| གཞིས་རྩེའི་རྟ་ར་འོག་དམངས་སྲོལ་གླིང་ཁའི་ནང་གི་མཐོང་ཐོས།
གཞིས་རྩེའི་རྟ་ར་འོག་དམངས་སྲོལ་གླིང་ཁའི་ནང་དུ་ཚོང་གཉེར་བྱེད་མཁན་བུད་མེད་ཁག་གཅིག་གིས་ལྗོངས་རྒྱུ་བར་བག་ཆགས་ཟབ་མོ་བཞག་ཡོད་ཅིང་། ཁོང་ཚོ་ནི་ལྗོངས་ཡོངས་ཀྱི་ས་ཁུལ་མི་འདྲ་བ་ནས་ཡོང་བ་དང་ཁོང་ཚོའི་སེམས་ནང་དུ་འདུན་པ་རེ་ཡོད་པ་སྟེ་ལག་གཉིས་ལས་བརྟེན་ནས་བྱ་གཞག་བཏོད་དེ་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་དེ་ཡིན།
གཞིས་རྩེ་པ་སྣམ་རྫོང་དཔལ་ཚལ་ཤང་བསྡོད་གྲོང་ཚོ་ནས་ཡིན་པའི་པ་སངས་མཚམས་གཅོད་ནི་ཁོང་ཚོའི་ཁྲོད་ནས་གཅིག་ཡིན། ཁོང་གི་ཁྱིམ་དུ་ཁྱོན་མི་11ཡོད་པས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་བ་དང་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་བ་དང་འབྲེལ་རང་ཉིད་ཀྱི་བྱ་གཞག་གཏོད་པའི་འདུན་པ་ཡང་མངོན་འགྱུར་བྱ་ཆེད་2007ལོར་དམངས་སྲོལ་གླིང་ཁར་ཡོང་བ་རེད།
ལོ་ལྟར་ཟླ་5པ་ནས་ཟླ་10པ་རྟ་ར་འོག་དམངས་སྲོལ་གླིང་ཁ་ནི་ས་གནས་དེ་གའི་མི་རྣམས་ཀྱི་སྤྲོ་གསེང་བྱ་ཡུལ་ཞིག་ཡིན་པ་མ་ཟད་ལྗོངས་རྒྱུ་བ་མང་པོ་ཡོང་བའི་གནས་ཤིག་ཀྱང་ཡིན། དེ་གར་བཟའ་འཏུང་ཞབས་ཞུའི་ལས་རིགས་གཉེར་བ་དང་། ཚོང་ཁང་ཆུང་ངུ་ཚོང་གཉེར་བྱེད་པ། གུར་བོགས་གཏོང་བྱེད་པ་བཅས་ནི་ས་གནས་དེ་གའི་བུད་མེད་དང་ས་ཁུལ་གཞན་གྱི་བུད་མེད་ཚོར་འབབ་འཕར་ཡོང་བ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ལོ་ལྟར་གྱི་དབྱར་འགོ་ནས་བཟུང་ཁོང་ཚོ་གཅིག་མཇུག་གཉིས་མཐུད་ངང་གླིང་ཁའི་ནང་དུ་གནས་སྤོས་བྱེད་ཅིང་། དུས་ཐུང་ཟླ་བ་ལྔ་ཙམ་རིང་ཁོང་ཚོའི་ཁྲོད་ཀྱི་ཚོང་གཉེར་བ་མང་ཆེ་བར་ཆ་སྙོམས་བྱས་ན་ཡོང་འབབ་སྒོར་ཁྲི་2ཙམ་ཡོང་གི་ཡོད་པ་དང་ཡོང་འབབ་མང་ཤོས་ལ་ཟླ་རེར་སྒོར་ཁྲི་5ཙམ་ཡོང་གི་ཡོད།
པ་སངས་མཚམས་གཅོད་ཀྱིས་གུར་ནང་གི་བཏུང་བཅའ་གྲང་མོའི་འཐུང་ཁང་ཞིག་ཚོང་གཉེར་བྱེད་ཅིང་། འདི་ལོའི“ལྔ་གཅིག་”ནས་བཟུང་ཁོང་ལ་ཡོང་འབབ་སྒོར་5000བྱུང་ཡོད། ཁོང་གིས་གསར་འགོད་པར་དེ་གར་མ་ཡོང་གོང་ཁོང་གིས་ནག་ཆུ་དང་མངའ་རིས་སོགས་ས་ཁུལ་དུ་འབྲེལ་ཡོད་ཀྱི་ཞབས་ཞུའི་ལས་རིགས་ལོ་ལྔ་ཙམ་བྱེད་མྱོང་ཡོད་པས་ཚོང་རྒྱག་སྟངས་ཀྱི་ཉམས་མྱོང་ངེས་ཅན་ཞིག་ཡོད་ཅེས་རྒྱག་སྟངས་ཀྱི་ཉམས་མྱོང་ངེས་ཅན་ཞིག་ཡོད་ཅེས་ཤོད་ཀྱི་འདུག
རྟ་ར་འོག་དམངས་སྲོལ་གླིང་ཁའི་ནང་དུ་ཁྱོན་བུད་མེད་200ལྷག་ཙམ་གྱིས་དེ་གར་བྱ་བ་སྒྲུབ་ཀྱི་ཡོད་པ་དང་ཁོང་ཚོར་དེ་ནས་ཡ་རབས་དང་སྤྲོ་སེམས་འཁོལ་བའི་ཞབས་ཞུའི་ལྟ་བ་ཤེས་པ་མ་ཟད་ད་དུང་འབད་བརྩོན་ལྷོད་མེད་དང་རང་ཚུགས་རང་བདག་གི་བྱ་གཞག་གཏོད་པའི་འདུ་ཤེས་ཀྱང་སྐྱེད་བསྲིང་བྱས་ཡོད། པ་སངས་མཚམས་གཅོད་ཀྱིས་“བུད་མེད་སྐྱེས་པར་མི་དོ་ཅི་ཡོད་དམ། ལས་ལ་བརྩོན་པ་དང་།བརྩོན་ལེན་དང་འབད་འཐབ་བྱེད་ཕོད་ཚེ་བུད་མེད་ཀྱིས་ཀྱང་བྱ་གཞག་ཞིག་གཏོད་ཐུབ་”ཅེས་ཤོད་ཀྱི་འདུག
འབྲུག་མོས་ཞུ་དག་བྱས། |