གནས་ཡུལ། མདུན་ངོས། གཉེན་སྒྲིག
 
 
༄༅།།ཤམ་བུ།
སྤེལ་དུས།2008-06-19   ཡོང་ཁུངས་།   རྩོམ་པ་པོ།

    བོད་མིས་སྒོ་དང་སྒེ་ཁུང་ལ་ཤམ་བུ་རྒྱག་རྒྱུར་དྭངས་ཞེན་ཆེན་པོ་བྱེད་སྲོལ་ཡོད། ལྷག་པར་དུ་ལོ་གསར་གྱི་སྔ་ནུབ་དུ་སྒོ་སྒེ་ཁུང་གི་ཤམ་བུ་ཚང་མ་གསར་པ་བརྗེ་ལ། གཉེན་སྒྲིག་སོགས་ཀྱི་མཛད་སྒོ་ཚུགས་སྐབས་ཀྱང་ཤམ་བུ་གསར་པ་རྒྱག་སྲོལ་ཡོད། སྒོ་དང་སྒེ་ཁུང་ལ་ཤམ་བུ་རྒྱག་དགོས་དོན་གང་ཡིན་ཟེར་ན། དེའི་ཐད་ཀྱི་ཁ་གསལ་ཡིག་རིགས་སོགས་མཇལ་མ་བྱུང་ཡང་། རྒན་རབས་ལ་བཅར་འདྲི་ཞུས་པ་ལྟར་ན། ཤམ་བུ་རྒྱག་པའི་སྲོལ་ནི་བཀྲ་ཤིས་རྟེན་འབྲེལ་གྱི་མཚོན་རྟགས་ཤིག་ཡིན་ཏེ། ལོ་གསར་དང་རྟེན་འབྲེལ་གྱི་མཛད་སྒོ་ཚུགས་སྐབས་ཤམ་བུ་གསར་པ་རྒྱག་སྲོལ་ཡོད་པ་དང་། མི་འདས་གྲོང་སོགས་བཀྲ་མི་ཤིས་པའི་བྱ་བ་བྱུང་སྐབས་མྱ་ངན་མཚོན་ཆེད་དུ་ཤམ་བུ་ཕབ་སྲོལ་ཡོད་པ་བཅས་ཀྱི་ཐོག་ནས་ཤམ་བུ་རྒྱག་པའི་སྲོལ་དེ་རྟེན་འབྲེལ་མཚོན་བྱེད་ཡིན་པ་དང་གཅིག སྒོ་དང་སྒེ་ཁུང་ལ་ཤམ་བུ་རྒྱག་པ་དེ་ཁང་པའི་མཛེས་ཆའི་ཆེད་དུ་ཡིན་པ་ནི་གཏན་འཁེལ་བཤད་ཆོག་པ་ཞིག་ཡིན། མི་སོ་སོའི་འབྱོར་པར་གཞིགས་ཏེ་འབྱོར་པ་ཅན་གྱིས་གྲུ་རྩེའི་ཤམ་བུ་རྒྱག་གིན་ཡོད་ལ་དེ་མིན་གྱིས་རས་ཀྱི་ཤམ་བུ་རྒྱག་གི་ཡོད་པ་དང་གཉིས། བོད་མིའི་ཁང་པའི་སྒོ་དང་སྒེ་ཁུང་ལ་མཛེས་སྡུག་ལྡན་པའི་ཚོན་རྩི་གཏོང་སྲོལ་ཡོད་པས་ཤམ་བུ་རྒྱག་པ་དེས་མཛེས་རྒྱན་དང་རྟེན་འབྲེལ་མཚོན་བྱེད་ཁོ་ན་མིན་པར་སྒོ་སྒེ་ཁུང་གི་ཚོན་རྩེར་སྲུང་སྐྱོབ་ཀྱི་ནུས་པའང་ཐོན་ཐུབ་ཀྱི་ཡོད་པ་དང་གསུམ་བཅས་སོ། གཞན་ཡང་གཙང་ཁུལ་ལྟ་བུར་ཆ་བཞག་ན་དེར་ཆར་ཡོལ་ཞེས་འབོད་སྲོལ་ཡོད་པས། དེ་ལས་ཀྱང་གང་གི་དོན་བྱེད་ནུས་པ་མདོ་ཙམ་རྟོགས་ཐུབ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060