གནས་ཡུལ། མདུན་ངོས། 首页新闻
 
 
སྐབས་བཞི་བའི་མཚོ་སྔོན་གྱི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཟླ་བརྒྱད་པའི་ནང་ཟི་ལིང་ནས་ཚོགས་གྲབས་ཡོད།
སྤེལ་དུས།2011-08-08   ཡོང་ཁུངས་།མཚོ་སྔོན་པོ་དྲ་བ།    རྩོམ་པ་པོ། བདེ་ཆེན་མཚོ།

       སྐབས་བཞི་བའི་མཚོ་སྔོན་གྱི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཟླ་༨པའི་ཚེས་༡༩ནས་༢༢བར་དུ་ཟི་ལིང་གྲོང་ཁྱེར་གྱི་ལྷོ་གྲོང་འགྲེམ་སྟོན་ལྟེ་གནས་ནས་ཚོགས་གྲབས་ཡོད་པ་དང་།བོད་ལྗོངས་ཀྱི་ཕུལ་དུ་བྱུང་བའི་ལྷ་བཟོ་དང་ཐང་གའི་ཁེ་ལས་སོགས་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་དུ་གདན་འདྲེན་ཞུ་རྒྱུ་རེད།

       རྒྱུས་ལོན་བྱས་པ་ལྟར་ན།  ཐེངས་འདིའི་བྱ་འགུལ་གྱིསམི་རིགས་རིག་གནས་དར་སྤེལ་དང་།འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་མྱོང་།ཞེས་པ་བརྗོད་དོན་དུ་བྱས་ནས་ཐང་ཀ་འགྲེམ་སྟོན་ནམ་ཀྲུང་གོའི་ཐང་ག་འབྲི་བའི་ལག་རྩལ་འགྲན་སྡུར་དང་གླེང་སྟེགས།རིག་གནས་ཐོན་ལས་ལས་གཞི་མཚམས་སྦྱོར་དང་གན་རྒྱ་འཇོག་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་གཅིག་གྱུར་གྱིས་རྩ་འཛུགས་བྱས་ཏེ་མི་སྒེར་དང་ཡང་ན་ལས་ཁུངས་ཀྱི་མཚོན་བྱེད་རང་བཞིན་གྱི་ཐང་ག་མཆོག་གྱུར་བརྒྱད་ནས་བཅུ་ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005