གནས་ཡུལ། མདུན་ངོས། དེང་རབས་ཀྱི་སློབ་གསོ།
 
 
༄༅།།དགེ་རྒན་གྱིས་རང་དོན་དུ་སློབ་ཐུན་ལ་གེགས་བྱ་མི་རུང་།
སྤེལ་དུས།2009-07-09   ཡོང་ཁུངས་།《མཚོ་སྔོན་བོད་ཡིག་གསར་འགྱུར》   རྩོམ་པ་པོ། འབུམ་མཚོ། འབྲུག་མོས་ཞུས།

      མི་སུ་དང་སུ་ལ་མཚོན་ན་ཡང་དངོས་ཡོད་འཚོབའི་ཁྲོད་ནས་བསམ་ཐོག་ཏུ་མི་འགྲོ་བའི་དོན་དག་གང་མང་ཡོད་སྲིད་པ་བཞིན།   མི་རང་སྒེར་གྱི་གནད་དོན་ཡང་ཡོད་པ་རེད།   གལ་ཏེ་དེ་འདྲ་མེད་ཚེཁྱོད་མི་རྒྱུན་ལྡན་ཞིག་རེད་ཟེར་རྒྱུ་ཡང་དཀའ་ཚོད་རེད།   འོན་ཀྱང་མི་རང་སྒེར་གྱི་གནད་དོན་དང་ཡང་ན་བསམ་ཐོག་ཏུ་མི་འགྲོ་བའི་སྡུག་བསྔལ་དེ་དག་གིས་སློབ་ཐུན་ལ་གེགས་འདྲ་བྱེད་ཀྱིན་ཡོད་ཚེ།   ཁྱོད་ནི་དགེ་རྒན་ལེགས་པོ་ཞིག་འཁྱོངས་ཐབས་མེད་པ་ནི་གདོན་མི་ཟ།
     
དངོས་ནས་དེ་འདྲ་རེད་དེ།   ང་ཚོལ་མཚོན་ན་ཉིན་རྒྱུན་སློབ་ཁྲིད་བྱེད་རྒྱུ་ལས་གཞན་ད་དུང་རང་ཉིད་ལ་ཡང་རང་གི་འཚོ་བ་ཞིག་ཡོད་པ་རེད།   དེ་བཞིན་དུ་རྫོགས་རྒྱུ་མེད་པའི་སྡུག་བསྔལ་དང་ཕམ་སེམས་རབ་དང་རིམ་པ་ཞིག་ཀྱང་བརྒྱུད་ངེས་པ་རེད།   འོན་ཀྱང་རང་མི་སྒེར་གྱི་སེམས་ཁམས་དེ་སློབ་ཐུན་གྱི་སྐབས་སུ་ཡང་སྦ་གསང་མི་བྱ་བར་སློབ་མའི་མདུན་ནས་མངོན་པ་ཡིན་ན།   སློབ་མའི་སློབ་སྦྱོང་ལ་གནོད་པ་ཆེ་ལ།   དེ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་ཡང་འཛིན་ཐབས་།   ཁྱོན་ནས་མི་གདའ།   ཐེངས་ཤིག་ངས་གནས་།   ཚུལ་འདི་འདྲ་ཞིག་གོ་མྱོང་སྟེ།   དགེ་རྒན་ཞིག་གིས་སྐད་གསེང་མཐོན་པོས་སློབ་མ་རྣམས་ལ།   དེ་རིང་ངའི་སེམས་ཁམས་སྐྱིད་པོ་ཞིག་གཏན་ནས་མ་རེད།   མདང་ནུབ་བྱིས་པ་ན་སྟེ་སྨན་ཁབ་བརྒྱབ་པས་ང་ཞག་གང་བོར་གཉིད་མ་ཐུབ།   དེ་བས་ངས་ཁྱོད་ཚོར་བཤད་ཡག་བ   ངས་སློབ་ཁྲིད་ལེགས་པོ་ཞིག་འཁྲིད་འདོད་ཀྱང་།   ང་དངོས་ནས་ཐང་ཆད་པས་བ་ཐབས་མི་འདུགདེ་ལྟ་ན་ཡང་ང་ཚོའི་སློབ་ཐུན་རྗེས་སུ་ལུས་འདུག་པས་ངས་དེ་རིང་ངེས་པར་མང་ཙམ་འཁྲིད་དགོས་པས།   ཁྱོད་ཚོས་མན་ཆད་ནས་པྲ་ཚགས་མི་བྱ་བར་ནན་ཏན་གྱིས་ཉོན་ཞེས་བཤད་པ་རེད་ཟེར།
     
ང་ཚོས་གོང་གི་དགེ་རྒན་དེ་དང་འདྲ་བའི་རླངས་འཁོར་ཁ་ལོ་བ་ཞིག་དཔེར་བཞག་ན།   གལ་ཏེ་རླངས་འཁོར་ཁ་ལོ་བ་ཞིག་གིས་འགྲུལ་བར་ང་རང་མདང་དགོང་ཞག་གང་བོར་གཉིད་མ་ཐུབ་པས།   ཁྱོད་ཚོའི་བདེ་འཇགས་ལ་ཁག་ཐེག་བྱ་མི་ཐུབ་ཅེས་བཤད་པ་ཡིན་ཚེ།   རླངས་འཁོར་དུ་འདུག་མཁན་ཁྱོད་ཡིན་པའི་དབང་དུ་བཏང་ན་ཁྱོད་ཀྱིས་ཇི་ལྟར་བྱ་སྲིད།   ཁྱོད་རང་རླངས་འཁོར་དེ་ལ་གཏན་ནས་འདུག་མི་སྲིད།   འོན་ཀྱང་།   སློབ་མ་རྣམས་ལ་མཚོན་ན་ཁྱོད་ལྟར་གང་འདོད་དུ་བྱ་རྒྱུའི་དབང་ཆ་ཡོད་དམ།   ཡང་ན་སློབ་ཁྲིད་ལ་ཉན་མི་འདོད་པས་མ་ཉན་ཡང་ཆོག་པའི་དབང་ཆ་ཡོད་དམ་ཞེས་ན།   སློབ་མ་ལ་མཚོན་ན་སློབ་ཁྲིད་ལ་ཉན་རྒྱུནི་ཁོའི་འོས་འགན་རེད་ཟེར་ཆོག་ཀྱང་།   ཁོ་ཚོའི་སེམསཁམས་ཀྱང་རླངས་འཁོར་དུ་འདུག་མི་འདོད་པའི་ཁྱོད་ཀྱི་སེམས་ཁམས་དང་གཅིག་འདྲཡིན་པས་གནད་ཀ་འདི་ལ་ངེས་པར་འདང་ཞིབ་ཏུ་རྒྱག་དགོས།།
     
ང་ཚོའི་དགེ་རྒན་མང་པོར་མཚོན་ན་འདི་ལྟའི་གནད་དོན་་ཅང་ཚབས་ཆེ་བ་རེད།   ཡང་ན་དགེ་རྒན་ལ་ལར་མཚོན་ན།   དེ་རིང་རང་དོན་ཅུང་ཙམ་ཡོད་པས་དགེ་རྒན་གཞན་ལ་བཅོལ་བའམ་ཡང་ན།   དགེ་རྒན་གཞན་དང་སློབ་ཐུན་བརྗེ་རེས་བྱས་ཏེ།   ཐེངས་གཞུག་མར་སློབ་ཐུན་གསུམ་བཞི་རེ་མཉམ་དུཚོཊ་པ་ཡང་ཡོད་པ་རེད།   འདི་ལྟ་བུར་མཚོན་ན་གཅིག་ནས་སློབ་མའི་འཆར་གཞི་ལྟར་ཡོང་མི་ཐུབ་པ་དང་།   གཉིས་ནས་སློབ་མའི་སློབ་ཁྲིད་ལ་ཉན་འདོད་ཀྱི་འདུན་པར་གཏོར་བརླག་བཏང་ཡོད་པ་རེད།   དེ་བཞིན་དུ་རང་གི་སེམས་ཁམས་དང་བསྟུན་ནས་སྐད་ཆ་ཅི་རིགས་སྨྲ་བ་དག་ལ་མཚོན་ན་ཡང་།   སློབ་མའི་ཁེ་དབང་དང་སློབ་མའི་སེམས་ཁམས་ལརྦད་དེ་ཁ་ཡ་མི་བྱེད་པར་རང་གི་འདོད་མོས་ལྟར་སློབ་ཁྲིད་བྱེད་བཞིན་པས།   དངོས་ཤུཊ་གང་རུང་ནས་སློབ་མའི་སློབ་སྦྱོང་ལ་ཤན་ཤུགས་ཐེབས་སྲིད་པ་ནི་བཤད་ཅི་དགོས།
     
དེ་བས།   འཚོབའི་ཁྲོད་ནས་ང་ཚོར་བསམ་ཐོག་ཏུ་མི་གྲོ་བའི་དོན་དག་མང་པོ་ཡོད་སྲིད་ཀྱང་།   རླངས་འཁོར་ཁ་ལོ་བ་ཡང་དེ་འདྲ་ཡིན་ཡང་།   གཙོབོ་ནི་རང་གིས་འགྲུལ་བ་ལ་སེམས་ཚེགས་མི་སློང་བ་བྱ་རྒྱུ་ནི་གལ་ཆེ།   སློབ་མ་ནི་ང་ཚོའི་ཁོང་ཁྲོ་ལང་ཡུལ་མིན་པར་ང་ཚོའི་གཅེས་སྐྱོང་བྱ་ཡུལ་ཡིན་པས་ན།   ཁྱོད་ཀྱི་སེམས་ཁམས་དངོས་ནས་སྐྱིད་པོ་མི་ཡོང་བར་སློབ་ཁྲིད་བྱེད་ཐབས་མེད་ན་གནང་བ་ཞུ་ཆོག་ཀྱང་།   སློབ་ཁང་དུ་ཐོན་ནས་སློབ་མ་ཚོདང་གདོང་གཏད་དུས།   ངེས་པར་བྱམས་སེམས་དང་བརྩེ་བ་ཡོད་ཚད་ཁོ་ཚོར་ཕུལ་ནས་དགེ་རྒན་ལེགས་པོ་ཞིག་འཁྱོངས་ཐབས་བྱ་རྒྱུནི་་ཅང་གལ་ཆེ་ལ།   ཁྱོད་ཀྱིའགྲུལ་བཆུང་ཆུང་དེ་དག་ལམཚོན་ན་ཡང་བདེ་འཇགས་དང་སྤྲོ་སྣང་གི་འགྲུལ་བཞུད་ཅིག་ལ་དགའ་བ་ནི་གདོན་མི་ཟའོ།  

                                                                                           རྩོམ་པ་པོ་ནི་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060