གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།སྤུས་ཚད་སློབ་གསོ་ཁྱབ་སྤེལ་གཏོང་ན་ཐོག་མར་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་གསར་བསྒྱུར་བྱེད་དགོས་པའི་སྐོར་རོབ་ཙམ་གླེང་བ།
སྤེལ་དུས།2009-10-21   ཡོང་ཁུངས་།《རྩེར་སྙེག》   རྩོམ་པ་པོ། ཚེ་དྲིན་ལན། འབྲུག་མོས་ཞུ་དག་བྱས།
     སྤུས་ཚད་སློབ་གསོ་ཁྱབ་སྤེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི། སློབ་གསོའི་འདུ་ཤེས་གསར་བསྒྱུར་བྱེད་དགོས་པ་དེ་ཡིན་ཞིང་། ཁྱད་པར་དུ་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་གསར་དུ་བསྒྱུར་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ་བའི་ཆ་རྐྱེན་ཞིག་ཡིན། རྒྱུ་མཚན་ནི། མི་སུ་ཞིག་ཡིན་རུང་མི་ཚེ་ཧྲིལ་བོའི་ནང་ཆེས་ཐོག་མར་མྱོང་དགོས་པ་ནི་ཁྱིམ་ཚང་གི་སློབ་གསོ་ཡིན་ལ། དེ་ནས་ད་གཟོད་རིམ་བཞིན་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་ཀྱི་སློབ་གསོ་མྱོང་དགོས་པ་རེད། འདིར་གླེང་བར་བྱ་བའི་སྤུས་ཚད་སློབ་གསོ་ནི་ཁྱིམ་ཚང་གི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་འབྲལ་མེད་གཅིག་འདུས་རང་བཞིན་ལ་བྱ་ཞིང་། ཁྱིམ་ཚང་གི་སློབ་གསོ་དང་བྲལ་བའི་སྤུས་ཚད་སློབ་གསོ་ནི་ཆ་མི་ཚང་བ་དང་ཕྱོགས་ཙམ་པ་ཡིན། འདིས་ཁྱིམ་ཚང་གི་སློབ་གསོ་ནི་སྤུས་ཚད་སློབ་གསོའི་འབྲལ་མེད་གྲུབ་ཆ་དང་རྨང་གཞི་ཡིན་པ་བསྟན། ཁྱིམ་ཚང་གི་སློབ་གསོ་ག་འདྲ་ཡིན་པ་དེས། ཐད་ཀར་དུ་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་ལ་ཤན་ཤུགས་ཐེབས་ཞིང་། མི་ཞིག་འཚར་ལོངས་འབྱུང་བའི་རྒྱུ་སྤུས་ལ་ཤུགས་རྐྱེན་ཐེབས་ངེས་རེད། དེའི་རྐྱེན་གྱིས། ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་གསར་བསྒྱུར་ཏེ། ཁྱིམ་ཚང་གི་སློབ་གསོ་དེ་ཉིད་བཅོས་བསྒྱུར་དང་ཡར་རྒྱས། མདུན་སྐྱོད་ཁྲོད་ཀྱི་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོར་བསྟུན་ཅི་ཐུབ་བྱ་བ་ནི། སྤུས་ཚེད་སློབ་གསོ་བདེ་བླག་ངང་ཁྱབ་སྤེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ནོ།།
    
ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་ཟེར་བ་ནི། ཕ་མའི་སེམས་ཀྱི་བུ་ཕྲུག་ལ་སློབ་གསོ་གཏོང་བ་དང་བུ་ཕྲུག་བསྐྱེད་བསྲིང་བྱེད་པའི་བསམ་བློ་དང་ལྟ་ཚུལ་བརྟན་ཆགས་ཅན་དེ་ཡིན་ལ། རྣམ་པ་འཁྲུག་ཅིང་ཁྱད་ཆོས་དོད་པའི་བུ་ཕྲུག་ལ་སློབ་གསོ་གཏོང་ཐབས་དང་བུ་ཕྲུག་གི་ཤེས་པ་བསྐྱེད་པའི་ལྟ་ཚུལ་དེ་ཡིན། ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་གསར་དུ་བསྒྱུར་བ་ཟེར་བ་ནི། ཕ་མའི་སེམས་ནང་གི་སྲོལ་རྒྱུན་གྱི་འདུ་ཤེས་དང་ལྟ་ཚུལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་མི་མཐུན་པ་བཅོས་བསྒྱུར་བྱེད་པ་དེར་ཟེར། རིག་གནས་སྲོལ་རྒྱུན་ནས་སྤྱི་ཚོགས་སེམས་ཁམས་སུ་འཕོ་འགྱུར་དང་། འདུ་ཤེས་དེང་རབས་ཅན་དུ་བསྒྱུར་བ། ཕ་མའི་བསམ་བློ་དང་བུ་ཕྲུག་སྐྱེད་བསྲིང་གི་ལྟ་བ་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མཐུན་སྦྱོར་ཡོང་བར་བྱས་ཐོག དུས་རབས་ཀྱིས་ཤེས་ལྡན་པར་འགྲན་སློང་བ་སྟེ་གཞན་དབང་གིས་མཐུན་ཐབས་བྱེད་པ་ནས་རིམ་བཞིན་རང་དབང་གིས་གདོང་བསུ་ཐུབ་པ་དེའོ།། དེང་སྐབས། ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་དང་ཁྱིམ་ཚང་གི་སློབ་གསོ་བྱེད་ཐབས་གང་ཞིག་ཡིན་ཡང་དེ་ལ་ནོཆུག་དང་སྐྱོན་ཆ་གནས་པ་རེད། སློབ་གསོ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་གདོང་ཕྱོགས་པ་དང་། སྤུས་ཚད་སློབ་གསོ་ཕྱོགས་ཡོངས་ནས་སྐྱོང་བའི་ད་ལྟ། ཕ་མ་མང་པོ་ལ་མཚོན་ན་རང་གི་བུ་ཕྲུག་འཚར་ལོངས་ཐད་རོགས་ཅི་ལྟར་བྱེད་པར་ངེས་ཆ་མེད་ལ། བུ་ཕྲུག་ལ་ཅི་ལྟར་གཅེས་དགོས་པ་དང་ཅི་ལྟར་བསླབ་བྱ་གནང་དགོས་པ་ཤེས་ཀྱི་མེད་པ་རེད། དེར་བརྟེན་ནས་སློབ་མ་ཕྱོགས་ཡོངས་ནས་འཕེལ་བར་གསོ་སྐྱོང་དང་། སློབ་མའི་གསར་གཏོད་སྙིང་སྟོབས་དང་། ལག་ལེན་ནུས་པ་གསོ་སྐྱོང་བྱེད་པ་གཙོར་འཛིན་པའི་སྤུས་ཚད་སློབ་གསོ་དང་འགལ་བ་ལྟག་སྤྲོད་དུ་གནས་པའི་ལྟ་ཚུལ་དང་བྱེད་ཐབས་སྣ་ཚོགས་བྱུང་བ་གཤམ་གསལ།
    
 .ཕ་མ་ཁ་ཤས་ཀྱིས་བུ་ཕྲུག་གིས་སྐར་མ་མཐོན་པོ་ལེན་པ་དེ་རང་གི་སློབ་གསོའི་ཡང་རྩེ་རུ་འཇོག་ཅིང་། རྒྱུགས་སྐར་དང་ཨང་རིམ་དེ་མ་འོངས་བར་བུ་ཕྲུག་འཁྱོངས་མིན་གྱི་ཚད་འབྱེད་ཉག་ཅིག་ལ་བརྩི་བ་ལས། བུ་ཕྲུག་གི་སློབ་གཉེར་དང་འཚོ་གནས། མཉམ་འབྲེལ། ཡར་རྒྱས། གསར་གཏོད་ནུས་པ་སོགས་གསོ་སྐྱོང་བྱེད་རྒྱུ་མི་ཤེས་པ་རེད།
    
ཕ་མ་ཁ་ཤས་ཀྱིས་སྤུས་ཚད་སློབ་གསོར་གོ་བ་ཟབ་མོ་མ་ལོན་པར། བུ་ཕྲུག་ལ་ཡིན་གཅིག་མིན་གཉིས་སུ་རི་མོ་དང་གཙག་དྲུབས། ཞབས་བྲོའམ་ཡང་ན་ལྒང་ལི་རྩེད་པ་སོགས་བཙན་གྱིས་སྦྱོང་བར་འཇུག་པ་མ་ཟད། ད་དུང་ངེས་པར་དུ་ཚད་ངེས་ཅན་ཞིག་ལ་ཐོན་དགོས་ཤིང་། དེ་ལྟ་མིན་ན་སྤུས་ཚད་སློབ་གསོ་མ་ཡིན་པར་འདོད།
    
 ༣.ཕ་མ་ཁ་ཤས་ཀྱིས་བུ་ཕྲུག་གིཁུར་བོ་ཇེ་ཡང་དུ་གཏོང་བནི། བུ་ཕྲུག་ལ་རྩེད་འཇོའི་དུས་ཚོད་རིང་དུ་བྱིན་ཏེ། ཤེས་བྱ་བློར་མི་འཛིན་པ་དང་ལས་བྱ་འབྲི་མི་དགོས་པ་དེ་ཡིན་པར་བསམས་ནས། བུ་ཕྲུག་རྒྱ་ཡན་ལང་ཤོར་དུ་གཏོང་བ་རེད།
   
༤..ཕ་མ་ཁ་ཤས་ཀྱིས་བྱིས་པ་ནི་སྒེར་གྱི་རྒྱུ་ནོར་ལ་བརྩིས་ཤིང་། བུ་ཕྲུག་ནི་སྒེར་ཚུགས་ཀྱི་མི་ཞིག་ཡིན་པའི་ཆ་ནས་ཁོ་ཚོ་དང་འདྲ་མཉམ་མི་བྱེད་པ་དང་། ཁོ་ཚོའི་མི་གཤིས་ལ་བརྩི་བཀུར་མི་བྱེད་པ། ཁོ་ཚོའི་སྤྱི་ཚོགས་རང་བཞིན་ལ་བསམ་བློ་མི་གཏོང་བ་རེད།
    
 ༥.ཕ་མ་ཁ་ཤས་ཀྱིས་བུ་ཕྲུག་གི་འཚར་ལོངས་རང་བཞིན་མི་ཤེས་ལ། དེ་ལ་མི་ཚེའི་ཆོས་ཉིད་ངེས་ཅན་དང་། མི་ཚེའི་རིན་ཐང་ལྟ་ཚུལ་ངེས་ཅན་གྱིས་མཛུབ་སྟོན་བྱས་ནས་འཚར་ལོངས་འབྱུང་བར་གྲོགས་མི་བྱེད་པ་མ་ཟད། ཐ་ན་བུ་ཕྲུག་གི་ཡར་རྒྱས་འགྱུར་ལྡོག་ལ་གོ་བ་མི་ལོན་པ་རེད།
    
.ཕ་མ་ཁ་ཤས་ཀྱིས་བུ་ཕྲུག་གསོ་སྐྱོང་བྱེད་པའི་དམིགས་ཡུལ་ག་ཅིག་ནི། བུ་ཕྲུག་གིས་རྗེས་ཕྱོགས་བྱ་བ་ལས་པའི་ཟླ་ཕོགས་ཀྱིས་རང་ལ་དྲིན་ལན་མཇལ་རྒྱུ་དེ་ཡིན་ལ། གལ་ཏེ་དཔེ་ཆ་བཏོན་ཡང་རྒྱལ་ཁབ་ཀྱིས་བྱ་བ་བཀོད་སྒྲིག་མི་བྱེད་ན། བུ་ཕྲུག་སློབ་གྲྭ་ནས་ཕྱིར་འཐེན་སྲིད།
    
.ཕ་མ་ཁ་ཤས་ཀྱིས་ཤེས་རིག་སློབ་གསོ་ཁོ་ན་ཡོད་ན་ད་གཟོད་བུ་ཕྲུག་ཤེས་ལྡན་པར་འགྱུར་བར་འདོད་པས། བུ་ཕྲུག་གི་ཤེས་རིག་སློབ་གསོ་ཁོ་ན་ལས་ཀུན་སྤྱོད་སློབ་གསོ་ལ་མཐོང་ཆེན་མི་བྱེད། དེ་བས་ཁྱིམ་དུཡ་རབས་གཅེས་ཕྲུགདངམ་རབས་ཐ་ཤལབྱུང་བ་རེད། གོང་སྤྲོས་ཀྱི་གནས་ཚུལ་འདི་དག་རྒྱལ་ཡོངས་ཀྱི་ས་གནས་ཀུན་ཏུ་ཚད་མི་མཉམ་པར་གནས་ཡོད་ལ། གྲངས་ཉུང་མི་རིགས་ས་ཁུལ་དུ་ལྷག་པར་རྒྱུགས་ཆེ། སློབ་གསོའི་འདུ་ཤེས་དང་བྱེད་ཐབས་ནོར་འཁྲུལ་ཅན་འདི་དག་གིས་བུ་ཕྲུག་ཚོས་རྒྱུན་དུ་རྒྱབ་ལ་ཁུར་དུ་ལྕི་བའི་དཔེ་ཁུག་ཁུར་ཞིང་། སེམས་ལ་ཐེག་པར་དཀའ་བའི་གནོན་ཤུགས་སྣ་ཚོགས་བཟུང་ནས་སློབ་གྲྭར་འགྲོ་དགོས་རུང་བཤད་ས་མེད་པའི་གནས་ཚུལ་འདི་བཟོས་པ་རེད། བསམ་གཞིག་རེ་བྱས་ན། འདི་ལྟ་བུའི་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་དང་བྱེད་ཐབས་འོག་སྤུས་ཚད་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་སྤེལ་ཇི་ལྟར་གཏོང་། སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་ནུས་པ་གསོ་སྐྱོང་བྱས་ཏེ། སྐྱེ་སྟོབས་ལྡན་ཞིང་གསོན་ཉམས་ལྡན་པའི་ངང་འཕེལ་རྒྱས་སུ་ཇི་ལྟར་གཏོང་། བྱིས་པ་རྣམས་འདི་ལྟ་བུའི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་ཀྱི་ནོར་འཁྲུལ་དང་ཕྱོགས་ལྷུང་གིས། སྤུས་ཚད་སློབ་གསོ་ཁྱབ་སྤེལ་གཏོང་བར་བཀག་སྡོམ་ཚབས་ཆེན་ཐེབས་ཡོད་པར་མ་ཟད། ཐ་ན་བར་གེགས་སུ་གྱུར་ཡོད་པ་རེད། དེའི་རྐྱེན་གྱིས་སྤུས་ཚད་སློབ་གསོ་ཁྱབ་སྤེལ་གཏོང་དགོས་ན། ཐོག་མར་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་གསར་བསྒྱུར་བྱེད་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། འོ་ན། ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་ཅི་ལྟར་བསྒྱུར་དགོས་ཤེ་ན། གནད་ཀྱི་དམ་པ་ནི་ཁྱིམ་བདག་གི་སློབ་གསོའི་ལྟ་བ་བསྒྱུར་བ་དང་ཁོ་ཚོར་ཤེས་ལྡན་པའི་ཚད་ཐིག་ཡང་དག་པ་ཞིག་ཆགས་པར་རོགས་བྱེད་པ། ཧུར་ཐག་གིས་ཁྱིམ་ཚང་སློབ་གསོའི་རྩ་བའི་ཤེས་བྱ་སློབ་སྦྱོང་བྱེད་དུ་བཅུག་ནས། ཕ་མ་རང་ཉིད་ཀྱི་སྤུས་ཚད་མཐོར་འདེགས་དང་རང་ཉིད་ཀྱི་ཚན་རིག་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ལྷག་པར་དུ་གཤམ་གྱི་ལྟ་བ་དག་འཛུགས་དགོས་ཏེ།
    
.ཁུར་བོ་ཇེ་ཡང་དུ་གཏོང་བལ་གོ་བ་ཡང་དག་བླངས་ཏེ། ཚན་རིག་དང་མཐུན་པའི་ཤེས་ལྡན་ལྟ་བ་འཛུགས་པ།ཁུར་བོ་ཇེ་ཡང་དུ་གཏོང་བནི་གོམ་གང་མདུན་སྤོས་སྒོས་སྤུས་ཚད་སློབ་གསོ་ཁྱབ་སྤེལ་གཏོང་བའི་བྱེད་སྟངས་འགངས་ཆེན་ཞིག་དང་། སློབ་གསོ་བཅོས་བསྒྱུར་གཏིང་ཟབ་སྤེལ་བའི་བྱེ་བྲག་གི་མཚོན་རྟགས་ཤིག་ཡིན། དེའི་རྐྱེན་གྱིས། ཁྱིམ་བདག་གིས་ངེས་པར་དུ་སློབ་གྲྭའིཁུར་བོ་ཇེ་ཡང་དུ་གཏོང་བའིབྱ་བར་མཉམ་འབྲེལ་བྱས་ཏེ། ཁུར་བོ་ཇེ་ཡང་དུ་གཏོང་བནི་སློབ་མའི་ལུས་སེམས་ལ་གནོད་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཚད་ལས་བརྒལ་བའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དེ་ཡིན་པ་ལས། སློབ་སྦྱོང་གི་ཚད་གཞི་ཇེ་དམའ་དང་། སློབ་མར་བཅངས་པའི་རེ་བ་ཇེ་ལྷོད་དུ་གཏོང་བ་མིན་པ་ཤེས་དགོས། དེ་བས་ཀྱང་རྒྱུགས་མི་ལེན་པ་དང་རྒྱུ་སྤུས་མི་དགོས་པ། སློབ་རིམ་འཕར་མི་དགོས་པ་ལྷག་ཏུ་མིན་པ་ཤེས་དགོས་སོ།། ཁུར་བོ་ཇེ་ཡང་དུ་གཏོང་བའིམཐའ་མཇུག་དམིགས་ཡུལ་ནི་གྲུབ་འབྲས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན། ཁུར་བོ་ཇེ་ཡང་དུ་གཏོང་བཟེར་བ་ནི་བྱིས་པར་བྱིས་པའི་དུས་སྟེར་དགོས་ཞེས་པ་དེ་ཡིན་ལ། ཁོ་ཚོར་འདང་ཚིམ་པའི་དུས་ཚོད་དང་ཁོར་ཡུག་ཅིག་བྱིན་ནས། རང་དབང་དང་རང་བཞིན་སྒོས་རང་ཉིད་ཀྱི་གཤིས་ཀ་བསྐྱེད་པ་དང་། རང་འགུལ་གྱིས་སློབ་སྦྱོང་དང་ཡར་སྐྱེད་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། ཤེས་ལྡན་པར་འགྱུར་རིམ་གྱི་སྤུས་ཚད་མཐོར་འདེགས་བཅས་བྱས་ཏེ། དེང་ཕྱིན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རྨང་གཞི་འདིང་དགོས་པ་དེ་ཡིན། ཕ་མས་ངེས་པར་དུ་ཤེས་དགོས་པ་ནི། རྗེས་ཕྱོགས་བུ་ཕྲུག་ཤེས་ལྡན་པ་ཡོང་མིན་གྱི་ཚད་ཐིག་ནི་བུ་ཕྲུག་གི་ཤེས་ཡོན་འབྱོར་ཚད་དང་། སྐར་གྲངས་མཐོ་དམན། སློབ་གྲྭའི་གཙོ་ཕལ་ཁོ་ན་ཙམ་མིན་པར། བུ་ཕྲུག་གིས་ཤེས་བྱ་གསར་སྐྲུན་བྱ་ཐུབ་མིན་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པའི་ནུས་པ་ག་འདྲ་ཡིན་པ་དེར་རག་ལས་པ་ཡིན། དེའི་ཕྱིར། ཡང་དག་པའི་སྒོ་ནསཁུར་བོ་ཇེ་ཡང་དུ་གཏོང་བལ་ངེས་ཤེས་འདྲོངས་པ་དང་། ཤེས་ལྡན་པའི་ཚད་ཐིག་ཡང་དག་པ་ཞིག་འཛུགས་རྒྱུ་ནི། ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་གསར་དུ་བསྒྱུར་བའི་ཐོག་མའི་གནད་དོན་ཡིན།
    
.ཕ་མས་ངེས་པར་དུ་བུ་ཕྲུག་ཀྱང་མི་དངོས་ཡིན་པ་ངོས་ཟིན་དགོས། མི་ཞིག་ཡིན་ཕྱིན། དེ་ལ་འདྲ་མཉམ་གྱི་ལྟ་སྟངས་དང་བརྩི་བཀུར་བྱེད་དགོས། ཁྱིམ་ཚང་སློབ་གསོའི་རྣམ་པའང་ཆེས་ཕལ་བའི་ཁྱིམ་བདག་གི་རྣམ་པ་ནས་འདྲ་མཉམ་དང་། དམངས་གཙོའི་ཕྱོགས་སུ་བསྐྱོད་དགོས། བུ་ཕྲུག་ཚོའི་སེམས་ལ་རང་ཉིད་ཀྱང་ཕ་མ་དང་གཅིག་མཚུངས་སུ། བསམ་བློ་ཡོད་པ་དང་བརྩེ་དུང་ཡོད་པ། བརྩི་བཀུར་ཐོབ་ཆོག་ཆོག་གི་མི་ཞིག་ཡིན་པའི་ཚོར་སྣང་སྟེར་དགོས།
    
.བུ་ཕྲུག་ནི་འཚར་ལོངས་འབྱུང་བཞིན་པ་ཞིག་ཡིན།  མི་སུ་ཡིན་རུང་ཆོས་ཉིད་ངེས་ཅན་ལྟར་འཚར་ལོངས་འབྱུང་བཞིན་ཡོད་ཅིང་། སྐྱེ་སྟོབས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བྲལ་ནས་གསོན་པ་ཞིག་ཏན་ནས་མེད། དེའི་རྐྱེན་གྱིས་ཕ་མས་བུ་ཕྲུག་གི་སེམས་ཁམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་ཁོ་ཚོར་སློབ་གསོ་གཏོང་དགོས་ལ། ཉམས་མྱོང་ལ་བསྟེན་པ། བརྩེ་དུང་གིས་ཁ་ལོ་བསྒྱུར་བའི་སྣ་གཅིག་རང་བཞིན་ནས་ཚན་རིག་གིས་སྐྱོང་བ་དང་བློ་རིག་གིས་ལམ་སྣ་ཁྲིད་པའི་འཕེལ་འགྱུར་གྱི་གོ་རིམ་དེ་བསྟེན་དགོས།
      
.བུ་ཕྲུག་ནི་མ་འོངས་པར་སྤྱི་ཚོགས་སུ་ཕྱོགས་དགོས་པའི་སྒེར་ཚུགས་ཅན་ཞིག་ཡིན། ཕ་མས་སྤྱི་ཚོགས་ཀྱི་ཚད་གཞི་དང་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་བུ་ཕྲུག་གསོ་སྐྱོང་བྱེད་དགོས་ཤིང་། ཁྱིམ་ཚང་གི་སློབ་གསོ་དེ་ཤེས་བྱ་སློབ་སྦྱོང་གི་སྣ་གཅིག་རང་བཞིན་ནས་བུ་ཕྲུག་ཅི་ལྟར་མི་བཟང་པོ་ཞིག་བྱེད་པར་འཕོ་འགྱུར་འབྱུང་དགོས། ཕ་མས་བུ་ཕྲུག་རྒྱུན་དུ་སྲུང་སྐྱོབ་དང་གཅེས་སྐྱོང་བྱས་པས་བར་ཆད་དང་ཕམ་ཁ་གང་ཡང་མི་ཐེག་པར་བྱ་མི་རུང་། ཁྱད་པར་དུ་སྤུས་ཚད་སློབ་གསོ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། བུ་ཕྲུག་ལ་ལྷག་ཏུ་སྲ་ཞིང་བརྟན་པའི་འདུན་པ་དང་ཧུར་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལྡན་པར་བྱེད་པ་གཙོར་བཟུང་ནས། ཀྱག་ཀྱོག་གི་སློབ་གསོ་གང་མང་བཏང་སྟེ། བུ་ཕྲུག་གི་ཉེན་ཁ་དང་ཕམ་ཁ་འགོག་པའི་ནུས་པ་སྐྱེད་སྲིང་བྱེད་དགོས།
    
.ཕ་མས་བུ་ཕྲུག་གི་བསམ་བློ་ཀུན་སྤྱོད་སློབ་གསོ་ལ་མམ་བཞག་སྟེ། ཁོ་ཚོར་ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་གསོ་སྐྱོང་བྱེད་དགོས། ཆབ་སྲིད་བསམ་བློའི་སྤུས་ཚད་ནི་ཡོད་ཚད་ཀྱི་སྲོག་ཤིང་ཡིན་པ་ངོས་ཟིན་དགོས་ལ། སྲོག་ཤིང་གི་སྤུས་ཚད་འདི་མཐོར་འདེགས་བྱས་ཚེ། སྤུས་ཚད་གཞན་དག་གི་སློབ་གསོ་དང་འཕེལ་རྒྱས་ཀྱིས་ད་གཟོད་སྤྱི་ཚོགས་ཀྱི་དར་རྒྱས་ལ་ནུས་པ་བླ་མེད་ཐོན་ཐུབ། དེའི་རྐྱེན་གྱིས། ཕ་མས་བུ་ཕྲུག་གི་ལུས་པོའི་སྤུས་ཚད་དང་རིག་གནས་སྤུས་ཚད་འཛིན་པའི་དུས་མཉམ་དུ། ཆབ་སྲིད་བསམ་བློའི་སྤུས་ཚད་ལྷག་ཏུ་འཛིན་འོས་སོ།།
    
 མ་འོངས་པར། ཁྱིམ་ཚང་གི་སློབ་གསོའི་མཛུབ་སྟོན་ཐད། ཚན་རིག་དང་མཐུན་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཡང་དག་པའི་ཁྱིམ་ཚང་གི་སློབ་གསོའི་ལྟ་བ་ཞིག་འཛུགས་དགོས། ཁྱིམ་ཚང་གི་སློབ་གསོའི་ནང་དོན་ཐད། རྒྱུན་འཛིན་དང་འཕེལ་རྒྱས། དར་སྤེལ་དང་གསར་སྐྲུན་ལ་མཉམ་འཇོག་དགོས། ཁྱིམ་བདག་སློབ་གྲྭ་འཛུགས་པ་དང་ཆེད་དོན་བཤད་ཁྲིད་སྤེལ་བ། ཁྱིམ་ཚང་བློ་འདྲི། ཁྱིམ་ཚང་འཚམས་འདྲི། སློབ་མའི་ཁྱིམ་བདག་ཚོགས་འདུ་སོགས་རྣམ་པ་གང་མང་ལ་བརྟེན་ནས། ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་གསར་དུ་བསྒྱུར་བར་རོགས་རམ་ཁྲིད་སྟོན་བྱས་ཐོག ཁོ་ཚོར་བུ་ཕྲུག་གི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་དང་། རང་འགུལ་སྒོས་ཕྱོགས་ཡོངས་ནས་བུ་ཕྲུག་གི་འཚར་ལོངས་ལ་དོ་སྣང་བྱེད་དུ་འཇུག་དགོས། མདོར་ན། ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་རྙིང་བ་བསྒྱུར་ས་ན། སློབ་གྲྭའི་སློབ་གསོ་དང་། སྤྱི་ཚོག་སློབ་གསོ་ལ་ད་གཟོད་གྲུབ་འབྲས་བཟང་པོ་ལེན་ཐུབ་ཅིང་། ད་གཟོད་སྤུས་ཚད་སློབ་གསོ་དོན་དངོས་སྟེང་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་ཐུབ་པ་རེད།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060