|
ཨ་རིའི་ཙུང་ཐུང་སྔོན་མ་ཅི་སྨི་ཁ་ཐེ། ཨ་རིའི་ཀྲུང་སྡོད་གཞུང་ཚབ་ཆེན་མོ་ལའོ་ཅ་ཧེ། (གཡོན་གྱི་དང་པོ།) ཉེ་སྔོན། 《ནོར་སྲིད་དཔལ་འབྱོར》ཚགས་དེབ་དང་། ནོར་སྲིད་དཔལ་འབྱོར་དྲ་བ། པའོ་ཡོན་ཐེབས་རྩ་ཚོགས་པ་བཅས་ཀྱིས་མཉམ་དུ་སྒྲུབ་པའི“༢༠༡༢ལོའི《ནོར་སྲིད་དཔལ་འབྱོར》གྱི་ལོ་མཇུག་གི་ཚོགས་འདུ་སྟེ། ཀྲུང་གོའི་བཅོས་བསྒྱུར་ཐབས་ལམ་གྱི་ཐོད་བརྒལ་གསར་བ”ཞེས་པ་པེ་ཅིང JW ཝན་ཧོ་ཨར་ཁང་ནས་བདེ་བླག་ངང་འཚོགས། ཀྲུང་གོའི་དམ་བུ་སྐེ་རིང་གཏེར་ཆུའི་སྣེ་ཁྲིད་པ་སྟེ་བོད་ལྗོངས༥༡༠༠ འཁྱགས་རོམ་གཏེར་ཆུ་དེ་ཐེངས་འདིའི《ནོར་སྲིད་དཔལ་འབྱོར》གྱི་ལོ་མཇུག་ཚོགས་འདུའི་བཏུང་ཆུ་མཁོ་འདོན་གྱི་རོགས་སྐྱོར་མཁན་གཅིག་རྐྱང་ཡིན་པའི་ཆ་ནས། ཚོགས་འདུར་ཕེབས་པའི་སྐུ་མགྲོན་རྣམས་ལ་གཏེར་ཆུ་སྤུས་ལེགས་མཁོ་འདོན་བྱས། ཐེངས་འདིའི《ནོར་སྲིད་དཔལ་འབྱོར》གྱི་ལོ་མཇུག་ཚོགས་འདུའི་སྟེང་དུ། རྒྱལ་ཕྱི་ནང་གི་སྲིད་ཕྱོགས་དང་ཚོང་ལས་སྡེ་ཁག་གི་མི་སྣ་གྲགས་ཅན་དག་པེ་ཅིང་དུ་འདུས་ནས། འཛམ་གླིང་གི་དཔལ་འབྱོར་གནས་བབ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་རྣམ་པའི་ཁ་ཕྱོགས་གསར་བ་བཅས་ཀྱི་སྐོར་ལ་བགྲོ་གླེང་མཛད། ཨ་རིའི་སྔོན་མའི་ཙུང་ཐུང་ཅི་སྨི་ཁ་ཐེ་དང་། ཀྲུང་གོར་སྡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ལུའོ་ཅ་ཧུའེ། ཀྲུང་གོའི་མི་དམངས་དངུལ་ཁང་གི་གཙོ་བདག་ཀྲོའུ་ཞའོ་ཁྲོན་སོགས་མི་སྣ་གྲགས་ཅན་དག་ཐེངས་འདིའི་ཚོགས་འདུའི་སྟེང་གི་དོ་སྣང་བྱ་ཡུལ་གཙོ་བོར་གྱུར། ཁོང་ཚོས་རེ་རེ་བཞིན་གཏམ་བཤད་གནང་བ་དང་། ཚོགས་འདུར་ཉན་མཁན་མང་ཚོགས་ཀྱིས་གདེང་འཇོག་དང་བསྟོད་བསྔགས་ཆེན་པོ་ཐོབ། བོད་ལྗོངས༥༡༠༠ ཀྱི CEOསྐུ་ཞབས་ཧྥུ་ལིན་ལགས་ཀྱིས།“《ནོར་སྲིད་དཔལ་འབྱོར》གྱི་ལོ་མཇུག་ཚོགས་འདུ་ནི་ཀྲུང་གོའི་ཆེས་མཚན་སྙན་ཆེ་བའི་ནོར་སྲིད་དཔལ་འབྱོར་སྡེ་ཚན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་། བོད་ལྗོངས ༥༡༠༠ ནི་གཏེར་ཆུ་མཁོ་འདོན་མཁན་གཅིག་རྐྱང་ཡིན་པའི་ཆ་ནས་ཚོགས་འདུ་འདི་དང་ཐེངས་གཉིས་ལ་མཉམ་ལས་བྱས་པ་རེད། ང་ཚོས་སྲིད་ཕྱོགས་དང་ཚོང་ལས་སྡེ་ཁག དཔལ་འབྱོར་རིག་གཞུང་སྡེ་ཁག་བཅས་ཀྱི་མི་སྣ་གྲགས་ཅན་འདི་འདྲ་མང་པོ་དང་། སྨྱན་སྦྱོར་ཚན་ཁག་ནས་ཕེབས་པའི་གསར་འགོད་པ་དག་ལ ༥༡༠༠ བོད་ལྗོངས་འཁྱགས་རོམ་གཏེར་ཆུ་མཁོ་འདོན་བྱེད་ཐུབ་པ་བྱུང་བས་སྤྲོ་སེམས་ཆེན་པོ་སྐྱེས། ད་ལོའི《ནོར་སྲིད་དཔལ་འབྱོར》གྱི་ལོ་མཇུག་ཚོགས་འདུའི་སྟེང་དུ་སྐུ་མགྲོན་རྣམས་ཀྱིས་གཏམ་བཤད་གལ་ཆེན་གནང་བ་དང་། ཁང་སའི་ཐོན་ལས་ཀྱི་གླེང་སྟེགས་སྟེང་དུ། ཧྭ་ཡུས་ཚོགས་ཁག་གི་གཙོ་འཛིན་དང་སྡོད་ཁང་འཛུགས་སྐྲུན་པུའུ་ཡི་ཀྲུའུ་རིན་ཝང་ཅུའེ་ལིན་གཉིས་ཀྱིས་གཏམ་གླེང་བྱས་པ་ལྷག་ཏུ་ངོ་མཚར་ཆེ”ཞེས་བཤད། 《ནོར་སྲིད་དཔལ་འབྱོར》གྱི་ལོ་མཇུག་ཚོགས་འདུ ༢༠༠༤ ལོར་འཚོགས་འགོ་ཚུགས་པ་ནས་བཟུང་། “སྔོན་དཔག་དང་ཐབས་ལམ”ཅེས་པ་བརྗོད་བྱར་བྱས་ཏེ། སྐབས་དོན་གསར་བར་དབྱེ་ཞིབ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཇུས་གཞིར་གསལ་འགྲེལ་བྱས་པས། དཔལ་འབྱོར་གྱི་མཐོ་རིམ་དཔོན་པོ་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་གི་ལས་བྱེད་མི་སྣ་གཙོ་བོ། ཁེ་ལས་ཀྱི་འགོ་གཙོ། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་རིག་པ་བ་རྣམས་ཧུར་ཐག་གིས་ཞུགས་པ་རེད། དེ་མིན་ལོ་རེའི《ནོར་སྲིད་དཔལ་འབྱོར》ཚོགས་འདུར་འཛམ་གླིང་སྤྱིའི་མིང་གྲགས་ཆེ་བའི་ཁེ་ལས་ཁག་གིས་རོགས་སྐྱོར་མཁན་བྱ་རྒྱུར་འགྲན་རྩོད་དང་བཅས་བརྩོན་ལེན་བྱེད་ཅིང་། ཁེ་ལས་རང་གི་ཚོང་རྫས་ཀྱི་རྟགས་མའི་མཚན་སྙན་ཆེ་རུ་གཏོང་བར་བྱེད་པ་རེད། དཔེར་ན་ད་ལོ་པའོ་མ་དང་ཏི་ལེ། མོ་ཀེན་ཏ་ཐུང་། ཞི་མན་ཙི་སོགས་ཡོད་པ་རེད། བོད་ལྗོངས་ཀྱི༥༡༠༠ཀྲུང་གོའི་དམ་བུས་སྐེ་རིང་གཏེར་ཆུ་ལེགས་གྲས་ཀྱི་སྣེ་ཁྲིད་མཁན་ཡིན་པའི་ཆ་ནས། ད་ལོ་ཡང་ལོ་མཇུག་ཚོགས་འདུའི་སྟེང་ཆུ་མཁོ་འདོན་བྱེད་མཁན་དུ་གཏན་འཁེལ་བྱས་པའི་ཁེ་ལས་གཅིག་ཁོ་ནར་གྱུར་ཞིང་། རྒྱལ་སྤྱིའི་སྲིད་དོན་དང་ཚོང་ལས་ཀྱི་སྡེའི་ཕུལ་བྱུང་མི་སྣ་ཁག་པེ་ཅིང་དུ་འདུས་ཏེ། གོ་ལ་ཧྲིལ་བོའི་དཔལ་འབྱོར་གྱི་གནས་ཚུལ་ལ་དཔྱད་གླེང་གནང་པ་རེད། བོད་ལྗོངས་ཀྱི༥༡༠༠གིས《ནོར་སྲིད་དཔལ་འབྱོར》གྱི་ལོ་མཇུག་ཚོགས་འདུའི་སྟེང་ཚོང་རྫས་རྟགས་མའི་ཁྱབ་སྤེལ་བྱ་བ་ལ་རོགས་སྐྱོར་མཛད་ཚུལ་གླེང་སྐབས། ཧྥོའུ་ཙུང་གིས“ང་ཚོས་ནོར་སྲིད་དཔལ་འབྱོར་གྱི་ཚོགས་འདུ་འདི་འདྲའི་རིམ་པ་མཐོན་པོར་རོགས་སྐྱོར་བྱས་ནས། ཚོང་ལས་བའི་སྡེའི་མི་སྣ་འཇོན་ཐང་ཅན་དང་སྨྱན་སྦྱོར་བྱ་བ་གཉེར་མཁན་གྱི་གྲོགས་པོ་ཁག་ལ་བོད་ལྗོངས་ཀྱི་གངས་ཆབ་བསིལ་མ༥༡༠༠མྱང་དུ་བཅུག་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི༥༡༠༠ལ་ཆ་རྒྱུས་ཡོད་པར་གྱུར་བ་རེད། ནོར་སྲིད་དཔལ་འབྱོར་གྱི་ལོ་མཇུག་ཚོགས་འདུའི༥༡༠༠འགྲེམས་སྟེགས་སུ་ཚོགས་ཞུགས་མི་སྣ་ལ་བོད་ལྗོངས་ཀྱི༥༡༠༠ ཡི་ཚོང་རྫས་ཀྱི་ཁྱད་ཆོས་དང་། ཕྱིར་འཚོང་བྱེད་ཐབས་སོགས་ཀྱི་ཆ་འཕྲིན་ཡོད་པ་རེད། ང་ཚོས་མ་འོངས་པར་མུ་མཐུད་དུ་རོགས་སྐྱོར་ཁྱབ་སྤེལ་གྱི་ཐབས་ལམ་འདི་རིགས་སྤྱད་ནས། མི་གང་མང་ཞིག་ལ ༥༡༠༠ བོད་ལྗོངས་འཁྱགས་རོམ་གཏེར་ཆུའི་བྲོ་བ་རོལ་མྱོང་བྱེད་ཐུབ་པར་བྱ་རྒྱུ་དང་། མུ་མཐུད་དུ་བོད་ལྗོངས ༥༡༠༠ གཏེར་ཆུའི་མི་རིགས་ཁྱད་ཆོས་ལྡན་པའི་ཚོང་རྟགས་ཀྱི་སྣང་བརྙན་བཞེངས་སྐྲུན་གང་ལེགས་བྱ་རྒྱུ་ཡིན ” བོད་ལྗོངས ༥༡༠༠འཁྱགས་རོམ་གཏེར་ཆུ་ཀུང་སིས་ནམ་ཡང་འཛམ་གླིང་ཡོངས་ལ་རྒྱུ་སྤུས་ཆེས་ལེགས་པའི་བཏུང་ཆུ་མཁོ་འདོན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། ༥༡༠༠འཁྱགས་རོམ་གཏེར་ཆུ་ནི་བོད་ལྗོངས་གདང་ལ་རི་རྒྱུད་ཀྱི་མཚོ་ངོས་མཐོ་ཚད་ལ་སྨི ༥༡༠༠ ཡོད་པའི་གདོད་མའི་འཁྱགས་རོམ་ཆུ་ཁུངས་ནས་ཐོན་པ་ཡིན་པ་དང་། གཏེར་རྡོའི་ཞུན་ཁུ་བཞུར་བ་དང་ས་དྲོད་འགུལ་སྐྱོད་གཉིས་ཀྱི་བྱེད་ནུས་འོག་ཏུ་ཆུ་དྲོད་འགུལ་སྐྱོད་ཀྱི་ཐོན་དངོས་ཡིན་པ་རེད། བོད་ལྗོངས༥༡༠༠ཐེངས་མང་པོར་མཐོ་རིམ་སྲིད་དོན་དང་ཚོང་ལས་ཀྱི་ཚོགས་འདུར་ཞུགས་པ་སྟེ། དཔེར་ན་རྒྱལ་ཁབ་དབུ་ཚུགས་ནས་ལོ་འཁོར ༦༠ ལོན་པའི་རྟེན་འབྲེལ་ཚོགས་འདུ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན། ཀྲུང་གོའི་སྲིད་གྲོས་ཚོགས་འདུ། པའོ་ཞེ་ཨེ་ཤེ་ཡ་གླེང་སྟེགས། ནོར་སྲིད་དཔལ་འབྱོར་གྱི་ལོ་མཇུག་ཚོགས་འདུ་སོགས་ལྟ་བུའོ། སྔ་གཞུག་ཏུ་ལུས་རྩལ་འགྲན་ཚོགས་ཆེ་གྲས་རིགས་མང་པོར་རོགས་སྐྱོར་གནང་བ་སྟེ། ཀྲུང་གོའི་དྲ་འཕེན་སྤོ་ལོའི་འགྲན་སྡུར་དང་ཧྲང་ཧེ་ཧེའུ་ཧྥུང་ཀའོ་ཨར་ཧྥུའི་རྟིང་རྩོད་འགྲན་སྡུར་སོགས་ཀྱང་དེའི་ཁོངས་སུ་གཏོགས་པ་རེད། |