
ཀྱིལ་ལེ་ཉོན། ལེགས་པར་ཉོན།
ཀྱུང་བུ། སྐྱུང་བུའམ་ཐོ་བའི་མིང་།
ཀྱེ་ཀ། སྐྱེ་ཀའི་མིང་།
ཀྱེ་མ་ཀྱེ་ཧུད། ཀྱེ་མ་ཀྱི་ཧུད་དམ་སྨྲེ་སྔགས་ཀྱི་ཚིག
ཀྱེ་ཧུད། ཀྱེ་མ་ཀྱེ་ཧུད་དང་འདྲའོ།
ཀྱེད། ཁྱེད།
ཀྱོ། ལྕགས་ཀྱུའི་མིང་།
ཀྱོ་ཏང་། ཀྱི་དང་འདྲའོ།
ཀྱོ་བ། ཀྱི་དང་འདྲའོ།།
ཀྱོ་པ་ཏང་། ཀྱི་དང་འདྲའོ།།
(མུ་འགོད།)