གནས་ཡུལ། མདུན་ངོས། དེང་རབས་ཀྱི་སློབ་གསོ།
 
 
༄༅།།བྱིས་པའི་རྩེད་རིགས་སྐོར་གྱི་སློབ་གསོ་གལ་ཆེ་ཚུལ་སྐོར་རོབ་ཙམ་གླེང་བ།
སྤེལ་དུས།2009-07-13   ཡོང་ཁུངས་།《མཚོ་སྔོན་གསར་འགྱུར》   རྩོམ་པ་པོ། མགོན་པོ་ཚེ་རིང་། འབྲུག་མོས་ཞུས།
      རང་རྒྱལ་གྱི་བྱིས་པར་སློབ་གྲྭར་སྐྱེལཁར་དང་བསྐྱལ་རྗེས་སུ་ཕ་མ་སོགས་ཀྱི་མངག་བཅོལ་བྱེད་སྟངས་་ལམ་འདི་ལྟར་ཡིན་ཏེ།   དགེ་རྒན་གྱི་ཁ་ལོངས།   པྲ་ཚེགས་མ་བྱེད།   སློབ་ཁྲིད་ལ་ནནཏན་གྱིས་ཉོན།   སློབ་སྦྱོང་ལ་འབད་བརྩོན་བྱོས།   རྩེད་མོ་རྩེ་ནས་མ་འདུགསོགས་ཟེར་ལ།   ཐད་ཀར་སློབ་སྦྱོང་ལ་འབྲེལ་བ་མེད་པ་ལྟ་བུར་དོ་སྣང་དང་མཐོང་ཆེན་མི་བྱེད་པས་རྩེད་རིགས་ཀྱི་རྣམ་པའི་སློབ་གསོ་བྱེད་སྟངས་དེ་དར་ཁྱབ་ལ་གཏོང་མི་ཐུབ་པའི་འདུ་ཤེས་ཤིག་འདུགཡང་བདག་གིས་གོ་ཐོས་ལ།   རྒྱལ་ཁབ་རེ་རེའི་སློབ་གསོ་བྱེད་སྟངས་མི་འདྲ་བར་འདུག་ལ།   ལྷག་པར་ཨ་རི་ལྟ་བུའི་རྒྱལ་ཁབ་ལ་མཚོན་ན།   བྱིས་པ་སློབ་གྲྭར་སྐྱེལཁར་རྒྱུན་དུ་མངག་བཅོལ་འདི་ལྟར་བྱེད།   “HAVEFUM”ཟེར་ལ།   དོན་ནིདགའ་དགའ་སྤྲོ་སྤྲོ་བྱོས།   ཡིད་ཚིམ་པ་ཞིག་རྩེསཟེར་བ་དང་།   ཁོ་ཚོའི་སློབ་གསོ་ཡི་བྱིས་པའི་སེམས་ཁམས་ལ་དོ་སྣང་ཆེན་པོ་བྱེད་ཞོར་ཤེས་རིག་དེ་རྩེད་མོ་ཡི་རྣམ་པར་བརྟེན་ནས་བྱིས་པའི་སེམས་སུ་བག་ཆགས་འཇོག་པ་དེ་རེད།   ང་ཚོར་མཚོན་ན་ལྷད་མེད་རྣམ་དག་གི་བྱིས་པའི་སེམསས་ཁམས་ལ་དོ་སྣང་དེ་འདྲ་བྱེད་མ་ཐུབ་པར།   སློབ་སྦྱོང་ལ་འབད་པ་བྱོས།   རྒྱུགས་འཕྲོད་དུ་ཆུགསཞེས་བཤད་པ་དང་།   གལ་ཏེ་རྒྱུགས་མ་འཕྲོད་ན་བྱིས་པའི་སེམས་སུ་ཕམ་པའི་སྐྲག་སྣང་དང་ཡིད་ཞིམ་པ།   ཁ་མི་གྲགས་པ།   ཟེར་རྗེས་འབྲངས་པ།   ལྐོག་ངན་དང་ལྐོག་གཡོ་ཡི་སེམས་པ་ཆགས་པ།   སྤྲོ་སྣང་མེད་པ།   ཅིབྱེད་འདི་བྱེད་ཀྱི་ངེས་པ་བརྟན་པོ་མེད་པའི་ཕམ་ཁའི་སེམས་པ་ཆགས་པའི་ལམ་དུ་ཞུགས་ཏེ།   བྱིས་པ་ནར་སོན་པ་དང་བསྟུན།   སློབ་གསོ་ཚད་ལྡན་བྱེད་པའི་གདེང་ཚོད་མེད་པར་བྱིས་པའི་སེམས་ཁམས་འཕེལ་རྒྱས་ལ་ངན་ཤུགས་ཚབས་ཆེན་ཞིག་ཐེབས་དང་ཐེབས་བཞིན་ཡོད་པ་འདྲ།   རྩེད་རིགས་སྐོར་ལ་མཐོང་ཆེན་མི་བྱེད་པར་བསླབ་དེབ་རྐྱང་པའི་སྟེང་ལ་བཙན་ཤེད་བཀོལ་ནས་བྱིས་པའི་སེམས་ཁམས་སུ་གཏོར་བརླག་རང་བཞིན་གྱི་སྐྱོན་བརྗོད་མང་བའི་སྣང་ཚུལ་དེ་ལས་ཕམ་པ་མྱོང་མཁན་མང་བ།   མི་ལུས་ལ་རྒོལ་རྡུང་བྱེད་པ།   ད་རུང་བྱིས་པར་སྙིང་ལ་གཟན་པའི་གཏམ་བཤད་དེ་སེམས་སུ་སྔར་མེད་ཀྱི་རྨ་ཁ་བཟོས་ཏེ།  

བག་འཁུམ་དང་སྤོབས་པ་བསམ་གཟིས་ནས་ཉམས་སུ་འཇུག་པ་དང་འདྲ་བར་བྱིས་པ་ལཁྱོད་དུད་འགྲོ་ལྟ་བུ་ཞིག་རེད། 

ཁྱོད་གླེན་པ་གླེན་རྒན་ཞིག་རེད། ཁྱོད་གསོ་བ་ལས་ཁྱི་ཞིག་གསོས་ན་དགའ། ཁྱོད་ཤི་ན་དགའསོགས་ཡིད་ལ་ཤར་ཡང་བཤད་མི་རུང་བའི་སྐད་ཆ་དེ་བརྗོད་པ།   བྱིས་པར་རྡོག་ཐོས་རྒྱག་པ་དང་མགོ་དང་ངོ་གང་རུང་ལ་གཅར་ནས་རྨ་ཤུལ་བརྟོལ་བ་སོགས་ལ་མཉམ་འཇོག་བྱས་ཏེ།   སློབ་གསོ་ཡ་རབས་སྤྱོད་བཟང་གི་ཕྱོགས་སུ་སྐྱེད་སྲིང་བྱེད་གང་ཐུབ་བས་ན་ལེགས།  

འབྲོག་ཁུལལ་མཚོན་ན།   ཁྱིམ་གཞི་ཐར་ཐོར་དུ་སྡོད་པའི་དབང་གིས་བྱིས་པ་རྣམས་ལོ་བརྒྱད་དགུ་ལ་ཐོན་རག་བར་གཙོ་བོ་འབྲེལ་འདྲིས་བྱེད་ཡུལ་ཁྱིམ་ཚང་གི་ཕ་མ་དང་།   ཁྱིམ་མཚེས་ཀྱི་བྱིས་པ་ཉུང་ཤོས་ཡིན་པས།   མང་པོར་འབྲེལ་འདྲིས་བྱེད་ཐུབ་ཀྱིན་མེད་པས་བག་འཁུམ་དང་སེམས་ཁམས་རྗེས་ལུས་ཀྱི་རྣམ་པ་ཆགས་འདུགབྱིས་པའི་ཐད་ནས་བཤད་ན།   འཇིག་རྟེན་སྟེང་གི་བློ་སྒོ་འབྱེད་པའི་དགེ་རྒན་ཨང་དང་པོ་ནི་ཕ་མ་དང་།   ཁྱིམ་ཚང་གི་སློབ་གསོ་ཡིས་བྱིས་པའི་སེམས་ཁམས་འཕེལ་རྒྱས་ལ་བློ་ཡུལ་ལས་འདས་པའི་ཤན་ཤུགས་ཐེབས་སུ་འཇུག་ཐུབ།   སྔོན་ཐོན་གྱི་སློབ་གསོའི་རྣམ་པ་སྤྱད་ནས་མ་འོངས་པ་ཁོ་ཚོལ་དབང་བའི་མི་རབས་རྗེས་མ་དེར་ནམ་གསལ་བ་ལྟ་བུའི་ཤེས་རིག་གི་རྨང་གཞི་བརྟན་པོ་ཞིག་ཆགས་སུ་འཇུག་ཐུབ་ན།   ད་གཟོད་དགེ་རྒན་ཞིག་ལ་མཚོན་ན།   འདི་ཕྱི་ཡི་བྱ་གཞག་གལ་ཆེན་ཞིག་བསྒྲུབས་པ་མ་ཡིན་ནམ།  
                                                                                         
རྩོམ་པ་པོ་ནི་ཧི་ནན་རྫོང་སློབ་གསོ་ཅུས་སློབ་དཔྱད་ཁང་གི་ིན

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060