གནས་ཡུལ། མདུན་ངོས། སྐྱེས་རབས།
 
 
༄༅།།བྱང་ཆུབ་སེམས་དཔའི་རྟོགས་བརྗོད་ཀྱི་སྐོར།
སྤེལ་དུས།2007-12-16   ཡོང་ཁུངས་།   རྩོམ་པ་པོ། རྒྱལ་པོ་དགེ་པའི་དབང་པོས་མཛད། ཤོང་སྟོང་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་བསྒྱུར།

                                    དཀར་ཆག

ཡལ་འདབ་དང་པོ།     རབ་གསལ་གྱི་རྟོགས་པ་བརྗོད་པ།…………()

ཡལ་འདབ་གཉིས་པ།   དཔལ་གྱི་སྡེའི་རྟོགས་པ་བརྗོད་པ།…………()

ཡལ་འདབ་གསུམ་པ།   གཙུག་ན་ནོར་བུའི་རྟོགས་པ་བརྗོད་པ།………(༡༣)

ཡལ་འདབ་བཞི་པ།     ང་ལས་ནུའི་རྟོགས་པ་བརྗོད་པ།…………(༢༤)

ཡལ་འདབ་ལྔ་པ།        ཟླ་བའི་འོད་ཀྱི་རྟོགས་པ་བརྗོད་པ།…………(༣༡)

ཡལ་འདབ་དྲུག་པ།     བ་ད་རའི་གླིང་དུ་འགྲོ་བའི་རྟོགས་པ་བརྗོད་པ།…………(༣༦)

ཡལ་འདབ་བདུན་པ།   མུ་ཏིག་འཁྲི་ཤིང་གི་རྟོགས་པ་བརྗོད་པ།…………(༤༧)

ཡལ་འདབ་བརྒྱད་པ།    དཔལ་སྤས་ཀྱི་རྟོགས་པ་བརྗོད་པ།…………(༥༣)

ཡལ་འདབ་དགུ་པ།      མེ་སྐྱེས་ཀྱི་རྟོགས་པ་བརྗོད་པ།…………(༥༨)

ཡལ་འདབ་བཅུ་པ།      མངལ་ལས་འབྱུང་བ་བསྟན་པའི་རྟོགས་པ་བརྗོད་པ།…………(༦༤)

ཡལ་འདབ་བཅུ་གཅིག་པ།   མཛེས་དགའ་བོའི་རྟོགས་པ་བརྗོད་པ།…………(༦༧)

ཡལ་འདབ་བཅུ་གཉིས་པ། འཕགས་སྐྱེས་པོའི་རྟོགས་པ་བརྗོད་པ།…………(༧༦)

ཡལ་འདབ་བཅུ་གསུམ་པ། འཕྲོག་མའི་རྟོགས་པ་བརྗོད་པ།…………(༨༥)

ཡལ་འདབ་བཅུ་བཞི་པ། ཆོ་འཕྲུལ་གྱི་རྟོགས་པ་བརྗོད་པ།…………(༨༩)

ཡལ་འདབ་བཅོ་ལྔ་པ། ལྷ་ལས་བབས་པའི་རྟོགས་པ་བརྗོད་པ།…………(༩༤)

ཡལ་འདབ་བཅུ་དྲུག་པ། བྲག་ངེས་པར་འཕངས་པའི་རྟོགས་པ་བརྗོད་པ།…………(༡༠༢)

ཡལ་འདབ་བཅུ་བདུན་པ། བྱམས་པ་ལུང་བསྟན་པའི་རྟོགས་པ་བརྗོད།…………(༡༠༤)

ཡལ་འདབ་བཅོ་བརྒྱད་པ། མེ་ལོང་གི་བཞིན་གྱི་རྟོགས་པ་བརྗོད་པ།…………(༡༠༦)

ཡལ་འདབ་བཅུ་དགུ་པ། ཤཱ་རིའི་བུ་རབ་ཏུ་བྱུང་པའི་རྟོགས་པ་བརྗོད་པ།…………(༡༠༩)

ཡལ་འདབ་ཉི་ཤུ་པ། གྲོ་བཞིན་བྱེ་བ་རྣའི་རྟོགས་པ་བརྗོད་པ།…………(༡༡༡)

ཡལ་འདབ་ཉི་ཤུ་རྩ་གཅིག་པ། ཨ་མྲ་སྐྱོང་མའི་རྟོགས་པ་བརྗོད་པ།…………(༡༡༩)

ཡལ་འདབ་ཉི་ཤུ་རྩ་གཉིས་པ། རྒྱལ་བྱེད་ཀྱི་ཚལ་ཡོངས་སུ་བཟུང་བའི་རྟོགས་པ་བརྗོད་པ།…………(༡༢༥)

ཡལ་འདབ་ཉི་ཤུ་རྩ་གསུམ་པ། ཡབ་དང་སྲས་མཇལ་བའི་རྟོགས་པ་བརྗོད་པ།…………(༡༣༠)

ཡལ་འདབ་ཉི་ཤུ་རྩ་བཞི་པ། ཐམས་ཅད་སྒྲོལ་གྱི་རྟོགས་པ་བརྗོད་པ།…………(༡༣༧)

ཡལ་འདབ་ཉི་ཤུ་རྩ་ལྔ་པ། མངོན་པར་འབྱུང་བའི་རྟོགས་པ་བརྗོད་པ།…………(༡༤༡)

ཡལ་འདབ་ཉི་ཤུ་རྩ་དྲུག་པ། བདུད་བཅོམ་པའི་རྟོགས་པ་བརྗོད་པ།…………(༡༥༡)

ཡལ་འདབ་ཉི་ཤུ་རྩ་བདུན་པ། ཤཱཀྱ་བྱུང་བའི་རྟོགས་པ་བརྗོད་པ།…………(༡༥༦)

ཡལ་འདབ་ཉི་ཤུ་རྩ་བརྒྱད་པ། གྲོ་བཞིན་བྱེ་བ་ཉི་ཤུ་པའི་རྟོགས་པ་བརྗོད་པ།…………(༡༥༨)

ཡལ་འདབ་ཉི་ཤུ་རྩ་དགུ་པ། ནོར་སྐྱོང་གི་རྟོགས་པ་བརྗོད་པ།…………(༡༦༢)

ཡལ་འདབ་སུམ་ཅུ་པ། ཀཱ་ཤིའི་མཛེས་པའི་རྟོགས་པ་བརྗོད་པ།…………(༡༦༦)

ཡལ་འདབ་སུམ་ཅུ་སོ་གཅིག་པ། གསེར་གྱི་ལོགས་ཀྱི་རྟོགས་པ་བརྗོད་པ།…………(༡༧༡)

ཡལ་འདབ་སུམ་ཅུ་སོ་གཉིས་པ། དགེ་བྱེད་ཀྱི་རྟོགས་པ་བརྗོད་པ།…………(༡༧༤)

ཡལ་འདབ་སུམ་ཅུ་སོ་གསུམ་པ། ཁྱད་པར་ལོ་མའི་རྟོགས་པ་བརྗོད་པ།…………(༡༧༨)

ཡལ་འདབ་སུམ་ཅུ་སོ་བཞི་པ། དགའ་བོ་ཉེ་དགའི་རྟོགས་པ་བརྗོད་པ།…………(༡༨༡)

ཡལ་འདབ་སུམ་ཅུ་སོ་ལྔ་པ། ཁྱིམ་བདག་ལེགས་སྦྱིན་གྱི་རྟོགས་པ་བརྗོད་པ།…………(༡༨༣)

ཡལ་འདབ་སུམ་ཅུ་སོ་དྲུག་པ། གདངས་ཅན་གྱི་རྟོགས་པ་བརྗོད་པ།…………(༡༨༥)

ཡལ་འདབ་སུམ་ཅུ་སོ་བདུན་པ། གང་པོའི་རྟོགས་པ་བརྗོད་པ།…………(༡༨༩)

ཡལ་འདབ་སུམ་ཅུ་སོ་བརྒྱད་པ། ལྐུགས་པ་འཕྱེ་བའི་རྟོགས་པ་བརྗོད་པ།…………(༡༩༤)

ཡལ་འདབ་སུམ་ཅུ་སོ་དགུ་པ། བཟོད་པ་ལ་དགའ་བའི་རྟོགས་པ་བརྗོད་པ།…………(༡༩༩)

ཡལ་འདབ་བཞི་ཅུ་པ། སེར་སྐྱའི་རྟོགས་པ་བརྗོད་པ།…………(༢༠༡)

ཡལ་འདབ་བཞི་ཅུ་རྩ་གཅིག་པ། ཨུ་དྲཱ་ཡ་ནའི་རྟོགས་པ་བརྗོད་པ།…………(༢༠༧)

ཡལ་འདབ་བཞི་ཅུ་རྩ་གཉིས་པ། མཁས་ཁའི་རྟོགས་པ་བརྗོད་པ།…………(༢༡༨)

ཡལ་འདབ་བཞི་ཅུ་རྩ་གསུམ་པ། གསེར་མདོག་གི་རྟོགས་པ་བརྗོད་པ།…………(༢༢༤)

ཡལ་འདབ་བཞི་ཅུ་རྩ་བཞི་པ། གསེར་གྱི་ལག་པའི་རྟོགས་པ་བརྗོད་པ།…………(༢༢༦)

ཡལ་འདབ་བཞི་ཅུ་རྩ་ལྔ་པ། མ་སྐྱེས་དགྲས་ཕ་བསད་པའི་རྟོགས་པ་བརྗོད་པ།…………(༢༢༨)

ཡལ་འདབ་བཞི་ཅུ་རྩ་དྲུག་པ། བྱས་ཤེས་ཀྱི་རྟོགས་པ་བརྗོད་པ།…………(༢༣༢)

ཡལ་འདབ་བཞི་ཅུ་རྩ་བདུན་པ། སཱ་ལའི་སྡོང་བུའི་རྟོགས་པ་བརྗོད་པ།…………(༢༣༥)

ཡལ་འདབ་བཞི་ཅུ་རྩ་བརྒྱད་པ། དོན་ཀུན་གྲུབ་པའི་རྟོགས་པ་བརྗོད་པ།…………(༢༣༨)

ཡལ་འདབ་བཞི་ཅུ་རྩ་དགུ་པ། གླང་པོ་ཅན་གྱི་རྟོགས་པ་བརྗོད་པ།…………(༢༤༢)

ཡལ་འདབ་ལྔ་བཅུ་པ། ལས་བཅུ་སྤྱད་པའི་རྟོགས་པ་བརྗོད་པ།…………(༢༤༨)

ཡལ་འདབ་ལྔ་བཅུ་རྩ་གཅིག་པ། གསེར་ལྡན་གྱི་རྟོགས་པ་བརྗོད་པ།…………(༢༥༦)

ཡལ་འདབ་ལྔ་བཅུ་རྩ་གཉིས་པ། བསོད་ནམས་མི་དམན་པའི་རྟོགས་པ་བརྗོད་པ།…………(༢༦༠)

ཡལ་འདབ་ལྔ་བཅུ་རྩ་གསུམ་པ། ལེགས་བཤད་འཚོལ་བའི་རྟོགས་པ་བརྗོད་པ།…………(༢༦༥)

ཡལ་འདབ་ལྔ་བཅུ་རྩ་བཞི་པ། སེམས་ཅན་སྨན་ཞེས་བྱ་བའི་རྟོགས་པ་བརྗོད་པ།…………(༢༧༠)

ཡལ་འདབ་ལྔ་བཅུ་རྩ་ལྔ་པ། ཐམས་ཅད་སྟེར་བའི་རྟོགས་པ་བརྗོད་པ།…………(༢༧༢)

ཡལ་འདབ་ལྔ་བཅུ་རྩ་དྲུག་པ། ཀླུ་བ་ལང་སྐྱོང་བཏུལ་བའི་རྟོགས་པ་བརྗོད་པ།…………(༢༧༦)

ཡལ་འདབ་ལྔ་བཅུ་རྩ་བདུན་པ། མཆོད་རྟེན་གྱི་རྟོགས་པ་བརྗོད་པ།…………(༢༧༨)

ཡལ་འདབ་ལྔ་བཅུ་རྩ་བརྒྱད་པ། བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ།…………(༢༨༠)

ཡལ་འདབ་ལྔ་བཅུ་རྩ་དགུ་པ། ཀུ་ལཱ་ལའི་རྟོགས་པ་བརྗོད་པ།…………(༢༨༢)

ཡལ་འདབ་དྲུག་ཅུ་པ། ཀླུ་གཞོན་ནུའི་རྟོགས་པ་བརྗོད་པ།…………(༢༩༥)

ཡལ་འདབ་དྲུག་ཅུ་རྩ་གཅིག་པ། ཞིང་པའི་རྟོགས་པ་བརྗོད་པ།…………(༢༩༧)

ཡལ་འདབ་དྲུག་ཅུ་རྩ་གཉིས་པ། གྲགས་སྦྱིན་གྱི་རྟོགས་པ་བརྗོད་པ།…………(༢༩༩)

ཡལ་འདབ་དྲུག་ཅུ་རྩ་གསུམ་པ། འོད་སྲུངས་ཆེན་པོའི་རྟོགས་པ་བརྗོད་པ།…………(༣༠༥)

ཡལ་འདབ་དྲུག་ཅུ་རྩ་བཞི་པ། ནོར་བཟང་གི་རྟོགས་པ་བརྗོད་པ།…………(༣༠༩)

ཡལ་འདབ་དྲུག་ཅུ་རྩ་ལྔ་པ། རྭ་གཅིག་པའི་རྟོགས་པ་བརྗོད་པ།…………(༣༢༨)

ཡལ་འདབ་དྲུག་ཅུ་རྩ་དྲུག་པ། གཞོན་ནུ་སྙན་དངགས་མཁན་གྱི་རྟོགས་པ་བརྗོད་པ།………(༣༣༤)

ཡལ་འདབ་དྲུག་ཅུ་རྩ་བདུན་པ། དགེ་འདུན་སྲུངས་གྱི་རྟོགས་པ་བརྗོད་པ།…………(༣༤༠)

ཡལ་འདབ་དྲུག་ཅུ་རྩ་བརྒྱད་པ། པདྨ་ལྡན་གྱི་རྟོགས་པ་བརྗོད་པ།…………(༣༤༥)

ཡལ་འདབ་དྲུག་ཅུ་རྩ་དགུ་པ། ཆོས་ཀྱི་རྒྱལ་པོ་རབ་གནས་ཀྱི་རྟོགས་པ་བརྗོད་པ།…………(༣༥༢)

ཡལ་འདབ་བདུན་ཅུ་པ། ཉི་མ་གུང་པའི་རྟོགས་པ་བརྗོད་པ།…………(༣༥༤)

ཡལ་འདབ་བདུན་ཅུ་རྩ་གཅིག་པ། ཤཱ་ནའི་གོས་ཅན་གྱི་རྟོགས་པ་བརྗོད་པ།…………(༣༥༥)

ཡལ་འདབ་བདུན་ཅུ་རྩ་གཉིས་པ། ཉེར་སྦས་ཀྱི་རྟོགས་པ་བརྗོད་པ།…………(༣༥༧)

ཡལ་འདབ་བདུན་ཅུ་རྩ་གསུམ་པ། ཀླུ་ལ་སྤྲིངས་པའི་རྟོགས་པ་བརྗོད་པ།…………(༣༦༢)

ཡལ་འདབ་བདུན་ཅུ་རྩ་བཞི་པ། ས་གཞི་ཕུལ་བའི་རྟོགས་པ་བརྗོད་པ།…………(༣༦༤)

ཡལ་འདབ་བདུན་ཅུ་རྩ་ལྔ་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་རྟོགས་པ་བརྗོད་པ།…………(༣༦༥)

ཡལ་འདབ་བདུན་ཅུ་རྩ་དྲུག་པ། བི་དུ་རའི་རྟོགས་པ་བརྗོད་པ།…………(༣༦༦)

ཡལ་འདབ་བདུན་ཅུ་རྩ་བདུན་པ། ཀེེ་ནི་ཡ་ཀའི་རྟོགས་པ་བརྗོད་པ།…………(༣༦༨)

ཡལ་འདབ་བདུན་ཅུ་རྩ་བརྒྱད་པ། བརྒྱ་བྱིན་ལྟུང་བའི་རྟོགས་པ་བརྗོད་པ།…………(༣༧༠)

ཡལ་འདབ་བདུན་ཅུ་རྩ་དགུ་པ། དབང་ཆེན་སྡེའི་རྟོགས་པ་བརྗོད་པ།…………(༣༧༢)

ཡལ་འདབ་བརྒྱད་ཅུ་པ། རབ་བཟང་གི་རྟོགས་པ་བརྗོད་པ།…………(༣༧༦)

ཡལ་འདབ་བརྒྱད་ཅུ་རྩ་གཅིག་པ། རྒྱུའི་མཆོག་གི་རྟོགས་པ་བརྗོད་པ།…………(༣༨༢)

ཡལ་འདབ་བརྒྱད་ཅུ་རྩ་གཉིས་པ། དམྱལ་བ་སྔོན་ལྡན་གྱི་རྟོགས་པ་བརྗོད་པ།…………(༣༨༤)

ཡལ་འདབ་བརྒྱད་ཅུ་རྩ་གསུམ་པ། སྒྲ་གཅན་གཟན་གྱི་རྟོགས་པ་བརྗོད་པ།…………(༣༨༧)

ཡལ་འདབ་བརྒྱད་ཅུ་རྩ་བཞི་པ། སྦྲང་རྩིའི་དབྱངས་ཀྱི་རྟོགས་པ་བརྗོད་པ།…………(༣༩༠)

ཡལ་འདབ་བརྒྱད་ཅུ་རྩ་ལྔ་པ། ཕན་པ་འཚོལ་བའི་རྟོགས་པ་བརྗོད་པ།…………(༣༩༤)

ཡལ་འདབ་བརྒྱད་ཅུ་རྩ་དྲུག་པ། བ་མེན་གྱི་རྟོགས་པ་བརྗོད་པ།…………(༣༩༧)

ཡལ་འདབ་བརྒྱད་ཅུ་རྩ་བདུན་པ། པདྨ་ཅན་གྱི་རྟོགས་པ་བརྗོད་པ།…………(༣༩༩)

ཡལ་འདབ་བརྒྱད་ཅུ་རྩ་བརྒྱད་པ། ནག་པ་གླང་པོའི་སྟན་གྱི་རྟོགས་པ་བརྗོད་པ། …………(༤༠༢)

ཡལ་འདབ་བརྒྱད་ཅུ་རྩ་དགུ་པ། ཆོས་སྲེད་ཀྱི་རྟོགས་པ་བརྗོད་པ།…………(༤༠༧)

ཡལ་འདབ་དགུ་བཅུ་པ། ནོར་ཅན་གྱི་རྟོགས་པ་བརྗོད་པ།…………(༤༡༨)

ཡལ་འདབ་དགུ་བཅུ་རྩ་གཅིག་པ། ཤི་བིའི་ལེགས་བཤད་ཀྱི་རྟོགས་པ་བརྗོད་པ།…………(༤༢༠)

ཡལ་འདབ་དགུ་བཅུ་རྩ་གཉིས་པ། མཛའ་བོའི་བུ་མོའི་རྟོགས་པ་བརྗོད་པ།…………(༤༢༣)

ཡལ་འདབ་དགུ་བཅུ་རྩ་གསུམ་པ། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ།…………(༤༢༧)

ཡལ་འདབ་དགུ་བཅུ་རྩ་བཞི་པ། གྲགས་པའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ།…………(༤༣༤)

ཡལ་འདབ་དགུ་བཅུ་རྩ་ལྔ་པ། སྟག་མོའི་རྟོགས་པ་བརྗོད་པ།…………(༤༣༦)

ཡལ་འདབ་དགུ་བཅུ་རྩ་དྲུག་པ། གླང་པོའི་རྟོགས་པ་བརྗོད་པ།…………(༤༣༨)

ཡལ་འདབ་དགུ་བཅུ་རྩ་བདུན་པ། རུས་སྦལ་གྱི་རྟོགས་པ་བརྗོད་པ།…………(༤༤༠)

ཡལ་འདབ་དགུ་བཅུ་རྩ་བརྒྱད་པ། དཀའ་ཐུབ་པའི་རྟོགས་པ་བརྗོད་པ།…………(༤༤༢)

ཡལ་འདབ་དགུ་བཅུ་རྩ་དགུ་པ། པདྨ་ཅན་གྱི་རྟོགས་པ་བརྗོད་པ།…………(༤༤༤)

ཡལ་འདབ་བརྒྱ་ཐམ་པ། བསོད་ནམས་རབ་གསལ་གྱི་རྟོགས་པ་བརྗོད་པ།…………(༤༤༥)

ཡལ་འདབ་བརྒྱ་རྩ་གཅིག་པ། སྔོ་བསངས་ཅན་གྱི་རྟོགས་པ་བརྗོད་པ།…………(༤༤༧)

ཡལ་འདབ་བརྒྱ་རྩ་གཉིས་པ། སེང་གེའུ་རྟོགས་པ་བརྗོད་པ།…………(༤༥༠)

ཡལ་འདབ་བརྒྱ་རྩ་གསུམ་པ། དགའ་བའི་གོང་བུའི་རྟོགས་པ་བརྗོད་པ།…………(༤༥༢)

ཡལ་འདབ་བརྒྱ་རྩ་བཞི་པ། རི་བོང་གི་རྟོགས་པ་བརྗོད་པ།…………(༤༥༤)

ཡལ་འདབ་བརྒྱ་རྩ་ལྔ་པ། རེེ་བ་ཏའི་རྟོགས་པ་བརྗོད་པ།…………(༤༥༦)

ཡལ་འདབ་བརྒྱ་རྩ་དྲུག་པ། གསེར་གྱི་གོ་ཆའི་རྟོགས་པ་བརྗོད་པ།…………(༤༥༩)

ཡལ་འདབ་བརྒྱ་རྩ་བདུན་པ། ཟས་གཙང་མའི་རྟོགས་པ་བརྗོད་པ།…………(༤༦༡)

ཡལ་འདབ་བརྒྱ་རྩ་བརྒྱད་པ། སྤྲིན་གྱི་བཞོན་པའི་རྟོགས་པ་བརྗོད་པ།…………(༤༦༣)

              དཔར་བྱང་དང་བཅས་པ་བཞུགས་སོ། །…………(༤༧༧)

 

       ༄༅།   །རྒྱ་གར་སྐད་དུ། བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤཱ་ལ་ཏཱ། ན་མཿརྦྦ་ཛྙཱ་ཡ། །

        ༄༅། །བོད་སྐད་དུ། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།

          ༈གང་ཐུགས་དྲི་བྲལ་ཤེལ་ལ་ཆགས་མཚོན་འཛིན་པ་མིན་པ་ཉིད། །གང་གིས་ཁྲོ་བ་མེད་ལ་རང་གིས་འཁོར་བའི་དགྲཀླེམངོན་བཅོམ། །ཀུན་མཁྱེན་དེ་ཡིས་ཁྱེད་ལ་དགེ་ལེགས་གཡོ་བ་མེད་གྱུར་ཅིག །དམ་པའི་གྲིབ་བསིལ་དང་ལྡན་བརྟན་པའི་ཆོས་ཀྱི་རྩ་བས་བསྐོར་ཅིང་བསོད་ནམས་ར་བར་གནས། །བློ་དང་རིག་པ་སྙིང་རྗེ་ལ་སོགས་ཆུ་ཡིས་རྣམ་མཛེས་རྣམ་པར་རྒྱས་པའི་ཡལ་ག་ཅན། །ཆོག་ཤེས་དྲི་མེད་ཡལ་འདབ་གྲགས་སྙན་དཀར་བའི་མེ་ཏོག་རྟག་ཏུ་དམ་པའི་འབྲས་བུ་ནི། །བསམ་ཀུན་ཡོངས་སུ་རྫོགས་པར་མཛད་པ་དཔལ་ལྡན་སངས་རྒྱས་ལྗོན་པ་རྣམ་པར་རྒྱལ་གྱུར་ཅིག །འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་བ་གདོན་པའི་བློ་གྲོས་ནི། །མཐུ་ཆེན་རྣམས་ལས་འབྱུང་འགྱུར་ཏེ། །དེ་ཡང་འདི་སྐད་རྗེས་སུ་ཐོས། །གསེར་གྱི་བ་གམ་གཞལ་ཡས་ཁང་། །ཁང་པས་བསྐོར་བའི་གྲོང་ཁྱེར་ནི། །འོད་ལྡན་ཞེས་བྱ་བསོད་ནམས་ལས། །འོད་ལྡན་མཐོ་རིས་ལྟ་བུ་ཡོད། །ལེགས་པ་རྣམས་ཀྱིས་ལེགས་བྱས་པའི། །རིག་འཛིན་དང་ལྡན་གྲུབ་པ་དང་། །དྲི་ཟའི་ཚོགས་ཀྱིས་རབ་ཏུ་བསྟེན། །བརྒྱ་བྱིན་གྲོང་ཁྱེར་སར་གཤེགས་འདྲ། །ཆོས་ཀྱི་རྒྱལ་པོའི་ཕོ་བྲང་བཞིན། །བསོད་ནམས་ཁང་པ་བསྔགས་འོས་ཤིང་། བདེན་དང་བརྟུལ་ཞུགས་སྦྱིན་པ་དང་། །བརྩེ་བའི་རང་བཞིན་གྱིས་རྟག་བསྟེན། །གཟི་བརྗིད་ལ་བརྟེན་ལྷ་རྣམས་ཀྱིས། །གང་གི་གྲགས་པ་མངོན་མཆོད་པ། །རབ་གསལ་ཞེས་བྱའི་ས་བདག་དེ། །དེར་ནི་ས་ཡི་ཐིག་ལེར་གྱུར། །གང་གི་གྲགས་པའི་མེ་ཏོག་གི། །དོག་པ་ཡོན་ཏན་དྲི་བཟང་ཚོགས། །ཕྱོགས་ཀུན་རི་དྭགས་མིག་ཅན་གྱི། །རྣ་བ་ཡི་ནི་རྒྱན་དུ་གྱུར། །ཐབས་ཤེས་ལྡན་པ་གང་གི་བཀའ། །ས་སྐྱོང་མགོ་ཡི་ཚོགས་རྣམས་ལ། །གསེར་གྱི་མེ་ཏོག་དྲི་མེད་ཀྱི། །འཕྲེང་བ་བཞིན་དུ་རབ་ཏུ་བགྱིད།   །ནམ་ཞིག་ས་ཡི་དབང་ཕྱུག་དེ། །མདུན་སར་བཞུགས་ལ་གླང་པོ་ཡི། །ནགས་ཀྱི་བདག་པོ་མངོན་ཕྱོགས་ཏེ། །པུས་མོ་ས་ལ་བཙུགས་ནས་སྨྲས། །རྨད་དུ་བྱུང་བ་བདག་གིས་བཟུང་། །སྐབས་གསུམ་པར་འོས་སོ་གཉིས་འདི། །སྒོ་ན་གནས་སོ་རབ་ཏུ་གཟིགས། །གང་ཕྱིར་ཇོ་བོས་གཟིགས་གྱུར་ན། །གཡོག་འཁོར་ཡོངས་ངལ་འབྲལ་དང་བཅས། །དེ་དག་ཐོས་ནས་མི་བདག་ནི། །བློན་ལ་ཡང་དག་བགྲོས་ནས་སོང་། །སྒོར་ནི་སོ་གཉིས་ཀེེ་ལ་ཤ། །གཡོ་བ་ལྟ་བུ་མཐོང་གྱུར་ཏེ། །རབ་ལྷག་དྲི་བཟང་གིས་བོས་པ། །བུང་བ་འགྲམ་པའི་རྔ་རྣམས་ཀྱིས། །སྒེག་པའི་རྒྱན་ནི་ཡིད་འོང་བ། །དཔྱིད་ཀ་བཞིན་དུ་རབ་ཏུ་བསྟེན། །འབིགས་བྱེད་ཀྱི་ནི་ཆུ་ཤིང་དང་། །ཤ་ལ་ཀི་ཡི་ནགས་ཀྱི་དཔལ། །དྲན་ལས་མིག་ནི་ཟུམ་གྱུར་ཅིང་། །སོ་ཡི་བར་དུ་ལག་པ་བརྐྱངས། །འདབ་མ་བདུན་པའི་དྲིས་རྒྱས་ཤིང་། །ཨ་གསྟྱཱ་ཡིས་བསྟན་པ་ལས། །འབིགས་བྱེད་མི་གཡོ་ས་ལ་ནི། །གླང་པོའི་རྒྱལ་པོར་གྱུར་ལྟར་མཐོ། །སོ་ཡི་ཀ་བས་རབ་བརྒྱན་ཅིང་། །དཔལ་འབྱོར་རྣམ་པར་རྩེ་བའི་གནས། །དེ་ནི་རྣམ་གཟིགས་ས་ཡི་བདག ཡ་མཚན་གྱུར་ནས་འདི་ལྟར་བསམས། །ཨེ་མ་གསར་པ་གསར་པར་ནི། །རབ་གྱུར་ངོ་མཚར་སྤྲུལ་བྱེད་པ། །བསྔགས་འོས་ལས་རྣམས་འཁོར་བར་ནི། །སྤྲོས་པའི་རྒྱུན་དག་ཆད་པ་མེད། །བདུད་རྩིའི་ཆུ་གཏེར་མ་བསྲུབས་ཤིང་། །ནོར་རྒྱས་ཐང་ཡང་མ་བཅད་ལ། །རི་བོ་བསྒྲིལ་བ་མེད་པ་ནི། །གླང་པོ་འདི་ནི་སུ་ཡིས་བསྐྲུན། །དེ་ནས་གླང་ཆེན་ཁ་ལོ་པ། །ཀུན་ཏུ་བགྲོད་ཅེས་བཀའ་གཉན་ལ། །གླང་ཆེན་འདི་ནི་ཐུལ་ཅིག་ཅེས། །ས་ཡི་བདག་པོས་ཀུན་ཏུ་བསྟན། །དེ་གདམས་ས་སྐྱོང་ནང་གི་ནི། །གྲོང་གི་ཁང་པར་གཤེགས་པར་གྱུར།   །བསླབ་པ་ཀུན་གྱི་ཁུར་བཟོད་པའི། །གླང་ཆེན་ཀུན་ཏུ་བགྲོད་ཀྱིས་བཟུང་། །དེ་ཡི་སློབ་མ་དམ་པ་བཞིན། །སྐྱེ་བ་སྔར་གོམས་དབང་གྱུར་པ། །ཤེས་རབ་ལྡན་དེས་འབད་མེད་དུ། །བསླབ་པ་ཀུན་གྱིས་རྣམ་དུལ་ཐོབ། །སྦྱིན་མང་གདུང་བ་མེད་པ་དང་། །སྟོབས་དང་སྤྲོ་ལྡན་བཟོད་པར་ལྡན། །དགྲ་འཇོམས་ལེགས་པར་འགྲོ་བ་དེ།   །རྒྱལ་པོ་ཉིད་དང་མཚུངས་པར་གྱུར། །དེ་ནས་གླང་པོའི་དབང་པོ་དེ། །གདུལ་བའི་བྱ་བ་མཐར་ཕྱིན་ནས། །བྱ་བ་བྱས་པའི་ཀུན་བགྲོད་ཀྱིས།   །མི་དབང་ལ་ནི་སྦྲན་པར་གྱུར།   །རྣམ་འགྱུར་མེད་པའི་སྟོབས་རྒྱས་པ། །ལྕགས་ཀྱུའི་དབང་གྱུར་དེ་མཐོང་ནས། །སྤྲོ་བ་ཡི་ནི་རྩེར་ཞུགས་པ། །རྒྱལ་པོའི་དཔལ་དུ་རྒྱལ་པོས་བསམས། །དེ་ནས་རབ་དགའ་ཡང་དག་སྐྱེས། །མཁས་པར་བསླབས་པ་བལྟ་ཕྱིར་དེ། །འོད་སྟོང་ཤར་གྱི་རི་ལ་བཞིན། །དེ་ལ་སྤྲོ་བ་ཆེན་པོས་ཞོན། །དེ་ནས་གླང་པོའི་དབང་པོ་དེའི། །དཀྱིལ་འཁོར་ཀུན་ཏུ་ཡང་དག་རྒྱུ། །མཁས་པ་བློན་བཞིན་དབང་སྒྱུར་བ། །ཀུན་ཏུ་བགྲོད་ཀྱིས་ཡང་དག་བརྟན། །རྒྱལ་པོ་རང་གི་སྤྲོ་བ་བཞིན། །གླང་པོ་བལྟ་བའི་ཞར་ལ་ནི། །རྔོན་ལ་རྩེ་ཞིང་དགའ་ལྡན་པས། །ཆེ་བའི་ནགས་སུ་འཁྱམས་པར་གྱུར། །རིན་ཅེན་དཔུང་རྒྱན་འོད་ཟེར་ནི། །རིང་དུ་འཕྲོ་དེ་ཤལླ་ཀའི། །ལོ་འདབ་མཆོག་གི་ཕྱོགས་ཀྱི་ནི། །གླང་རྣམས་འབོད་པ་ལྟ་བུར་སོང་། །ནགས་སུ་དེ་ནི་འགྲོ་བ་དག རབ་དགའ་ཡ་མཚན་ཀུན་རྒྱས་ཤིང་། །མིག་ནི་རྣ་བར་རྫོགས་བྱས་པ། །ནགས་ཀྱི་ལྷ་ཡིས་མཐོང་བར་གྱུར། །ནོར་འཛིན་གྱི་བདག་དབང་པོ་དེ། །ཤ་བ་རི་ཡི་སྐྲ་ཚོགས་ཀྱིས། །མེ་ཏོག་དྲི་བཟང་རྫོགས་པའི་རྒྱུས། །འབིགས་བྱེད་རླུང་གིས་བསྟེན་པར་གྱུར། །དེ་ནས་འབིགས་བྱེད་ཉེ་བ་ནི། །རང་དབང་བདེ་བའི་འདབ་ལྡན་པར། །རྩེ་དགའི་བསམ་པ་དྲན་གྱུར་ཏེ། །གླང་པོ་ཤིན་ཏུ་རྒོད་པར་གྱུར། །དགའ་བས་བཅིངས་པའི་གླང་མོ་ཡི། །དྲི་མ་སྣོམ་ཞིང་གཉིས་འཐུང་དེ། །མི་བདག་གཡེར་བས་ལུགས་བཞིན་དུ། །ལྕགས་ཀྱུའི་དབང་དུ་གྱུར་པ་བཏང་། །སོ་ལྡན་འདོད་ཆགས་ཀྱིས་བཀུག་པ། །རྗེས་སུ་ཆགས་བཅས་རྒྱུག་པ་དེ། །རྨོངས་པ་འཁོར་བ་བདག་ལ་བཞིན། །གང་དུའང་དགའ་དང་བྲལ་མ་གྱུར། །རླུང་བཞིན་མགྱོགས་པར་བགྲོད་པ་ཡི། །གླང་པོ་མཐོང་ནས་ཐེ་ཚོམ་ནི། །སྐྱེས་པའི་རྒྱལ་པོ་གླང་པོ་ཡིས། །ཀུན་ཏུ་བགྲོད་ལ་འདི་སྨྲས་སོ། །ཀྱེ་མ་མ་ལ་གླང་པོ་འདི། །ཁྱོད་ཀྱིས་འདུལ་བ་འཛིན་དུ་བཙུད། །ལྕགས་ཀྱུ་ལྕི་བ་དག་ལས་ཀྱང་། །གང་ཞིག་ཕྱིར་ཕྱོགས་སོང་བ་མཐོང་། །འདི་ཡི་རྐང་བཀོད་ཁུར་གྱིས་ནི། །ཕྱོགས་ཀྱི་འཁོར་ལོ་འཁོར་བ་བཞིན། །རྐང་པས་འཐུང་རྣམས་རྗེས་སྙོག་བཞིན། །ས་རྣམས་ཀུན་འཁྲུལ་མྱོས་པ་བཞིན། །འདིར་ནི་ཁ་རྗེ་དུས་མིན་པར། །རབ་ཏུ་མི་མཐུན་གྱུར་པ་བཞིན། །སྐྱེས་བུའི་བྱ་བ་ཐམས་ཅད་ལ། །འབད་པས་ཞུགས་པ་འབྲས་མེད་གྱུར། །དེ་སྐད་རྗེ་ཡི་གསུང་ཐོས་ནས། །འཇིགས་པར་གྱུར་པའི་ཀུན་ཏུ་བགྲོད། །བསླབ་པ་སྨད་པས་སྐྱངས་གྱུར་ཅིང་། །ཐལ་མོ་སྦྱར་བ་བྱས་ནས་སྨྲས། །ལྷ་གཅིག་བདག་གི་གླང་པོ་འདི། །བྱ་བ་ཀུན་གྱི་དབང་དུ་བགྱིས། །འོན་ཀྱང་དེ་རིང་གླང་མོ་ཡི། །དྲི་མ་མནམ་ཞིང་རྣམ་འགྱུར་གྱུར།   །འདོད་པའི་དབང་དུ་གྱུར་པ་ཡི། །སྐྱེ་བོ་རྣམས་ནི་མན་ངག་མིན། །སྡོམ་པ་མ་ཡིན་ཡོན་མིན་ཞིང་། །ལེགས་པ་ཉིད་མིན་འདོད་པ་དྲན། །ཡུལ་ལ་མངོན་པར་ཕྱོགས་པའི་བློ། །དགའ་བའི་རོ་ལ་ཆགས་གྱུར་པ། །གཤོང་གཤོང་མང་པོར་རི་ཡི་ཆུ། །རྣམ་པར་ལྷུང་བཞིན་སུ་ཡིས་བཟློག །ལུས་ནི་ངལ་བའི་བསླབ་པ་ལ། །འདུལ་བར་བྱེད་པ་ཁོ་བོ་མཁས། །ཡིད་ནི་སྡོམ་པའི་བསླབ་པ་ལ། །ཐུབ་པ་རྣམས་ཀྱང་མཁས་པ་ཡིན། །ཆགས་ལས་ངལ་བར་མི་རྩི་ཞིང་། །བསྡམས་པ་མ་ལུས་བྲལ་གྱུར་ཏེ། །ངན་རྨོངས་བཞིན་དུ་ལམ་མིན་ནས། །གཉིས་འཐུང་འདི་ནི་རབ་ཏུ་རྒྱུག སྐྱེ་བོ་ངན་པ་ཡ་ངར་ལྷུང་། །ངེས་པར་ལྷུང་བར་བགྱིད་པ་ཉིད། །ས་བདག་ལྗོན་པའི་ལོ་མ་རྣམས།   །ཡང་དག་བཟུང་ལ་འདི་ནི་ཐོང་། །མི་བདག་གིས་ནི་ཀུན་ཏུ་འགྲོའི། །དེ་དུས་སུ་འོང་ཚིག་ཐོས་ནས། །དེ་དང་ལྷན་ཅིག་ཤིང་ཆེན་གྱི། །ལོ་མ་དག་ལ་འཕྱངས་པར་གྱུར། །མི་བདག་ཤིང་ལས་བབས་གྱུར་ཏེ། །རྟ་ལ་ཞོན་ནས་གཤེགས་པར་གྱུར། །གླང་པོ་ནགས་སུ་འཁྱམས་གྱུར་པས།   །གླང་མོ་ལ་ནི་འཁྱུད་པ་ཐོབ། །དེ་འོག་གླང་ཆེན་འདོད་པ་ཞི། །ཉིན་ཞག་བདུན་གྱིས་འདོད་པའི་སར། །རང་ཉིད་མངོན་དུ་འོངས་ཤིང་ཆགས། །བཟའ་བ་མངོན་པར་འདོད་ཅིང་གནས། །བསླབ་པས་བསྡམས་པའི་དབང་གྱུར་ཅིང་། །རང་ཉིད་འོངས་པ་དེ་མཐོང་ནས། །མཁས་པ་ཤིན་ཏུ་དགའ་བ་ཡི། །ཀུན་ཏུ་བགྲོད་ཀྱིས་རྒྱལ་ལ་སྨྲས། །ཆགས་པའི་ཞགས་པས་དྲངས་གྱུར་ཅིང་། །འདོད་པས་གཟིར་ནས་རབ་སོང་གང་། །བསླབ་པ་དག་དང་མི་འགལ་བར། །གླང་པོ་འདི་དེ་རང་ཉིད་འོངས། །བརྡ་དང་ལྡན་པའི་དབང་གྱུར་གཟིགས། །ས་ལ་ཀཱི་སའི་རོ་ཤེས་པ། །ཤིན་ཏུ་ཚ་བའི་ལྕགས་ཀྱི་ཟས། །འཛིན་ཅིང་དུལ་བ་དག་ཏུ་གནས། །འདི་ནི་འདོད་པའི་རོ་ཡིས་དྲངས། །ཀུན་ཏུ་སྡུག་བསྔལ་རོ་ཡི་དྲངས། །འདོད་པའི་རིམས་ནི་རབ་ཞི་ནས། །ཕྱི་ནས་རྣལ་དུ་གནས་པ་ཐོབ། །ལྷ་གཅིག་སེང་གེ་སྟག་དང་ནི། །གླང་པོ་ལ་སོགས་འདུལ་བར་ནུས། །ཆགས་པའི་ཆང་གིས་མྱོས་པའི་ཡིད། །ཡུལ་ལ་མངོན་ངར་ཕྱོགས་པ་མིན། །དེ་དག་ཐོས་ནས་ས་སྐྱོང་གིས། །དེ་དེ་བཞིན་ཞེས་བསམས་ནས་སྨྲས། །ཀུན་ཏུ་བགྲོད་ཁྱོད་བདེན་པ་དང་། །རིགས་པ་དག་ཏུ་བརྗོད་པ་ཡིན། །རབ་ཞི་ཚུལ་ཁྲིམས་གང་དག་གིས། །སེམས་ཀྱི་གཉིས་འཐུང་མྱོས་པ་ནི། །སྡོམ་པའི་ཐག་པས་བཏགས་གྱུར་པ། །འཇིག་རྟེན་འདི་ན་འགའ་ཡོད་དམ། །དེ་སྐད་སྨྲས་ཚེ་ཀུན་ཏུ་བགྲོད། །ལྷ་ནི་བཞུགས་པས་དེ་ལ་སྨྲས། །ལྷ་གཅིག་འགྲོ་བའི་ཉིན་མོངས་རྣམས། །མ་ལུས་འཇོམས་པ་ལ་བརྩོན་ཞིང་། །རྣམ་པར་རིག་ལྡན་འཇིག་རྟེན་ན། །འབད་པ་ཆགས་བྲལ་སྐྱེད་པ་ཡོད། །ཞི་དང་ཆོག་ཤེས་དྲི་མ་མེད། །རབ་རྟོགས་སངས་རྒྱས་ཁོ་ན་འོ། །དེ་ལྟར་སངས་རྒྱས་མཚན་ཐོས་པས། །སྐྱེ་བ་སྔར་སྐྱེས་གོམས་པ་ལས། །ཡང་དག་རྫོགས་པའི་བྱང་ཆུབ་སེམས། །རྒྱལ་པོ་ཡི་ནི་སྨོན་ལམ་སྐྱེས། །འཁོར་བ་ཆུ་སྲིན་འབྱུང་གནས་སུ། །རྣམ་པར་བྱིངས་པའི་འགྲོ་བ་འདི། །དགེ་བའི་ལམ་ནས་རྫོགས་པ་ཡི། །བྱང་ཆུབ་གྲོལ་བར་ཡང་དག་བསྒྲལ། །དེ་ནས་དེ་ལ་ནམ་མཁའ་ལས། །གཙང་མ་རིས་ཀྱི་ལྷ་ཡིས་སྨྲས། །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །ས་བདག་མངོན་པར་འཚང་རྒྱ་འགྱུར། །དེ་སྐད་དེ་ཡི་ཚིག་ཐོས་པས། །རྒྱལ་པོ་རྡུལ་བྲལ་རྣམས་ཀྱི་མཆོག །སྐྱེ་བ་དྲན་ཞིང་ལྷ་མིག་ལྡན། །བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར། །དེ་ནས་དེ་ནི་སྙིང་སྟོབས་ཡངས་ལྡན་མིག་ནི་དེ་ཉིད་དག་ལ་གཏད། །སྲིད་པའི་ཆུ་གཏེར་བྱིངས་པའི་འབྱུང་པོ་ཀུན་ལ་རྗེས་སུ་བརྩེ་ལྡན་ཞིང་། །ཡང་དག་རིག་པ་སྤྲོ་བ་དང་ལྡན་མངོན་པར་གསར་པ་བསྐྱེད་པ་ལས། །སེམས་ཅན་རྣམས་ནི་ཡང་དག་བསྒྲལ་ཕྱིར་དགེ་བའི་ལམ་དག་བགྱིས་པར་གྱུར། །

     ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ལས་རབ་གསལ་གྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་དང་པོའོ། ། ། །

                                                                             མུ་མཐུད་དུ་འགོད་རྒྱུ།

                                                                   

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060