གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།ཚད་ལྡན་གྱི་སློབ་ཆུང་དགེ་རྒན་ལ་ལྡན་དགོས་པའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།
སྤེལ་དུས།2009-08-25   ཡོང་ཁུངས་།   རྩོམ་པ་པོ། ཆུང་བདག

  ཚད་དང་མཐུན་པའི་སློབ་གསོ་ཞིག་དར་སྤེལ་གཏོང་བར་ཚད་ལྡན་གྱི་དགེ་རྒན་མེད་ན་འགྲིག་ཐབས་མེད་ལ་སློབ་གསོ་སྔོན་ལ་དར་སྤེལ་བཏང་སྟ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ན་དུས་རབས་དང་འཚམ་པའི་དགེ་རྒན་མེད་ན་འགྲིགས་ཐབས་མེད།སློབ་ཆུང་དུས་སྐབས་ནི་སློབ་གསོའི་རྨང་གཞིའི་རང་བཞིན་ཡིན་ལ་རྨང་གཞི་དེ་སྲ་བརྟན་དང་ལེགས་པོ་འདིང་བར་ཚད་ལྡན་གྱི་སློབ་ཆུང་དགེ་རྒན་དགོས་རྒྱུ་ནི་གལ་ཆེའི་ནང་གི་གལ་ཆེར་གྱུར་ལ་སྤྱི་ཚོགས་ནས་སློབ་གསོར་བཏོན་པའི་རེ་བ་བསྒྲུབ་པར་དགེ་རྒན་གྱི་ཚད་ལྡན་བྱང་ཚད་ལྡན་ཐུབ་པ་དགོས་ཤིང་།ཁོ་བོས་སློབ་ཆུང་གི་སློབ་གསོ་སློབ་ཁྲིད་ལས་ལ་ཞུགས་ནས་བགྲང་བྱ་ཉི་ཤུ་ལྷག་ནང་མྱོང་ཚོར་ལས་སྐུལ་ཏེ་ཚད་ལྡན་གྱི་སློབ་ཆུང་དགེ་རྒན་བྱེད་པར་ལྡན་དགོས་པའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བར་བྱ།

གཅིག སྲ་ཞིང་བརྟན་པའི་ཆབ་སྲིད་བསམ་བློ་ལྡན་དགོས།

ཆབ་སྲིད་བསམ་བློ་ཡང་དག་དང་སྲ་བརྟན་གཏོང་རྒྱུ་ནི་བྱ་བ་མཐའ་དག་བསྒྲུབ་པའི་བླ་སྲོག་ཡིན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་བསམ་བློ་དྭངས་གཙང་དང་ལྷད་མེད་དགོས་རྒྱུ་ནི་དེང་རབས་མི་ཡོངས་ལ་གདོས་ངེས་ཀྱི་ཆ་རྐྱེན་དུ་གྲུབ་པས་སློབ་ཆུང་གི་སློབ་ཁྲིད་སློབ་གསོའི་ལས་ཀར་རོལ་མཁན་ཚོས་རྒྱུན་དུ་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ།མཚོན་བྱེད་གསུམ་གྱི་གལ་ཆེའི་དགོས་དོན།ལྟ་བ་བཞི་དང་སྨྲ་བ་གཉིས་ཀྱི་ནང་དོན། ཏང་ཡོན་གྱི་སྔོན་རང་བཞིན་རྒྱུན་འཁྱོངས་ཁྱེད་པའི་སྐོར་སོགས་སློབ་སྦྱོང་ནན་ཏན་དང་བསམ་གཞིགས་བྱས་ཏེ་ནང་བསམ་བློར་ཡང་དག་རིག་གཞུང་གི་དྲག་ཆས་སྤྲས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རང་གི་ལས་གནས་ལ་གཞོལ་བ་དང་ཆབས་ཅིག་རང་གི་གོས་སྐྱོང་བྱེད་པའི་སློབ་ཕྲུག་ཚོའི་བསམ་བློར་གཡོ་འགུལ་གཏོང་བ་དང་སློབ་མའི་རིག་གནས་སྦྱོང་བའི་མཐར་གཏུགས་ཀྱི་ཁ་ཕྱོགས་གསལ་པོ་སྟོན་ཐུབ་པ་བྱས་ཏེ་གྲངས་འདས་ཀྱི་སློབ་ཕྲུག་ཚོའི་ཕུགས་བསམ་མངོན་འགྱུར་ཡོང་བའི་ཐོག་མའི་ཆ་རྐྱེན་དེ་བསྐྲུན་དགོས་པ་དང་།ཆབས་ཅིག་དགེ་རྒན་རང་ཉིད་ཀྱི་ཆབ་སྲིད་བསམ་བློའི་གོ་རྟོགས་མཐོ་ཙམ་ཡོད་ཆེད་གོས་ངེས་རིག་གཞུང་ཁག་ལ་བརྩོན་པ་ལྷོད་དུ་མི་གཏོང་བ་དང་སློབ་གསོའི་ལས་རིགས་ཤིག་ཡིན་པ་ལ་བརྟེན་ནསའོས་འགན་སློབ་གསོའི་བཅའ་ཁྲིམསདང་སློབ་གསོའི་བཅའ་ཁྲིམས》《དགེ་རྒན་གྱི་བཅའ་ཁྲིམས》《ནར་མ་སོན་པའི་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་སྟངས་བཅའ་ཁྲིམསསོགས་ཀྱང་སློབ་སྦྱོང་བྱས་ཏེ་རང་འགུལ་ངང་རང་དཔེ་གཞན་སྟོན་ཐུབ་པར་འགྱུར་མེད་བསམ་བློ་ཡོད་དགོས་པ་དང་བསམ་བློའི་ཆུ་ཚད་ངེས་ཅན་སླེབས་པ་བྱེད་དགོས།

གཉིས། གཞན་ལས་ལྷག་པའི་ཀུན་སྤྱོད་ལྡན་དགོས།

དཔེ་ཁྲིད་མི་སྐྱོང་ལས་ཀས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་ནི་དགེ་རྒན་གྱི་འོས་འགན་ཡིན་ལ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སློབ་གཉེར་གྱི་དམིགས་ཡུལ་ཡིན་ཁར་མི་གཞན་ལ་་ཞབས་འདེགས་ཞུ་རྒྱུ་ནི་དེང་སྐབས་སྤྱི་ཚོགས་ཧྲིལ་པོའི་རེ་པ་ཡིན་པ་ལ་བརྟེན་ནས་དགེ་རྒན་ཚོས་ཀུན་སྤྱོད་ལ་མཐོང་ཆེན་བྱེད་དགོས།སློབ་གསོའི་བརྩེ་དུང་དང་སློབ་གསོའི་ལས་ཀར་བསམ་པ་རྣམ་དག་བྱེད་རྒྱུ་ནི་ལས་གནས་དེར་གཞོལ་མཁན་ཚོའི་དོར་མེད་འགན་འཁྲི་ཡིན་པལ་བརྟེན་ནས་རྒྱུན་དུ་གསོ་སྐྱོང་བྱེད་པའི་སློབ་ཕྲུག་ཚོའི་ཕུགས་བསམ་མངོན་འགྱུར་ཡོང་ཕྱིར་ནུས་ཤུགས་འདོན་རྒྱུའི་བསམ་བློ་ཡོད་དགོས་པ་དང་སློབ་གསོའི་བྱ་གཞག་ཐོག་ཏུ་མངོན་མེད་ལེགས་སྐྱེས་འབུལ་རྒྱུ་དང་སློབ་ཕྲུག་ལ་དགའ་ཞེན་དང་སློབ་མའི་འདོད་པ་བསྐོངས་རྒྱུ་དང་སློབ་མར་བསམ་བློ་གཏོང་ཐུབ་པ་དང་སློབ་མར་སེམས་ཁུར་བྱེད་ཐུབ་པ་བཅས་ནི་ཡང་དག་པའི་ཀུན་སྤྱོད་ཀྱི་སྣང་ཚལ་དངོས་ལས་བྱུང་ཞིང་། བྱང་ཚད་ལྡན་པའི་དགེ་རྒན་ལ་ཐོག་མར་ཀུན་སྤྱོད་ཐོག་གི་བྱང་ཚད་ལྡན་དགོས་རྒྱུ་དང་མི་སྣ་གསོ་སྐྱོང་བྱེད་པར་གཞན་ལས་ལྷག་པའི་ཀུན་སྤྱོད་ལྡན་དགོས་པ་དམིགས་སུ་བཟུང་ནས་རང་གིས་རང་ལ་རེ་བ་ནན་པོ་བཅོལ་རྒྱུ་དང་སྤྱི་ཚོགས་ཐོག་གི་གྲགས་ཅན་མི་སྣར་སློབ་སྦྱོང་མང་ཙམ་བྱས་ནས་དགེ་རྒན་གྱི་རང་དཔེ་གཞན་སྟོན་གྱི་ཀུན་སྤྱོད་ལས་ཤུགས་རྐྱེན་ཐེབས་པ་བྱེད་དགོས།

གསུམ།གསོ་སྐྱོང་བྱེད་པའི་སློབ་ཕྲུག་དེ་དག་རང་ཕྲུག་ལས་ལྷག་པའི་འདུ་ཤེས་ཡོད་དགོས།

སློབ་ཕྲུག་ཚོའི་ངོས་ནས་བཤད་ན་སློབ་གྲྭ་ནི་རང་གི་ཁྱིམ་ཚང་གཉིས་པ་ཡིན་ལ་དགེ་རྒན་ནི་ཕ་མ་གཉིས་པའམ་ཕ་མ་ནང་བཞིན་གྱི་བརྩི་བཀུར་བྱེད་ས་ཞིག་ཡིན་ཞིང་།སློབ་གྲྭའི་སློབ་གསོས་འཚར་ལོངས་ཡོང་བ་དང་ཤེས་རིག་འཕེལ་རྒྱས་གཏོང་ཐུབ་ཀྱི་ཡོད།སློབ་ཕྲུག་རྣམས་ལ་ཤེས་བྱའི་རིག་གནས་ལྡན་པ་དང་ཀུན་སྤྱོད་ལྡན་པ་སོགས་ཕྱོགས་ཡོངས་འཕེལ་རྒྱས་དང་ཕུགས་བསམ་མངོན་འགྱུར།སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་རྐང་འཛིན་ནུས་པ་ཐོན་ཐུབ་བྱེད་རྒྱུ་ནི་སྤྱི་ཚོགས་དང་།ལས་རིགས།ཕ་མ་སོགས་ཚང་མའི་རེ་བ་ཡིན་པས་རེ་བ་དེ་དག་བསྒྲུབ་ཐུབ་པ་བྱ་རྒྱུའི་ཆེད་དུ་དགེ་རྒན་ཚོར་སློབ་ཕྲུག་གསོ་སྐྱོང་བྱེད་པའི་ནང་སློབ་ཕྲུག་རྣམས་རང་ཕྲུག་ལས་ལྷག་པར་འདུ་ཤེས་ལྡན་དགོས།དེ་འདྲ་བྱུང་ཚེ་གསོ་སྐྱོང་གི་དམིགས་ཡུལ་བསྒྲུབ་ཐུབ་པ་དང་ཏང་དང་རྒྱལ་ཁབ་ཀྱི་རེ་བ་བླ་ན་མེད་པ་མངོན་འགྱུར་ཡོང་ཁར་སློབ་མ་ཚོས་ཀྱང་རང་གི་དགེ་རྒན་དེ་རང་གི་ཕ་མ་ལས་ཀྱང་ལྷག་པ་ཡོད་པའི་བསམ་བློ་ཆགས་ཐུབ།

བཞི།སློབ་གྲྭ་དེ་རང་ཁྱིམ་ལ་ངོས་བཟུང་ནས་ལས་དོན་བསྒྲུབ་མཁན་ཞིག་ཆགས་པ་བྱེད་དགོས།

 སློབ་གསོ་སློབ་ཁྲིད་ལས་ཀར་གཞོལ་མཁན་ཚོས་སློབ་གྲྭ་དེ་རང་ཁྱིམ་ཡིན་པའི་ངོས་འཛིན་གནང་སྟེ་སློབ་ཁང་དང་།ཟ་ཁང་།གཞུང་དོན་ཁང་སོགས་ལ་བདག་གཅེས་བྱེད་པའི་བསམ་པ་ཡོད་དགོས་པ་དང་།སྒྲོག་ཙེ།རྐུབ་སྟེགས་དང་ཉལ་ཁྲི་ལ་སོགས་སློབ་གྲྭའི་རྒྱུ་དངོས་ཆེ་ཆུང་ཚང་མ་རང་ཁྱིམ་གྱི་ནང་ཆས་ལྟར་ཡིནཔའི་བསམ་བློ་བཅངས་ཏེ་གཅེས་སྤྲས་ཀྱི་བསམ་བློའི་འདུ་ཤེས་ཡོད་དགོས།སློབ་གྲྭའི་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་རང་གི་འོས་འགན་ཡིན་པའི་ངོས་འཛིན་ཡོད་པ་དགོས་རྒྱུའི་ཁར་སློབ་གྲྭའི་གཙང་སྦྲ་ལེགས་ཉེས་ལས་དགེ་སློབ་ཀྱི་གཟུགས་གཞི་ཐང་མིན་གྱི་འབྲེལ་བ་ལྡན་པ་རྟོགས་དགོས་ཁར་རྒྱུན་ལྡན་བསྐོར་སྐྱོད་ནང་གང་དུ་གནས་ཚུལ་ལདན་པ་དེ་བཅོས་ཐུབ་པ་དང་གང་དུ་མི་འདང་བའི་ཆ་ཤས་ཡོད་པར་དེར་བཅོས་སྐྱོང་དང་ལེགས་བཅོས་ཡོད་པཐོག་ནས་སློབ་གྲྭའི་སྤྱི་དངོས་དང་།སློབ་གྲྭའི་ཁོར་ཡུགསློབ་གྲྭའི་སྤྱི་ཁང་སོགས་རང་ཁྱིམ་ཡིན་པ་ལྟ་བུའི་བསམ་བློ་བཅངས་ནས་དེར་བདག་སྐྱོང་དང་དར་གཅེས་འཛིན་བྱས་ཏེ་སློབ་གྲྭ་དེ་རང་ཁྱིམ་སྐྱོང་བའི་ངང་ཚུལ་ཆགས་པ་བྱེད་དགོས།

ལྔ།  རྒྱུན་གཏན་ལས་ཀའི་ནང་སློབ་ཁང་ཕྱི་ནང་་གཉིས་ཀ་དམ་བཟུང་ཐུབ་པ་བྱེད་དགོས།

སློབ་ཕྲུག་གི་སྦྱངས་འབྲས་གོང་མཐོར་གཏོང་བ་དང་སློབ་ཁྲིད་སྤུས་ཚད་ལ་དམ་བཟུང་བྱེད་པའི་ལས་དོན་བསྒྲུབ་རྒྱུ་དེ་སློབ་གྲྭའི་ལས་ཀའི་ལྟེ་བ་ཞིག་ཡིན་ཞིང་སློབ་ཕྲུག་གི་སྦྱངས་འབྲས་ལེགས་པོ་ཆགས་དགོས།དགེ་རྒན་ནས་སློབ་ཁང་ཕྱི་ནང་གཉིས་ཀའི་ལས་ཀར་དམ་འཛིན་དགོས།འགའ་རེས་སློབ་ཕྲུལ་སློབ་ཁྲིད་བྱེད་སྐབས་སློབ་གྲྭའི་བཀོད་སྒྲིག་གི་སློབ་ཁང་ནང་གི་སློབ་ཚན་སྐར་མ་བཞི་བཅུར་དམ་བཟུང་གིས་བསླབ་ཁྲིད་ལས་ལ་གཞོལ་བ་ལས་སྐར་མ་བཞི་བཅུ་སོང་རྗེས་ཀྱི་དུས་ཚོད་ལ་ལྟ་རྟོགས་དང་ཁ་ཡ་མི་བྱེད་པའི་སྣང་ཚུལ་ཐོན་རྗེས་མཇུག་འབྲས་དེ་དོན་དུ་མ་སྨིན་པ་དང་སྦྱངས་འབྲས་ཞན་པོ་ཡོང་གི་ཡོད་ཅིང་།གནད་དོན་དེ་ཐག་གཅོད་ཡོང་ཆེད་དགེ་རྒན་ནས་སློབ་ཕྲུག་གི་སློ་ཁང་ཕྱི་ནང་གཉིས་ཀྱི་སློབ་སྦྱོང་ལ་དམ་འཛིན་གནང་གདོས།ལྷག་པར་སློབ་ཕྱིའི་དུས་ཚོད་ལ་ལྟ་རྟོགས་དང་རྒྱུས་མངའ་ལོན་པ་བྱས་ཏེ་སློབ་ཕྱིའི་ནང་གང་ལ་དགའ་ཞེན་བྱེད་པའི་བསམ་བློ་ཡོད་དགོས་པའི་ཐབས་ལམ་དུ་གང་ཐུབ་འཁྲིད་དགོས།དེ་ལྟར་བྱུང་ན་སློབ་ཕྲུག་གི་སློབ་ཁང་ནང་གི་སློབ་ཁྲིད་དང་སློབ་ཁང་ཕྱིའི་རང་སྦྱོང་བྱེ་ཐབས་གཉིས་ཀར་རང་འགུལ་དམ་བཟུང་བྱུང་ན་སྦྱངས་འབྲངས་ཀྱི་ལྟེ་བ་མི་བརླག་པར་ཕན་པ་བྱུང་སྲིད་ལ་སློབ་ཕྱིའི་དམ་འཛིན་གནང་རྒྱུ་དེ་ཡང་ཉིན་གཅིག་གཉིས་མ་ཡིན་པར་ཡུན་རིང་རྒྱུན་འཁྱོངས་ཐུབ་པ་བྱུང་ན་ཕན་ཐོགས་ངེས་ཅན་ཐོན་ཐུབ་པ་མ་ཟད།དེ་ལྟར་གོམས་གཤིས་གྱུར་ནས་ཐོག་མར་འདི་ལྟར་བྱེད་དགོས་ཞེས་པའི་སློབ་གསོ་དེ་ལྟར་བྱེད་ཀྱི་ཡོད་ཅེས་པའི་དོན་དུ་བསྒྱུར་ནས་རང་བྱས་ལས་ཀར་སྟབས་བདེ་བསྐྲུན་ཐུབ།
 
དྲུག སྣ་མང་ཤེས་རིག་ཤེས་ཐུབ་པ་དང་བསླབ་ཐུབ་པ་བྱེད་དགོས།

ཚན་རིག་དང་མཐུན་པའི་སློབ་གསོའི་གྲུབ་ཆ་ཁག་ལེགས་སྒྲིག་ཡོང་བྱེད་རྒྱུ་དང་སློབ་གསོ་སློབ་ཁྲིད་གནང་མཁན་ལ་རིག་གནས་ཁག་གཅིག་ལྡན་པ་ཁོ་ནས་མི་འགྲིག་པར་སྣ་མང་ཤེས་རིག་ཤེས་ཐུབ་པ་དགོས་ཤིང་། རྒྱུན་གཏན་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་གསར་པ་ཤེས་རྒྱུར་གཙིགས་མཐོང་གནང་དགོས། སློབ་ཆུང་སློབ་ཕྲུག་ནི་ལོ་ན་ཕྲ་བ་དང་། རང་བྱུང་ཁམས་ཀྱི་མྱོང་བ་ཞན་པ། སྤྱི་ཚོགས་ཐོག་གི་རྒྱུས་མངའ་མེད་པ་སོགས་ལས་དེ་དག་ཤེས་འདོད་ཀྱི་བསམ་བློ་ཡོད་པས་ཚད་མཐུན་སློབ་ཆུང་དགེ་རྒན་གནང་བར་ཤེས་རིག་སྣ་མང་ཤེས་ཐུབ་པའི་སྒོ་ནས་སློབ་ཕྲུག་གི་དགོས་འདོད་དང་ཤེས་འདོད་ཀྱི་རེ་བ་བསྒྲུབ་དགོས་ལ་སློབ་ཕྲུག་གི་སེམས་ཁམས་སུ་གནད་དོན་དེ་དག་བརྒྱུད་སྤྲོད་བྱེད་རྒྱུར་དགའ་ཞེན་ལྡན་པ་དང་རང་གི་ཤེས་བྱའི་ཆུ་ཚད་ངེས་ཅན་ཐོག་ནས་གསལ་འགྲེལ་ཐུབ་པ་དགོས་རྒྱུ་དང་ཕྲན་བུའི་དོགས་ཡོད་གསལ་འགྲེལ་མི་ཐུབ་པའི་གནས་དོན་དེ་མགྱོགས་མྱུར་ཐབས་ཤེས་སྤྱད་ནས་སློབ་མའི་སྦྱོང་འདོད་ཀྱི་རེ་བ་མཐའ་དག་བསྒྲུབ་ནས་སློབ་མ་ཚོས་དྲི་བ་འདོན་པ་དང་སློབ་མའི་སྦྱོང་འདོད་ཀྱི་རེ་བ་མཐའ་དག་བསྒྲུབ་ནས་སློབ་མ་ཚོས་དྲི་བ་འདོད་པ་དང་སློབ་མ་ཚོའི་སྣེ་མང་ཤེས་རིག་གི་མཆན་འགྲེལ་བ་ཞིག་ཆགས་ཐུབ་པ་བྱེད་དགོས།
 
བདུན། དགེ་རྒན་ལ་དྭངས་གཙང་གི་བསམ་བློ་ཡོད་དགོས།

ས་ཆ་གང་སར་སློབ་གསོ་སྔོན་སྐྱོད་ལས་ཀའི་དམ་འཛིན་ཤུགས་དྲག་ལྡན་པ་དང་དགེ་རྒན་ལ་བཅོལ་བའི་རེ་བ་མཐོ་ཞིང་སྤྱི་ཚོགས་དང་ཁྱིམ་ཚང་ཚང་མས་སློབ་གསོའི་ལས་ཀར་ཐུགས་ཁུར་ཟབ་བཞེས་གནང་བས་དགེ་རྒན་རྣམས་ཀྱང་རང་གི་ཕྲག་ཐོག་ལས་འགན་ལྗི་བ་དང་འགན་བབས་ལས་ཀའི་གནོན་ཤུགས་འོག་ནང་སེམས་ལ་རང་བཞིན་གྱི་གནོན་གཤུགས་ཤིག་སླེབས་ཀྱི་ཡོད།སློབ་ཕྲུག་གི་རིག་ནས་ཤེས་ཚད་མི་མཚུངས་པ་དང་ཁྱིམ་ཚང་གི་རེ་བ་མི་མཐུན་པ།སློབ་ཕྲུག་གི་སེམས་ཁམས་མི་མཐུན་ལ་སློབ་ཕྲུག་སོ་སོའི་དག་ཞེན་མི་གཅིག་པ་སོགས་སྣ་མང་གིས་དགེ་རྒན་གྱི་སེམས་ལ་རང་བཞིན་གྱི་ལྷོད་མི་ཆགས་ལ་སེམས་པ་རྩེ་གཅིག་མི་གནས་པའི་གནད་དོན་ལྷག་མུས་སུ་གྱུར་གྱི་ཡོད།དགེ་རྒན་གྱི་སེམས་ཁམས་རྙོག་འཛིང་དེ་ཐག་གཅོད་ལེགས་པོ་གཏོང་མ་ཐུབ་པས་དགེ་རྒན་ཚོས་ངེས་པར་རང་སེམས་བརྟན་པོ་དང་རང་སེམས་ལྷིང་འཇགས་སྒོ་ནས་སློབ་གསོའི་ལས་དོན་གཉེར་རྒྱུ་དེ་གལ་ཆེར་འཛིན་དགོས་ལ་དགེ་རྒན་གྱིས་སེམས་ཁམས་དྭངས་གཙང་གི་སྒོནས་སློབ་གསོ་སློབ་ཁྲིད་ལས་དོན་ལ་བཞུགས་ན་འབྲས་བུ་ཆེན་པོ་ཐོན་ཐུབ་ཅིང་།དགེ་རྒན་ནས་སློབ་ཕྲུག་མདུན་དུ་སེམས་པ་བབ་ཆགས་ཀྱི་སྒོ་ནས་འཛུམ་པའི་ཞལ་གྱིས་ཁོང་ཚོར་རིག་གནས་བརྒྱུད་སྤྲོད་བྱེད་པ་དང་སེམས་ཁམས་ཡངས་པོས་ཁོ་ཚོའི་བློ་མུན་སེལ་དགོས།རྒྱུན་གཏན་སློབ་ཕྲུག་དང་ཐུག་འཕྲད་ཀྱི་ལས་ཀ་བྱེད་པའི་ནང་སློབ་ཕྲུ་ལ་བྱམས་སྐྱོང་གི་འདུ་ཤེས་ཆེན་པོ་ཡོད་དགོས་པ་དང་སློབ་ཕྲུག་སྐྱོང་བའི་ལྷག་བསམ་རྣམ་དག་གི་བསམ་པལྡན་པ་དང་སློབ་ཕྲུག་སྐྱོང་བའི་ལྷག་བསམ་རྣམ་དག་གི་བསམ་པ་ལྡན་པ་དང་སློབ་ཕྲུག་གི་སྐབས་འཚམ་ལ་ཐོན་པའི་གནད་དོན་ཆུང་ངུར་བློ་རྒྱ་ཆེན་པོས་བསམ་གཞིག་ཐུབ་པ་དང་བཟོད་སྒོམ་གྱི་སྒོ་ནས་ཁོ་ཚོའི་ནོར་འཁྲུལ་མཐའ་དག་ཡོ་བསྲང་ཡོང་བ་བྱེད་དགོས་པ་དང་དགེ་རྒན་གྱིས་བློ་རིག་བརྟན་པོའི་སྒོ་ནས་སློབ་གསོ་སློབ་ཁྲིད་ལ་གཞོལ་བ་དང་སེམས་ཁམས་ལ་གནོན་ཤུགས་མེད་པར་བྱམས་དང་བརྩེ་བ་ལྡནཔ་འི་སྒོ་ནས་སློབ་ཕྲུག་རྣམས་ཀྱི་སེམས་ཁམས་ཀྱང་དྭངས་གཙང་གི་སྒོ་ནས་ཁོ་ཚོ་སྐྱོན་བྲལ་ངང་འཚར་ལོངས་དང་དགའ་བའི་ཁོར་ཡུག་ཁྲོད་ཤེས་རིག་འཕེལ་བར་ཕན་པ་ཡོང་ཐུབ།

བརྒྱད།  དགེ་རྒན་ནས་སློབ་གསོའི་ལས་རིགས་ལ་དགའ་ཞེན་གྱི་བསམ་པ་ལྡན་དགོས།

དགེ་རྒན་ནི་མི་རིགས་ཀྱི་རིག་གཞུང་གི་ཤུལ་འཛིན་གསོ་སྐྱོང་གནང་ནས་སློབ་གསོའི་བྱ་གཞག་མགྱོགས་ལ་སྤུས་དག་གི་སྒོ་ནས་འཕེལ་རྒྱས་གཏོང་མཁན་དང་དེང་སྐབས་སྤྱི་ཚོགས་ཐོག་ཏུ་བྱང་ཚད་མཐོ་བའི་མི་སྣ་འབོར་ཆེན་གསོ་སྐྱོང་མཛད་མཁན་ཞིག་ཡིན་པས་ལས་དོན་དེ་བསྒྲུབ་རིང་དཀའ་བ་ཡུན་རིང་སྤྱད་ན་མ་གཏོགས་འབྲས་བུ་མི་ཐོན་པ་དང་དཀའ་སྤྱད་འབད་བརྩོན་གྱི་སེམས་ཤུགས་ཐོག་མཐའ་བར་སུམ་དུ་དགོས་པ་དང་འབྲས་བུ་ལེགས་པོ་དང་ཚད་ལྡན་ཡོང་ཐབས་བྱེད་པའི་བརྒྱུད་རིམ་ནང་དཀའ་ངལ་སྣ་ཚོགས་འཕྲད་དེ་སློབ་གསོའི་ལས་ཀར་ཞེན་ལོག་དང་རང་ལས་ཀྱི་འཁུར་པོ་ལྗི་དྲག་པའི་སྣང་ཚུལ་དུ་མས་དགེ་རྒན་མང་པོའི་སེམས་ཁམས་སུ་ལས་རིགས་དེར་མི་དགའ་བའི་བསམ་པ་སྐྱེས་ཏེ་རང་ལས་ལྷོད་དུ་མི་བབས་པ་དང་ལས་རིགས་གཞན་ལ་སྨོན་པ་དང་ལས་རིགས་གཞན་ལ་ཕྱོགས་འགྲོ་བའི་བསམ་པ་སྐྱེད་ཏེ་སློབ་གསོའི་སློབ་ཁྲིད་ལ་སྐྱོན་ཆ་བགོས་བཞིན་ཡོད།སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་འགན་སྲུང་ཡོང་བ་དང་རིམ་པ་ཁག་གི་འཆར་གཞི་བསྒྲུབས་ཐུབ་པ་དགོས་ན་ངེས་པར་དུ་དང་ཐོག་ལས་རིགས་དེ་དགའ་ཞེན་དང་ཞེན་ཆགས་ཀྱི་བསམ་པ་ཆེན་པོ་དགོས་པས་དོན་དེར་དམིགས་ནས་སློབ་གསོའི་ཕྱག་ལས་ལ་གཞོལ་མཁན་རྣམས་ནས་རང་གི་སལ་རིགས་དེར་དགའ་ཞེན་ཚད་མེད་དགོས་པ་དང་ལས་རིགས་དེ་གཟི་བརྗིད་ཡིན་པ་མ་བརྗེད་པ་དང་སྤྱི་ཚོགས་ཧྲིལ་པོའི་དགོས་མཁོ་ཆེན་པོ་ཡོད་པའི་དངོས་ཡོད་ལ་གཞིགས་ནས་རང་ལས་ལ་དགའ་ཞེན་སྒོ་ནས་སྤུས་ཚད་གོང་མཐོར་གཏོང་བའི་ལས་དོན་བསྒྲུབ་དགོས་རྒྱུ་ནི་གལ་ཆེར་མཆིས་སྙམ།

                                             མཚོ་སྔོན་ཉིན་རེའི་ཚགས་པར། 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060