| དེ་ཡང་རང་རེའི་བོད་ནི་གནམ་གྱི་དབུས། སའི་དཀྱིལ། གླིང་གི་སྙིང་བོ། གངས་ཀྱི་ར་བ། ཆུ་བོ་ཀུན་གྱི་འགོ་བོ། རི་མཐོ་ས་གཙང་ཞེས་གྲཊ་པ་དོན་དང་ལྡན་པའི་ཡུལ་ལྗོངས་འདི་རུ་ལོ་ངོ་ཁྲི་ཕྲག་སུམ་བརྒྱ་ཙམ་གྱི་སྔ་རོལ་ནས①འཚོ་སྡོད་བྱས་པ་དེང་གི་ཆར་རྙེད་པའི་རིག་གནས་ཀྱི་རྗེས་ཤུལ་སྣ་ཚོགས་དང་། དུས་རབས་སོ་སོའི་ལོ་རྒྱུས་ཀྱི་བཤད་ཚུལ་མི་ཉུང་བ་འཁོད་པའི་ཡིག་ཚང་། ལོ་རྒྱུས་ཆོས་འབྱུང་། རྒྱལ་རབས་དེབ་ཐེར་སོཊ་ལ་བལྟས་ན་ཤེས་སྲིད་ཅིང་། སྤྲེའུ་དང་བྲག་སྲིན་བཤོས་པའི་གཏམ་རྒྱུད་ནས་དབུ་བསླངས་པའི་གངས་ཅན་བོད་ཀྱི་རིག་གནས་ནི་འཛམ་གླིང་གི་མི་རིགས་གང་དང་བསྡུར་ནའང་ཕོན་འབོར་ཆེ་ཤོས་དང་། ཕུན་སུམ་ཚོཊ་ཤོས་ཀྱི་ཁོངས་སུ་གཏོགས་པའང་ཤེས་ཐུབ། ལྷག་པར་དུ་སྲོང་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་རིག་གནས་སྒྱུ་རྩལ་དང་སྨན་རྩིས་སོཊ་དར་སྤེལ་བྱུང་སྟེ་བོད་ཆེན་པོའི་སྲིད་འབྱོར་རིག་གསུམ་བཅས་གང་ཅིའི་རྨང་གཞི་བརྟན་པོ་ཚུཊ་པ་འཛམ་གླིང་ལོ་རྒྱུས་ཀྱིས་མིག་ལྟོས་སུ་གྱུར་པ་བདེན་དུ་འཆེས་པས་ན་འདིར་ནེ་ཙོའི་ཀློག་ལ་དྭངས་པ་འདྲེན་པའི་དགེ་མཚན་ཆེ་བར་མ་མཐོང་ཡང་། ད་ཕན་བོད་ཀྱི་ལོ་རྒྱུས་སྨྲ་བ་གང་མང་ཞིག་གིས་བཙན་པོ་གནམ་རི་སྲོང་བཙན་གྱིས་རང་གི་མངའ་ཐང་རྒྱ་བསྐྱེད་བྱས་ཏེ་བོད་ཁམས་གཅིག་གྱུར་གྱི་རྣམ་པ་ཐོག་མར་བཏོད་པ་དང་། སྲོང་བཙན་སྒམ་པོས་རྣམ་པ་ཐམས་ཅད་དུ་བོད་ཁམས་གཅིག་གྱུར་མཛད་པ་མ་ཟད། བོད་ཆེན་པོའི་རྒྱལ་ཁབ་འཛུཊ་པའི་འཕྲིན་ལས་རླབས་པོ་ཆེའི་འཆར་བཀོད་བཟོས་ཤིང་། སྤྱི་ཚོཊ་ཀྱི་དགོས་དབང་གིས་སྔར་ན་མ་མཆིས་པའི་ཡི་གེ་དང་ཁྲིམས་སྲོལ་གཏན་འབེབས་མཛད་ཅེས་ལེགས་འབྲས་ཕྱོཊ་ཀྱི་གནས་ཚུལ་བརྗོད་པ་ལས། བཙན་པོ་ཡབ་ཀྱི་སྐུ་ཚེ་སྨད་དང་སྲས་སྲོང་བཙན་སྒམ་པོའི་སྐུ་ཚེ་སྟོད་ཀྱི་དམག་སྲིད་སྒྲིག་གཞི་ལས་འཕྲོས་པའི་ལོ་རྒྱུས་རང་བཞིན་གྱི་གནད་དོན་སྐོར་ཞིག་བཏང་སྙོམས་སུ་བཞག་ཡོད་ན། འདིར་ཁོ་བོས་རང་བློས་དཔོག་ཚོད་ཀྱིས་སྔར་གྱི་ཚད་ལྡན་ཡིག་ཚང་དང་ལོ་རྒྱུས་རིག་པའི་དཔྱད་ཐབས་ཟུང་དུ་སྦྲེལ་བའི་ལམ་ནས། ལྷོད་ཤོར་དུ་སོང་བའི་གནམ་རི་སྲོང་བཙན་སྐབས་ཀྱི་དམག་སྲིད་སྒྲིག་གཞི་དེ་དོན་ཚན་གསུམ་གྱི་ནང་དུ་ཁ་གསལ་མདོར་བསྡུས་ཚུལ་དུ་བསྟན་པར་བྱའོ།།
དང་བོ། སྤྱི་ཚོཊ་ཀྱི་འཕེལ་འགྲོས་དང་མཐུན་པའི་ཁྲིམས་བཙན་པོ་ཞིག་མེད་པ།
སྤྱི་ཚོགས་ཀྱི་ཁྲིམས་སྲོལ་ལམ་ལུཊ་གང་ཡིན་ཐམས་ཅད་ཀྱི་རུ་རྩི་ལྟ་བུ་ནི་མིའི་རིཊ་འཇིག་རྟེན་དུ་འཚོ་སྡོད་བྱས་པའི་དུས་ཉིད་ནས་བྱུང་བ་ཤ་སྟག་ཡིན་ཞིང་། རང་བྱུང་གི་ངོས་འཛིན་བྱེད་ཐབས་དང་འཚོ་བའི་རེ་བསྙེཊ་ཇེ་མཐོར་བགྲོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་སྔར་ཡོད་ཀྱི་ཁྲིམས་སྲོལ་ལམ་ལུཊ་དེ་རིམ་གྱིས་འཐུས་སྒོ་ཇེ་ཚང་དང་ནང་དོན་རྒྱས་འཛོམས་སུ་གྱུར་དང་འགྱུར་བཞིན་པའི་ཆོས་ཉིད་ཅིག་ཀྱང་ངང་ཤུགས་ཀྱིས་ཆཊ་ཡོད། དེའི་གནད་ཀྱིས་གཉའ་ཁྲི་ཡར་སྔོན་དུ་བོད་ཡུལ་བཟུང་བར་གྲཊ་པའི་གནོད་སྦྱིན་ནག་པོ་བདུད་རེ་ཏེ་མགོ་ཡག སྲིན་པོ་གཉའ་རེང་ཁྲག་མིག དམར་འཇམ་ལྷ་རྨུ་རྒྱལ་ཁོ་རྗེ། ཀྲོག་ཀྲོག་འདྲེ། མ་སངས་རུས་དགུ་གླུ། རྒྱལ་བོ། འགོང་བོ②སོཊ་ཀྱི་དུས་སྐབས་སུའང་གདོད་མའི་རྣམ་པར་གྲུབ་པའི་རང་མཚན་གྱི་ཁྲིམས་སྲོལ་ཡོད་ཚུལ་རྗེས་སུ་དཔག་ཀྱང་གནོད་བྱེད་མི་ཐེབས་ཅིང་། རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་རིང་དུ་བཀའ་ཁྲིམས་ཀྱིས་རྒྱལ་དོན་བསྐྱངས་ཚུལ《ལ་དྭགས་རྒྱལ་རབས》སུ་གསལ་བོར་འཁོད་ཡོད་ལ།③བོད་ཀྱི་ལོ་རྒྱུས་མཁན་པོ་ཀུན་གྱིས་ཀྱང་གཉའ་ཁྲི་ནས་ལྷ་ཐོ་ཐོ་རི་གཉན་བཙན་བར་གྱི་རྒྱལ་རབས་ཉེར་བདུན་རིང་དུ་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་གསུངས་པ་ལྟར་ན་བོད་བཙན་པོ་རིམ་བྱོན་རྣམས་ཀྱིས་སྐབས་དང་མཐུན་པའི་ཁྲིམས་སྲོལ་ལམ་ལུཊ་བཙུཊ་ཚུལ་ཤེས་སླ་ཡང་། གནམ་རི་སྲོང་བཙན་སྐབས་སུ་ཡབ་མེས་གོང་མ་རྣམས་ཀྱིས་དབང་བསྒྱུར་བྱས་པའི་ས་ཁུལ་རྣམས་གློ་བུར་དུ་ཐོར་བའི་རྒྱུ་རྐྱེན་ལ་ཞིབ་ཏུ་གཞིགས་ན། རྒྱལ་རབས་སྔ་མ་སྔ་མ་ནས་བརྒྱུད་སྤེལ་མཛད་པའི་བསྟར་ཆཊ་ཀྱི་ཁྲིམས་བཙན་པོ་ཞིག་མེད་པ་ཚོད་དཔག་བྱེད་ཐུབ་པ་དང་། སྲོང་བཙན་སྒམ་པོའི་བྱས་པ་གླེང་བརྗོད་བྱེད་པའི་ཚེ་ནའང་། སྔོན་ཆད་ཀྱང་བོད་ལ་གཅིག་གྱུར་གྱི་ཁྲིམས་ཤིག་མེད་པས་རྒྱལ་ཕྲན་དང་ཚོ་བ་སོ་སོར་འཁྱར་ནས་སྡུག་བསྔལ་མྱོང་བ་ཡིན། ད་རུང་གཅིག་གྱུར་གྱི་ཁྲིམས་ཤིག་མེད་ན། ཉེས་བྱེད་དར་བས་ངའི་འབངས་རྣམས་སྡུག་བསྔལ་བར་འགྱུར་བས་དེའི་ཕྱིར་ཁྲིམས་བཅའ་བར་བྱའོ་ཞེས་ཁོད་སོ་དྲུག་གཏན་ལ་ཕབ་པར་གྲཊ④ཞེས་པ་དང་། ཏུན་ཧོང་ཡིག་རྙིང་དུའང་བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉི་དགས་པོ། རྐོང་བོ། མྱང་བོ་ཀུན་ཀྱང་ལོག ཡབ་གནམ་རི་སློན་བཙན་དུག་བོན་དེ་བཀྲོངས་སོ⑤ཞེས་འབྱུང་བ་ལས་རིགས་འདེད་བྱེད་ཐུབ་པ་ལྟ་བུའོ།། དེ་ཡང་ཁྲིམས་སྲོལ་ལམ་ལུཊ་ནི་ཐུན་མོང་གི་ཁེ་དབང་ཡིན་ཕྱིན་དབང་བསྒྱུར་གྲལ་རིམ་གཙོ་བྱས་པའི་ཚོཊ་མི་ཐམས་ཅད་ཀྱིས་ཡུལ་དུས་གང་ལའང་འགན་ལེན་བརྩི་སྲུང་བྱེད་པའི་དགེ་མཚན་ཆེ་ཞིང་། ཁྱད་པར་དུ་རྒྱལ་ཁབ་དང་མི་རིཊ་བདེ་ལྡན་ཞིང་དུ་བསྒྱུར་བ་ལ་དངོས་ཡོད་དང་མཐུན་པའི་ཁྲིམས་སྲོལ་ཞིག་ངེས་དོན་གཏན་འབེབས་མ་བྱས་ན། སྤྱི་ཚོཊ་འཕེལ་རྒྱས་ཀྱི་གཞི་རྩ་སྟེ་མི་རིཊ་ཀྱི་འཚོ་བའི་སྤྱོད་ལམ་དང་འདུ་ཤེས་འཛིན་སྟངས་སོཊ་ལ་ཐུན་མོང་གི་ཚད་བཀག་ཡོད་དཀའ་ཚོད་འདུག དེའི་སྟབས་ཀྱིས་ང་ཚོས་ནམ་རྒྱུན་སྟག་རི་གཉན་གཟིགས་ཀྱི་སྐུ་རིང་ནས་བོད་བཙན་པོའི་རྒྱལ་རབས་དར་རྒྱས་སུ་འགྲོ་བའི་དབུ་བརྩམས་ཤིང་། གནམ་རི་སྲོང་བཙན་དུས་ནས་ཤར་ནུབ་བྱང་དུ་དམག་དྲངས་ཏེ་མངའ་ཁོངས་རྒྱ་བསྐྱེད་པ་སོཊ་རྒྱལ་སྲིད་དར་རྒྱས་ཆེན་པོ་བྱུང་ཞེས་སྒྲོག་ན་ཡང་། རྒྱལ་ཁབ་ཟེར་བ་ནི་དམངས་བྱིངས་ཀྱི་བསམ་བློ་དང་བརྩེ་དུང་སོཊ་གཅིག་འདུས་ཡིན་པའི་སྤྱི་མཚན་ཞིག་ཏུ་ངོས་འཛིན་པ་ལས། ས་ཁོངས་དང་མི་འབོར་གྱི་ཁྱད་པར་ཙམ་དུ་ངོས་འཛིན་མི་རུང་བའི་རིཊ་པ་ལས་འཕྲོས་ན། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་རང་ས་བཅད་བཟུང་བྱས་པའི་རྒྱལ་ཕྲན་དག་གིས་ཁོང་ཚོ་སྤུ་རྒྱལ་བཙན་པོའི་མངའ་འབངས་སུ་གཏོཊ་པ་ཙམ་གྱི། འབངས་རྣལ་མ་ཞིག་ཏུ་འགྱུར་བར་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གཏན་ཚིག་ཅི་ཡང་མ་བཀོད་པ་དང་། བཙན་པོ་གནམ་རི་བས་ཀྱང་སྤྱི་ཚོཊ་ཀྱི་འཕེལ་འགྲོས་དང་མཐུན་ཚད་ཆེ་ཞིང་། དམངས་བྱིངས་ཀྱི་བསམ་བློ་འདུ་ཤེས་གཅིག་བསྡུ་བྱེད་པའི་ཁྲིམས་བཙན་པོ་བཟོས་མེད་པ་དང་། བཟོས་ཡོད་པའང་དབང་བསྒྱུར་གྲལ་རིམ་གྱི་ཐོན་སྐྱེད་ལམ་ལུཊ་ལ་ཉེ་བར་མཁོ་བའི་ཁྲིམས་ཙམ་དུ་ལགས་པས་རྒྱལ་ཕྲན་དག་གིས་ཀྱང་རང་རང་གི་ཁེ་དབང་ལས་སྟོབས་དང་ལྡན་པའི་གཅིག་གྱུར་གྱི་རྒྱལ་ཁབ་འཛུགས་པར་བློ་མ་ཕྱོཊ་པའི་རྒྱུ་མཚན་གྱིས་སོ།།
གཉིས་པ། གསར་དུ་དབང་བྱས་པའི་ཡུལ་འབངས་རྣམས་དེ་ཉིད་དབང་བསྡུ་བྱེད་མཁན་གྱི་དམག་དཔོན་སོ་སོར་ བྲན་རིས་སུ་བསྩལ་བས་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་ཞིག་འཛུགས་མ་ཐུབ་པ།
དེ་ཡང་རྒྱལ་བོ་འདིའི་སྐུ་རིང་ལ། མྱང་དབའས་མནོན་གཙོ་བྱས་པའི་བློན་ཐབས་མཁས་ཅན་ཁ་ཤས་ཀྱིས་མཁར་ཉེན་ཀར་རྙིང་བའི་རྗེ་བོ་སྟག་སྐྱ་བོ་དང་། སྡུར་བའི་ཡུལ་སྣའི་རྗེ་བོ་ཁྲི་པངས་སུམ་ལ་སོཊ་པའི་ཡུལ་འབངས་ཐམས་ཅད་སྤུ་རྒྱལ་བཙན་པོའི་མངའ་ཞབས་སུ་བསྡུས་ཤིང་། གཙང་བོད་དང་དྭགས་པོ་བཙན་པོ་སོཊ་འདབས་འབྲེལ་གྱི་རྒྱལ་ཕྲན་སོཊ་འཕྲོ་རིམ་འཕྲོར་དབང་བསྡུ་བྱས་པར་བརྟེན་སྤུ་རྒྱལ་པ་ནི་ཀུན་ལས་ཆབ་སྲིད་མངོན་པར་མཐོ་བ་དང་དབུ་རྨོག་རབ་ཏུ་བཙན་པོའི་གཅིག་གྱུར་བོད་ཀྱི་སྲིད་དབང་གི་ཁ་ལོ་བསྒྱུར་བའི་བྱེད་པོ་ཉག་གཅིག་པུར་གྱུར། ཡིན་ན་ཡང་། དམག་དཔོན་རྣམས་ཀྱིས་བླངས་པའི་ས་ཁུལ་དེ་དག་ལས་ཡོངས་སུ་རྫོཊ་པའམ་ས་ཁུལ་གཙོ་བོ་རེ་བཅད་ནས་དེ་ཉིད་དབང་བསྡུ་བྱེད་མཁན་དག་ལ་གནང་བས། ཆབ་སྲིད་གཅིག་གྱུར་གྱི་ངོ་བོ་སྟེ། ས་ཁོངས་དང་ཡུལ་མི། ཐོན་སྐྱེད་བྱེད་སྒོ། ཡོང་འབབ་སོགས་རྒྱལ་ཕྲན་སོ་སོར་བདག་གིར་བཟུང་བར་བྱས་པས་སྤུ་རྒྱལ་གྱི་ཆབ་སྲིད་རྨང་གཞི་བརྟན་པོ་འཛུཊ་པའི་གླཊ་ཤོར་བར་བྱས་ལ། གཤམ་དུ་བློན་པོ་སུ་ལ་ཡུལ་འབངས་ག་འདྲ་བསྩལ་ཚུལ་རེའུ་མིག་གི་ལམ་ནས་ཅུང་སྟབས་བདེར་བཀོད་ན།
|
བློན་པོའི་མིང་། |
མཁར་དང་ཡུལ་གྱི་མིང་། |
བྲན་ཁྱིམ་གྱི་གྲངས། |
|
མྱང་ཙེང་སྐུ། |
སྡུར་བའི་ཡུལ་སྣ། |
ཆིག་སྟོང་ལྔ་བརྒྱ། |
|
དབའས་དབྱི་ཚབ། |
གཤེན་གྱི་ཡུལ་དང་མལ་ཏྲོ་ཕྱོགས། |
ཆིག་སྟོང་ལྔ་བརྒྱ། |
|
མནོན་འདྲོན་པོ། |
ངོས་བཟུང་མེད། |
ལྔ་བརྒྱ། |
|
ཆོས་པོང་ནག་སེང་། |
འོན་གྱི་སྨོན་མཁར། |
སུམ་རྒྱ། |
|
ཁྱུང་བོ་སྤུང་སད། |
རྩང་བོད། |
ཉིས་ཁྲི། |
|
སེང་ག་མི་ཆེན |
དྭགས་པོ། |
གསར་ཁུང་རེའུ་རྒལ་གྱི་མི་དང་འབྲོག་ཕྱུགས། |
འདི་ལྟར་བཟང་ལ་བྱ་དགའ་ལེགས་པར་སྟོབས་པ་དང་དེ་མཚུངས་ངན་ལ་ཆད་གཅོད་ནན་དུ་བྱེད་རྒྱུ་ནི་འཇིག་རྟེན་སྤྱི་ལྡོག་གི་ལུགས་སུ་འགྲོ་ཡང་། སྔོན་བགྲང་བྱ་སྟོང་ཕྲག་རིང་ལ་ཁ་ཐོར་གྱིས་ཡུལ་གྲ་བཅད་བཟུང་བྱེད་པར་གོམས་ལོོབས་སུ་སོང་བའི་རྒྱལ་ཕྲན་འདི་དག་ལ་མཚོན་ན་ཕན་ཚུན་རྩོད་རེས་བྱེད་པའི་བག་ཆགས་སྟུག་པོ་ཡོད་པས། གཅིག་ནས་དེ་དག་ལ་དབང་རྩོད་ངོ་ལོག་བྱེད་པའི་གོ་སྐབས་མི་དམན་པ་ཞིག་བཙན་པོ་སྐུ་དངོས་ཀྱིས་བསྐྲུན་པ་དང་། གཉིས་ནས་འོ་སྡེ་སྤུ་རྒྱལ་པ་དང་གཉེན་ཉེའི་འབྲེལ་བ་མེད་པའི་བློན་ཁག་ལ་བྲན་རིས་གནང་བ་དེས་གན་ཚན་དག་བཙན་པོར་གློ་བ་རིང་སྟེ་དབང་རྩོད་ཀྱི་ལས་སུ་ཞུགས་པར་རྒྱུ་ཚང་བར་བྱས་པ་མྱང་མང་ཞང་དང་ཁྱུང་བོ་སྤུང་སད་གཉིས་ཀྱིས་ཤགས་འགྱེད་རེས་བྱས་པ་ལས་ཀྱང་མཚོན་ཐུབ་ན་མང་དུ་མི་སྤྲོའོ། །གང་ལྟར་རྒྱལ་བོས་ཆབ་སྲིད་སྐྱོང་བའི་ཐུགས་ཀྱང་ཁབ་སོ་ནས་ཁུལ་གྱི་འགལ་བ་སེལ་བའི་ལས་ཁོ་ནར་ཕྱོས་པ་སོགས་ཕྱི་ནང་གི་རྐྱེན་དུ་མས་རྒྱལ་སྲིད་ཀྱི་བྱ་བ་རེ་ཞིག་ཟླ་བ་མར་འགྲིབ་ཀྱི་གནས་སུ་ལྷུང་བ་དང་། མཐར་བཙན་པོ་རང་ཉིད་ལའང་མོན་དུ་དྲངས་ཏེ་བཀྲོངས་པ་ནི་གནས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་ཚུར་སྣང་བྱེད་པའི་ལོ་རྒྱུས་མེ་ལོང་གལ་ཆེན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།།
གསུམ་པ། གཅིག་གྱུར་གྱི་དམག་སྲིད་སྒྲིག་གཞི་མེད་པས་འབངས་གྱེན་ལོག་གི་གནད་དོན་ཞི་འཇགས་སུ་གཏོང་མ་ནུས་པ།
གཅིག་གྱུར་གྱི་དམག་སྲིད་སྒྲིག་གཞི་ནི་རྒྱལ་ཁབ་དར་ནུབ་ཀྱི་བརྟེན་ཡུལ་གཙོ་བོ་ཞིག་སྟེ། སྲིད་དབང་སྲ་བརྟན་དང་མངའ་ཁོངས་བདེ་འཇགས་སུ་གཏོང་བ། ཕྱི་ནང་དགྲ་བོའི་ཇུས་ངན་བཀག་འགོག་སོཊ་ལ་མེད་མི་རུང་བའི་སྒྲིག་གཞི་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཅིག་གྱུར་གྱི་བྱ་བ་ལེཊ་འགྲུབ་འབྱུང་དགོས་ན་དམག་སྲིད་ཐད་དུ་དབང་ཆ་གཅིག་འདུས་ཡིན་པའི་དབང་བསྒྱུར་རྩ་འཛུགས་ཏེ། གོང་འོག་རིམ་པའི་དཔོན་རིགས་བསྐོ་བཞག་གི་ལམ་ལུགས་དང་གྲལ་རིམ་གྱི་དབྱེ་བ་གསལ་ཐག་ཆོད་པ་ཞིག་ཡོད་དགོས་པ་མ་ཟད། ཞི་དྲག་གཉིས་ཀྱི་ལས་བྱ། ང་ཡིན་ལ་བཀོད་འདོམས་དང་ཐག་གཅོད་ཡང་དག་བྱེད་ནུས་པའི་དམག་སྲིད་ཀྱི་སྒྲིག་གཞི་བཙན་པོ་ཞིག་འཛུཊ་རྒྱུ་གནད་དུ་ཆེ། ཡིན་ན་ཡང་། བཙན་པོ་གནམ་རི་བའི་དུས་སྐབས་སུ་དེ་འདྲའི་དམག་སྲིད་ཀྱི་སྒྲིག་གཞི་ལེཊ་པོ་ཞིག་མེད་པ་ནི་འབངས་གྱེན་ལོག་གི་གནད་དོན་ཞི་འཇཊ་སུ་གཏོང་མ་ཐུབ་པ་འདིས་མཚོན་ཞིང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུའང་བམ་བཤད་ཙམ་ལས་མེད་པ《དེབ་དམར》དུ། འདིའི་རིང་ལ་རྒྱ་ནག་ནས་རྩིས་དང་སྨན་བྱུང་། རྒྱ་དང་གྲུ་གུ་བཏུལ⑥ཞེས་འབྱུང་བ་འདིས་མཚོན། བཙན་པོ་འདི་བའི་རིང་ལ་དམག་སྲིད་ཀྱི་ཕྱོཊ་སུ་སྔོན་ཆད་ཡོད་མ་མྱོང་བའི་དྲང་བདེན་གྱི་ཁྲིམས་བཙན་པོ་ཆེས་ཆེར་མ་བཟོས་པ་རྟོཊ་ཐུབ་ཅིང་། བཙན་པོ་བཀྲོངས་པའི་གནས་ཚུལ་གྱིས་ཀྱང་གཅིག་ནས་བཙན་པོ་རང་ཉིད་ལ་དྲང་ཤེད་ཆེ་བའི་སྐུ་སྲུང་དམག་མིའམ་ཁབ་ཀྱི་བདེ་འཇཊ་སྲུང་མཁན་ཞིག་ཀྱང་མེད་པའི་གནས་བབས་དེ་བདེན་དབང་བྱས་ཡོད། གཉིས་ནས་སྲས་སྲོང་བཙན་རྒྱལ་ཁྲིར་བཞུཊ་ཏེ་སྲིད་འགྱུར་གྱི་གཡོ་ཇུས་འགོད་མཁན་དག་ཚར་བཅད་པ་དང་། ངོ་ལོག་པའི་ཡུལ་འབངས་ཐམས་ཅད་མྱུར་བ་མྱུར་བར་སླར་ཡང་བཙན་པོའི་ཆབ་འོག་ཏུ་བཅུག་པ། ལྷག་པར་དུ་རྒྱལ་ཁབ་ཡུན་དུ་བདེ་བར་བྱེད་དགོས་ན་རྒྱལ་ཁྲིམས་དང་དམག་སྲིད་ཀྱི་སྒྲིག་གཞི་དམ་པོ་ཞིག་འཛུཊ་རྒྱུ་ཁ་ཚ་དགོས་གཏུཊ་སུ་གྱུར་ཡོད་པར་འདོད་པའི་དགོངས་པ་དོན་འཁྱོལ་བྱས་པའང་མདོར་བཤད་ན། བཙན་པོ་ཡབ་ཀྱིས་མྱངས་པའི་ལོ་རྒྱུས་ཀྱི་ཕམ་ཁར་ངོས་འདྲོངས་ཟབ་མོ་མཛད་པའི་དངོས་འབྲས་ལྟ་བུ་སོང་ཡོད་ཙ་ན། གཅིག་གྱུར་གྱི་དམག་སྲིད་སྒྲིག་གཞི་ནི་རྒྱལ་ཁབ་ཅིག་གི་སྲིད་དབང་གནས་ཐུབ་མིན་གྱི་རག་ལས་ས་གཙོ་བོ་ཡིན་པ་ཤེས་ནུས་པ་དང་། གཞན་ཡང་བཙན་པོ་གནམ་རི་བའི་སྐབས་སུ་ད་རུང་རང་སྐད་དང་མཐུན་པའི་ཡི་གེ་མེད་པའང་གནད་དོན་དེ་རིཊ་འབྱུང་བའི་རྒྱུ་ཙམ་དུ་ངེས་ཤིང་ཞིབ་ཏུ་ལོཊ་སུ་དཔྱད་པར་བྱ། གང་ལྟར་བཙན་པོ་འདི་གཉིས་ནི་བོད་ཀྱི་རྒྱལ་རབས་རིམ་བྱོན་ལས་ཆོས་སྲིད་ལུཊ་གཉིས་ཀྱི་ལེཊ་པའི་སྒོ་བརྒྱ་འབྱེད་པའི་བྱེད་པོ་ཡུན་ཚུལ་ལ་ལོ་རྒྱུས་སྨྲ་བ་བོ་ཡོངས་ཀྱི་ལྟ་ཚུལ་གཅིག་པར་སྣང་ལ། ནང་སྒོས་སུ་བཙན་པོ་སྲོང་བཙན་ནི་དུས་རབས་ཀྱི་བར་ཁྱད་ཕྱེས་པའི་བཙན་པོ་བླ་མེད་ཡིན་ཚུལ་དེ་བས་ཀྱང་ངོ་།། ཡིན་ཡང་། ཁོང་གིས་དེར་མཐུན་གྱི་ཆབ་སྲིད་ལམ་ལུཊ་དང་དམག་དོན་ཁྲིམས་སྲོལ་འཐུས་ཚང་བོ་ཞིག་གཏན་འབེབས་མ་བྱས་པས་ཕྱིས་སུ་བགྲང་བ་བཅུ་ཕྲག་གཅིག་ཙམ་གྱི་རིང་ལ་བོད་བཙན་པོའི་རྒྱལ་རབས་དེ་བདེ་མིན་འཇགས་མིན་གྱི་གནས་སུ་ལྷུང་ངོ་།། མཆན། ①《བོད་ལྗོངས་གནའ་རྫས་རྟོག་ཞིབ་གནད་བསྡུས》P142 ②《མཁས་པའི་དགའ་སྟོན》(སྟོད་ཆ) P152 ③《ལ་དྭཊ་རྒྱལ་རབས》P27-30 ④《ལོ་རྒྱུས་གཡུ་ཕྲེང》(སྟོད་ཆ) P97 ⑤《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》P65-66 ⑥《དེབ་དམར》P35 |