| སློབ་ཆུང་རྩིས་རིག་སློབ་ཁྲིད་ཀྱི་རྩ་གནད་ཁྲོད“སློབ་མའི་གསར་སྐྲུན་འདུ་ཤེས་དང་ལག་ལེན་གྱི་ནུས་པ་སྐྱེད་སྲིད་བྱེད་དགོས་པ”ནན་གྱིས་བསྟན་ཡོད་པས།གསར་སྐྲུན་ནི་སློབ་ཆུང་རྩིས་རིག་སློབ་ཁྲིད་ཁྲོད་ཀྱི་སློབ་སྟོན་ཚད་གཞི་ཞིག་ཏུ་བརྩིས་ནས་རྩིས་རིག་གི་གོ་རིམ་གསལ་བོར་མཚོན་ཐུབ་དགོས།སྤྱིར་རྩིས་རིག་བསླབ་པ་ལ་དེའི་དོན་སྤྱི་དང་ཆོས་ཉིད།སྤྱི་འགྲོས་བཅས་ཁོང་དུ་ཆུད་པ་ཙམ་གྱིས་མི་ཆོག་པར་སློབ་མས་རང་ཉིད་ཀྱི་ཐབས་ཤེས་བཀོལ་ནས་གནད་དོན་འཚོལ་ཞིབ་དང་གནད་དོན་ལ་བསམ་གཞིག་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ་དེ་ནི་གསར་སྐྲུན་ལ་གོམ་ཁ་ཕྱོགས་པ་ཞིག་ཀྱང་ཡིན།དེར་བརྟེན་ཕན་ཚུན་སྐུལ་འདེད་ཀྱི་སློབ་ཁྲིད་བྱེད་སྟངས་དེས་སློརབ་མར་གསར་སྐྲུན་འདུ་ཤེས་ཀྱི་ཁོར་ཡུག་དང་ལག་ལེན་གྱི་ནུས་པ་མངོན་དུ་བསྒྱུར་ཐུབ་པའི་བར་གསེང་ཞིག་མཁོ་སྤྲོད་བྱེད་ཐུབ་པ་རེད།“ཕན་ཚུན་སྐུལ་འདེད་ཀྱི”སློབ་ཁྲིད་མ་དཔེ་ནི་དགེ་སློབ་བར་གྱི་འབྲེལ་བ་འདུམ་འགྲིག་དང་དེ་ཕན་ཚུན་བར་ནུས་པ་ཐོན་པར་བརྒྱུད་དེ། མཐུན་སྦྱོར་ངང་དགེ་སློབ་བར་དང་། སློབ་མའི་བར། སློབ་མ་དང་སློབ་ཁྲིད་བར་ཕན་ཚུན་སྐུལ་འདེད་གཏོད་དགོས་པ་དང་།མི་དང་ཁོར་ཡུག་གི་ཤུགས་རྐྱེན་ཇེ་དྲག་ཏུ་བཏང་ནས།སློབ་ཁྲིད་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་སློབ་ཁྲིད་ཀྱི་མ་དཔེ་ཞིག་ལ་བསྟན་པ་ཡིན།
གཅིག སྔོན་ཆད་ཀྱི་སློབ་ཁྲིད་བྱེད་ཐབས་བསྒྱུར་དགོས། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་“བསྐྱར་སྦྱོང---ཁྲིད་འཇུག---སློབ་ཁྲིད---གནས་སྐབས་ཀྱི་ཕྱོགས་སྡོམ---ལས་བྱ”བཅས་ཡིན། འདི་ནི་ཤེས་བྱ་འཁྲིད་པའི་གོ་རིམ་སྣ་གཅིག་ཡིན། སློབ་ཁྲིད་གསར་བའི་གོ་རིམ་ནི་དེ་ངེས་པར་དུ་སློབ་མས་རྟོགས་པ་དང་བསམ་གཞིགས་གཏོང་བ། གནད་དོན་ཐག་གཅོད་པ་བཅས་ཀྱི་གོ་རིམ་ཡིན་པས། དགེ་རྒན་གྱི་བྱ་འགུལ་གཙོ་བོ་ཡིན་པའི་སློབ་ཁྲིད་བྱེད་སྟངས་ནི། སློབ་ཁྲིད---སློབ་ཁྲིད་ལ་ཉན་པ། དཔེ་སྟོན---ལད་ཟློས་བཅས་ཡིན་ལ། དགེ་སློབ་མཉམ་འབྲེལ་བྱ་འགུལ་གྱི་སློབ་ཁྲིད་བྱེད་སྟངས་ནི། དྲི་བ་འདོན་པ---ལན་འདེབས་པ། སྐུལ་སྤེལ---བསམ་གཞིགས་བཅས་ཡིན། སློབ་མའི་བྱ་འགུལ་གཙོ་བོར་དམིགས་པའི་ཕན་ཚན་སྐུལ་འདེད་ཀྱི་སློབ་ཁྲིད་བྱེད་སྟངས་ནི། རྩ་འཛུགས---གྲོས་བསྡུར། ཁྲིད་སྟོན---བསྐྱར་སྦྱོང་། ཡང་ན་སློབ་མས་གྲོས་བསྡུར་བྱེད་པ---སློབ་མས་དྲི་བ་འདོན་པ---དགེ་རྒན་གྱིས་ལན་འདེབས་པ་བཅས་ཡིན།
གཉིས། ཚོ་ཆུང་བགོས་ནས་སློབ་སྦྱོང་བྱེད་པ། ཚོ་ཆུང་བགོས་ནས་སློབ་སྦྱོང་བྱེད་པ་སློབ་ཁང་སློབ་ཁྲིད་ཁྲོད་ཕན་འབྲས་ལྡན་པའི་བྱེད་ཐབས་ཤིག་ཡིན།དེའི་སྐབས་སུ་དགེ་རྒན་ཚོ་ཆུང་ཞིག་ལ་ཞུགས་ནས་སློབ་མར་ཁྲིད་སྟོན་བྱེད་པ་དང་ཡུང་ན་ཚོ་ཆུང་རེ་རེའི་ནང་སྐོར་གཟིགས་དང་ལྟ་ཞིབ་བྱས་ནས་ཚོ་ཆུང་བཟང་བོར་བསྟོད་པ་བྱས་ཚེ་ཚོ་ཆུང་བར་གྱི་འགྲན་བསྡུར་ཇེ་ཆེར་འགྱུར་བར་སྐུལ་སྤེལ་གྱི་ནུས་པ་མཐོར་འདེགས་སུ་གཏོང་ཐུབ།མདོར་ན།ཕན་ཚུན་སྐུལ་འདེད་བྱེད་པའི་སློབ་ཁྲིད་ཀྱིས་སློབ་མ་གཙོ་བོར་འཛིན་པ་དང་སློབ་མའི་ཐུན་མོང་གི་གོ་གནས་ལ་བརྩི་འཇོག་བྱེད་པ།སློབ་མ་རང་ཉིད་ཀྱི་ཉམས་མྱོང་བྱེད་ཐབས་བཀོལ་བའི་རང་ཚུགས་བརྩི་བཀུར་བྱེད་པ་བཅས་ཡིན།དེ་ལྟར་བྱིས་པར་རང་འགུལ་གྱི་སློབ་སྦྱོང་དང་རང་ཉིད་ཀྱི་ལྟ་བ་འདོན་དུ་བཅུག་ཚེ།བྱིས་པའི་བསམ་གཞིགས་ཀྱི་གཤོག་པ་རྒྱས་ནས་གསར་སྐྲུན་གྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ།། |