| 
ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་བ་གྲགས་ཅན་གྱི་དཔེ་ཚོགས་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་བ་གྲགས་ཅན་གྱི་དཔེ་ཚོགས་ནི་བོད་ཀྱི་བཤད་མི་ཚར་བའི་སྒྲུང་བ་གྲགས་ཅན་ཚེ་རིང་དབང་འདུས་དང་། བྲིས་མི་ཚར་བའི་སྒྲུང་བ་གུ་རུ་རྒྱལ་མཚན།མ གོ་ལོག་ཁུལ་གྱི་གཏེར་སྒྲུང་རིགས་ཀྱི་སྒྲུང་བ་བསྟན་འཛིན་གྲགས་པ་ལ་སོགས་ཀྱི་སྒྲུང་དཔེ་ཡིན་ཏེ།མཚོ་སྔོན་ཞིང་ཆེན་<<གེ་སར་སྒྲུང་>>ཞིབ་འཇུག་ཁང་གི་ལས་བྱེད་མི་སྣ་སྐོར་ཞིག་གིས་སྒྲ་ཕབ་པ་དང་།ཟིན་བྲིས།དག་སྒྲིག་བཅས་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་རེད། སྒྲུང་བའི་དཔེ་ཚོགས་འདི་ནི་སྔོན་ཆད་སྤྱི་ཚོགས་སྟེང་ཁྱབ་མ་མྱོང་བའི་སྒྲུང་ཁག་སྐོར་ཞིག་ཡིན་ཏེ།སྒྲུང་དཔེ་དང་པོ་ནི་<<གོ་ར་ཚྭ་རྫོང>>དང་།གཉིས་པ་ནི་<<ལྷ་སྲས་དགྲ་ལྷ་རྩེ་རྒྱལ>> གསུམ་པ་ནི་<<སེང་སྟག་དུང་དཀར་སྟག་རྫོང་>> བཞི་བ་ནི་<<དགྲ་ལྷའི་ཁྲབ་རྫོང་>> ལྔ་བ་ནི་<<ཨ་སྟག་ལྷ་མོའི་གསང་རྣམ>>བཅས་ཡིན།དཔེ་ཚོགས་འདིར་རྒྱལ་ཡོངས་གླིང་སྒྲུང་གཅེས་བཏུས་ལེགས་སྒྲིག་གི་རྩ་དོན་གཞིར་བཟུང་སྟེ་དག་སྒྲིག་བྱས་ཡོད་པས་མི་མིང་དང་ས་མིང་ལ་སོགས་ཚད་ལྡན་ཡིན་པ་མ་ཟད།རིག་གཞུང་གི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་ལྡན་ཡོད། |