གནས་ཡུལ། མདུན་ངོས། དེང་རབས་ཀྱི་སློབ་གསོ།
 
 
༄༅།།རྩོམ་འབྲིའི་ཤེས་བྱ་ལས་ཡུལ་ལྗོངས་འབྲི་ཚུལ་རགས་ཙམ་གླེང་བ།
སྤེལ་དུས།2009-07-09   ཡོང་ཁུངས་།《མཚོ་སྔོན་བོད་ཡིག་གསར་འགྱུར》   རྩོམ་པ་པོ། ལྕགས་བྱམས་ཚེ་རིང་། འབྲུག་མོས་ཞུས།

      རྩོམ་ཡིག་ནི་འཇིག་རྟེན་གྱི་བྱ་དངོས་ཕྲ་རགས་གང་ཞིག་མཐོང་བ་དང་ཐོས་པ་ལས་རང་གི་ངོས་ཟིན་དང་བློ་བཀོད།   ཉམས་མྱོང་།   ཤེས་རྟོགས།   དེ་ལས་འཕྲོས་པའི་རྟོག་པ་གང་ལ་གང་འཚམ་དུ་ཡི་གེར་བཀོད་པ་དེ་ཡིན་ཞིང་།   དེ་ཡང་རྩོམ་ཡིག་འབྲི་བར་མི་སྣ་ཞིབ་འབྲི་དང་ཡུལ་ལྗོངས་ཞིབ་འབྲི།   སེམས་ཁམས་ཞིབ་འབྲི་སོགས་འབྲི་ཚུལ་མང་པོ་ཡོད་ལ།   འདིར་རྩོམ་འབྲིའི་ཤེས་བྱ་ལས་ཡུལ་ལྗོངས་འབྲི་ཚུལ་རགས་ཙམ་གླེང་བར་བ་སྟེ།
     
གཅིག རྒྱུ་ཆ་ལེགས་འདེམ་བྱས་ཏེ་ནན་ཏན་གྱིས་ལྟ་ཞིབ་བྱེད་པ།   དུས་རྒྱུན་འཚོབའི་ཁྲོད་ང་ཚོའི་མཐོང་ལམ་དུ་རྒྱུབའི་ཡུལ་ལྗོངས་ནི་ཤིན་ཏུ་མང་སྟེ།   དཔེར་ན་རི་ཆུ་ནགས་གསུམ་དང་།   སིལ་ར།   གླིང་ཀ སློབ་གྲྭའི་ཁོར་ཡུག་སོགས།   དེ་དག་ལས་ཐོག་མར་རང་ལ་ཆ་རྒྱུས་ཟབ་མོ་དང་བག་ཆགས་ཟབ་མོ་ཡོད་པ།   རང་ཉིད་ཆེས་དགའ་བའི་ཡུལ་ལྗོངས་དེ་བདམས་ནས་བྲིས་ན་་ཅང་ལེགས།   ཡུལ་ལྗོངས་དེ་བདམས་རྗེསང་ཚོས་ནན་ཏན་གྱིས་དེར་ལྟ་ཞིབ་བྱ་འོས་ཤིང་།   ལྟ་ཞིབ་བྱེད་སྐབས་ང་ཚོས་ལག་པས་རེག་པ་དང་།   མིག་གིས་ལྟ་བ།   སྣས་སྣོམ་པ།   ཡང་ན་ཟུར་སྣ་མི་འདྲ་བའི་སྒོ་ནས་ཡུལ་ལྗོངས་ཀྱི་ཕྱོགས་གཅིག་གཞིར་བཟུང་སྟེ་ལྟ་ཞིབ་བྱས་ན།   རང་ཉིད་ཀྱིས་ཡུལ་ལྗོངས་དེར་ཕྱོགས་ཡོངས་ནས་རྒྱུས་ལོན་ཡག་པོ་བྱེད་ཐུབ།
     
གཉིས།   ཁྱད་ཆོས་གཞིར་བཟུང་ནས་རྒྱས་བསྡུས་འོས་ཤིང་འཚམ་པ་ཞིག་འབྲིདགོས།   ཡུལ་ལྗོངས་དེར་ལྟ་ཞིབ་བྱེད་སྐབས།   ཡུལ་ལྗོངས་དེའི་ཁྱད་ཆོས་གཙོར་བཟུང་ནས་ལྟ་ཞིབ་ཡག་པོ་བྱེད་པ་ལས།   བླང་དོར་མེད་པར་གང་ཞིག་མཐོང་ན་དེ་བརྗོད་ཚེརྩོམ་ཡིག་ལ་སྙིང་བོ་མེད་པར་འགྱུར།   ཡུལ་ལྗོངས་འབྲི་སྐབས་རྒྱས་བསྡུས་འོས་འཚམ་བྱེད་དགོས་ཏེ་ཡུལ་ལྗོངས་གཙོ་བོ་འབྲི་བའི་སྐབས་སུ་རྒྱས་འབྲི་དང་།   ཕལ་བ་འབྲི་སྐབས་བསྡུས་འབྲི་བྱེད་དགོས།
     
གསུམ།   གོ་རིམ་གསལ་བའི་སྒོ་ནས་སྔོན་ལ་བཤད་པ་དང་དེ་ནས་འབྲིདགོས།   ང་ཚོས་རྩོམ་ཡིག་འབྲི་སྐབས།   ཐོག་མར་རྩོམ་ཡིག་གི་ནང་དོན་དེ་སློབ་གྲོགས་དང་དགེ་རྒན།   ཡང་ན་ཁྱིམ་བདག་སོགས་ལ་བཤད་དེ་ཉན་དུ་འཇུག་དགོས།   གལ་ཏེ་ཁྱོད་ཀྱིས་བརྗོད་པའི་རྩོམ་ཡིག་གི་ནང་དོན་དེ་མི་གཞན་གྱིས་གསལ་བོར་གོ་ཐུབ་ཚེ།   བརྗོད་དོན་དེ་ཉིད་རྩོམ་ཡིག་ཏུ་བྲིས་ཆོགདེ་ལས་ལྡོག་སྟེ་རང་གིས་བཤད་པའི་རྩོམ་ཡིག་གི་ནང་དོན་དེ་མི་གཞན་གྱིས་གོ་མ་ཐུབ་ཚེ།   བརྗོད་དོན་གང་དེ་ད་དུང་གསལ་བོ་མིན་པ་དང་།   དེ་ཇི་ལྟར་བརྗོད་ན་ད་གཟོད་བརྗོད་དོན་གསལ་བར་འགྱུར་བ་སོགས་ལ་ཞིབ་ཏུ་བསམ་བློ་གཏོང་དགོས།   ཡུལ་ལྗོངས་མཚམས་སྦྱོར་བྱེད་སྐབས།   གོ་རིམ་ངེས་ཅན་ཞིག་ལྡན་དགོས་ཏེ།   ལྟ་ཞིབ་ཀྱི་ཟུར་སྣེ་ག་གེ་མོ་ཞིག་གཞིར་བཟུང་སྟེ།   སྟེང་ནས་འོག་དང་གཡས་ནས་གཡོན།   རྒྱང་ནས་མདུན་སོགས་དང་།   ཡང་ན་དེ་ལས་ལྡོག་པའི་སྒོ་ནས་མཚམས་སྦྱོར་བྱས་ཀྱང་ཆོགབཞི།   བརྗོད་བྱ་དང་བརྩེདུང་མཉམ་འབྲེལ་དང་བརྟན་གཡོ་ཟུང་འབྲེལ་བྱེད་དགོས། ང་ཚོས་བརྗོད་བྱའི་རྒྱུ་ཆ་འདེམ་པ་དང་ལྟ་ཞིབ་བྱེད་པ། དེ་ནས་རྩོམ་ཡིག་འབྲི་བ་བཅས་ཀྱི་གོ་རིམ་ཁྲོད་དུ་རང་ཉིད་ཀྱི་ཡིད་ཀྱི་འགྱུར་བ་དེ་ངང་ངམ་ཤུགས་ཀྱིས་མངོན་པར་བྱེད་པ་དང་།ཡུལ་ལྗོངས་འབྲི་སྐབས།   རང་ཉིད་ཀྱི་བརྩེ་དུང་བརྗོད་དགོས་པར་མ་ཟད།   འོས་ཤིང་འཚམ་པའི་སེམས་ཀྱི་འཆར་སྒོ་ལ་བརྟེན་ནས་བརྗོད་བའི་སྙིང་བོ་གཏིང་ཇེ་ཟབ་ཏུ་བཏང་ཆོགཡུལ་ལྗོངས་ཀྱིཁྱད་ཆོས་དེ་ཉིད་བརྟན་པ་དང་གཡོ་བ་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་འབྲི་ཐུབ་ན།   རྩོམ་ཡིག་དེ་ཉིད་གསོན་ཉམས་ལྡན་པ་དང་།   བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ངེས་ཡིན་ནོ།   ། 

                                                                         རྩོམ་པ་པོ་ནི་ཐུན་རིན་རྫོང་སྲིད་གཞུང་སློབ་གསོ་ལྟ་སྐུལ་ཁང་གི་ཡིན།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060