| བོད་རིགས་མཁའ་འགྲུལ་བུད་མེད་ཐོག་མ་བདེ་སྐྱིད་དབྱངས་འཛོམས། 
ཟླ ༢ པའི་ཚེས ༢༨ ཉིན། བདེ་སྐྱིད་དབྱངས་འཛོམས་ཀྱིས་བོད་ལྗོངས་མཁའ་འགྲིལ་ཀུང་སིའི་ཞབས་ཞུ་པ་སྐོར་དང་པོ་ལ་བྱད་གཟུགས་བདག་སྐྱོང་ཉམས་མྱོང་ངོ་སྤྲོད་བྱེད་བཞིན་པ། ༡༩༧༦ ལོར་སྐྱེས་པའི་བདེ་སྐྱིད་དབྱངས་འཛོམས་ནི་མིང་དོན་མཚུངས་བའི་བོད་ཀྱི་མཁའ་འགྲུལ་བུ་མོ་ཐོག་མ་ཡིན་པ་རེད། ༡༩༩༥ ལོར་བདེ་སྐྱིད་དབྱངས་འཛོམས་བོད་ཀྱི་མཁའ་འགྲུལ་བུ་མོ་ཐོག་མར་གྱུར་བ་དང་། ལོ་ངོ ༡༦ རིང་དུ་མཁའ་འགྲུལ་ཞབས་ཞུའི་ལས་དོན་གཉེར་བའི་གོ་རིམ་ཁྲོད་དུ། ཁོ་མོ་དང་མཁའ་དབྱིངས་བར་དུ་གཡོལ་ཐབས་མེད་པའི་ལས་འབྲས་བརྟན་པོ་ཆགས། ༢༠༡༠ ལོར། བོད་ལྗོངས་ཀྱི་མཁའ་འགྲུལ་ཀུང་སི་ཐོག་མ་སྟེ“བོད་ལྗོངས་མཁའ་འགྲུལ” ཚུགས་པ་དང་། བདེ་སྐྱིད་དབྱངས་འཛོམས་ཀྱང་ཀུང་སི་དེའི་བོད་རིགས་བུད་མེད་ཀྱི་དབུ་ཁྲིད་མི་སྣ་ཐོག་མར་གྱུར། |