གནས་ཡུལ། མདུན་ངོས། འགྱུར་ཡིག་སྣ་ཚོགས།
 
 
༄༅།། དབྱིན་ཇི་གསར་བའི་ནད་ཡམས།
སྤེལ་དུས།2014-10-11   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རྡོ་རྗེ་ཚེ་རིང་གིས་བསྒྱུར། རིན་ཆེན་གྱིས་བསྒྲིགས།

        པི་ལེ་ཏན་ཐོག་མ་ཉིད་ནས་ཁ་གཏད་ཡུལ་གྱི་འཇིགས་སྐུལ་སུའུ་ལེན་མིན་ལ། ཉིང་རྡུལ་མཚོན་ཆ་རྒྱ་ཁྱབ་དུ་སོང་བ་ལས་བྱུང་བ་ནི་དེ་བས་ཀྱང་མིན། མ་ཟད་རྒྱལ་ནང་ཞེད་སྣང་འགུལ་སྐྱོད་ལས་བྱུང་བ་དེ་བས་ཀྱང་གང། དེ་དག་ནི་གཞན་མ་ཡིན་པར་འོ་སྐོལ་ཚོའི་བར་སྡོད་ལས་བྱུང།
       
འཇིགས་སྐུལ་འདི་ག་འདྲ་ཞིག་ཡིན་ནམ། དེ་ནི་དབྱིན་ཇི་གསར་བའི་ནད་ཡམས་སྟེ། རང་ཉིད་མེད་བརླགས་གཏོང་བའི་ཐེ་ཚོམ་གྱི་ཁེངས་བའི་མི་རིགས་སྐྱོ་ཤེས་ཅན་གྱི་སེམས་ཁམས་ཉིད། གཅོང་ནད་འདི་དབྱིན་ཇིའི་གྲལ་རིམ་གླེང་ཕྱོགས་བཟོ་མཁན་དག་གི་ཁྱབ་བརྡལ་གྱི་གསོས་པའི་ཉིང་ཁུ་ཡིན་ཕྱིན་ཆད། དེ་དང་དེ་ལྟ་བུའི་མྱི་རིགས་ཀྱི་གང་ཞིག་ང་རང་ཚོའི་གདམས་བྱ་ཉག་གཅིག་ཡིན་པ་ཤེས་ཁུལ་བྱེད། ནད་ཡམས་འདིའི་མངོན་པ་ནི་རང་ཉིད་ཀྱི་རྒྱལ་ཁབ་ཁྱད་གསོད་དང་གཞན་པའི་རྒྱལ་ཁབ་བསྔགས་པ་གཏོང་བ། ང་རང་ཚོའི་འབྲས་བུ་དམའ་གཅོག་རྒྱག་གང་ཐུབ་བྱེད་པ་ལས་གཞན། ཁོ་བོ་ཚོའི་སྒྲུབ་འབྲས་སྨོན་པ་འཆོར་བ། ཉིད་ཀྱི་རྒྱལ་ཁའི་ལམ་ལུགས་ལ་སྣང་ཆུང་། མི་རིགས་གཞན་པའི་ལམ་ལུགས་ལ་བསྟོད་ར་དཔེ་མེད་གཏོང་བ། རྒྱལ་ཡོངས་ཅན་གྱི་མི་སྣ་གཅིག་དང་གཉིས་བྱས་ཏེ་འཕྱ་ལད་དམ་ཁོང་དགོད་བྱེད་རྒྱུ་ཁོ་བོ་དག་གི་དོན་གཉེར་འབའ་ཞིག་ཡིན་པ་འདྲ། སྐྱོ་སྣང་རིང་ལུགས་པ་ཚོས་སྔོན་མེད་དུག་རྒྱུ་ཞིག་ཁྱབ་སྤེལ་བཏང་ཟིན། ཆབ་སྲིད་པ། རྩོམ་པ་པོ། ཆོས་དོན་གཉེར་མཁན། རིག་གནས་པ། དཔྱད་འཇོག་པོ། ད་རུང་གསར་འགྱུར་རྩོམ་སྒྲིག་པ་ཀུན་པོས་ཕྱིར་མཚོན་བྱེད་པ་དབྱིན་ཇི་གསར་བའི་སྐྲན་ནད་ལྟ་བུ་ཤ་སྟག་རེད།
       
ཉིད་ཀྱི་མི་རིགས་ཁྱད་ཆོས་དང་གཅེས་སྐྱོང་འདུ་ཤེས་དབུལ་བའི་རྒྱལ་ཁབ་ཞིག་ལ། དུས་ཡུན་རིང་བོའི་གཏན་འཇགས་དང་སྟོབས་འབྱོར་འཕེལ་མི་ཐུབ་ལ་ཐེ་ཚོམ་གྱི་བཏུམས་པའི་འོ་སྐོལ་དག་གི་ལམ་ལུགས་པར་རུལ་བསླད་སྨན་ཁབ་གཙགས་ནས་ཡོད་རྐྱེན། རྒྱལ་ཁབ་འདི་གའི་དབུགས་རྟ་རྔ་འདྲ་བོ་ནམ་ཞིག་གི་ཚེ་འགགས་པར་གདོན་མི་ཟ།
       
ནོར་འཁྲུལ་དེ་ག་རེ་བྱས་ནས་བྱུང་། དེ་སྔ་འུ་ཚོའི་རྒྱལ་ཁབ་འཐབ་རྩོད་དང་ཆག་སྒོ་དབུས་ན་ལྷོད་ཀྱིས་འགྱིངས་ཤིང་སྟོབས་ཀྱི་འགྲེང་ཐུབ་པའི་འཐབ་འགོག་ནུས་པ་དཔེ་མེད་ཡོད་པའི་མི་གཞིའི་བློ་སྟོབས་ཆར་རྗེས་ཀྱི་ཤ་མོ་ནང་བཞིན་གང་ལ་སོང། ། ཞི་བདེའི་དུས་བབས་ཀྱི་ལྷ་བྱ་འཕུར་ཤུལ་ལུས་ཟུང་གི་སྟོབས་ཉམས་ཐག་པོར་གྱུར་བ་གཞན་སུ། དེང་སྐབས་ང་ཚོའི་ཕམ་པར་བྱས་མྱོང་བའི་རྒྱལ་ཁབ། གྲོགས་དན་གྱི་ཀློང་ནས་ཁེར་ཚུགས་ཀྱི་ལངས་ཡོངས་བ་ཚོ་ང་ཚོ་དང་དཔལ་འབྱོར་གྱི་མདུན་གྲོས་བསྙེགས་ཚོད་ཡིད་མི་འགུལ་བའི་ཚོར་སྣང་བསྩལ་འོངས། གཅིག་བྱས་ན་རེ་ཆད་དེས་ཡོད་ཚད་སྐྱོ་ཤས་སྙིང་རྗེ་རང་མཐོང་རང་གཅོག་འཇོམས་པར་བྱེད་མཁན་རེད་བཤད་ན་རྩོད་མེད་ཡིན་འདྲ།
       
མི་རིགས་འདི་གའི་གུ་ཡངས་དང་སྲོལ་བཟང་ཡག་པོ་དོན་སྟོང་རིང་ལུགས་པར་ཁ་ཕྱོགས་ཟིན། མ་ཟད་དོན་སྟོང་རིང་ལུགས་པས་འདིའི་ཐད་ཤུགས་ཆེ་ཤོས་སམ་ཚོར་སྣང་དཔྱིས་ཕྱིན་པ་བསྟེར་གིན་ཡོད་ལ། སློབ་གསོ་ལམ་ལུགས་ཀྱི་ཁྱབ་ཁོངས་ནས་རྩྭ་འཇོག་ལྡུམ་འབེལ་གྱི་མཛུབ་སྟོན་གནངས་ཀྱིན་ཡོད་པ། སྒྲུབ་འབྲས་འཇལ་བྱེད་ཀྱི་ཚད་མའི་སྤྱན་ཡང་མག་མོག་ཏུ་བཅོས་པར་བྱས།
       
གཞན་མང་པོ་ཞིག་གི་བརྡ་སྤྲོད་སློབ་གྲྭ་འང་མཇུག་སྒྲིལ་པར་བཟོས་སོང། གནད་འགག་གཙོ་བོ་སློབ་གསོའི་ཁྱབ་ཁོངས་སྟེགས་བུ་རྐྱང་རྐྱང་མིན་ཏེ་། དོན་སྟོང་རིང་ལུགས་པས་དབྱིན་ཇི་བས་ལམ་ལུགས་རེ་རེ་ཁོང་དགོད་བྱེད་སྤྱད་ཀྱི་ཁ་གཏད་ཡུལ་དབྱིན་ཇི་གོང་མ་གཅིག་རྐྱང་མ་ཡིན་པར་དབྱི་ཧུའེ་གྲོས་ཚོགས་ལའང་ཆ་འདྲ་བའི་རྒོལ་ལེན་སྤྲོད་པར་བྱེད།
       
ང་ཚོའི་གླེང་ཕྱོགས་བཟོ་མཁན་ཡོད་དོ་ཅོག་ལ་དབྱིན་ཇི་གསར་བའི་རིམས་ནད་འགོས་ཚོད་རུང་། འོན་ཏེ་དབྱིན་ཇི་མི་སེར་ལ་ན་ཚ་དེ་རྨང་ནས་ཕོག་ཡོད་ཚོད་མ་རེད། དབྱིན་ཇི་པ་ཕོན་པོ་ཞིག་གི་དམིགས་བྱ་སྲོལ་རྒྱུན་རྒྱུད་འཛིན་གྱི་རིན་ཐང་ལྟ་ཚུལ་ལ་བགྲོད་རྒྱུ་དེའི་ཞོར་འབུར་ཐོན་གྱི་ཁྱད་ཆོས་ལ་ཤ་ཚ་ཆེ་བ་། ཉིད་ཀྱི་རྒྱལ་ཁབ་སླད་དུ་རང་སྤོབས་ཀྱི་མེ་ཚྭ་་ལྷོག་ལྷོག་འཕྱུར་། འོན་ཏེ། བགོ་སྐབས་འདིར་བསྟུན་མི་བུ་ཡ་མ་ཟུང་ཁྱུ་འགས་སྐྱོ་ཤས་རིང་ལུགས་དང་དོགས་འཆར་སྨྲ་བ་སོགས་ཀྱི་སྒྲོག་གཏམ་སྤེལ་རྐྱེན་ཡིད་ཆས་དང་རེ་སྙེགས་ཀྱི་རྩ་བ་རྨང་ནས་བཅོམས་སོང།
       
གལ་ཏེ་སྐྱོ་ཤས་དང་ཐེ་ཚོམ་གྱི་རྒྱགས་བྲོ་སྣ་གཅིག་པུ་སྤྱི་ཚོགས་གསར་བའི་བདག་དབང་གི་སྒྲིག་གཞི་གྱུར་ཚེ་དུས་རབས་ཀྱི་ང་ཚོས་ངེས་པ་དོན་གྱི་གནས་བབ་འདི་བསྒྱུར་འོས་པ་ཕུད་བརྣག་ཐོག་ཁབ་གཙགས་ཀྱི་ལས་ལ་ཧུར་ཐག་གི་གཞོལ་རྒྱུ་ཁ་ཚ་དགོས་གཏུགས་ཏུ་གྱུར་ཡོད་།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005