| 
པར་རིས་རྒྱུ་ཆ། བོད་ལྗོངས་ནག་ཆུའི་དད་ལྡན་མང་ཚོགས་ཀྱིས་ལམ་གང་བོར་རྐྱང་ཕྱག་འཚལ་ནས་མཇུག་མཐར་ལྷ་སར་སླེབས་ཡོད། ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

པར་རིས་རྒྱུ་ཆ། ༢༠༠༨ལོའི་ཟླ༣པའི་ཚེས༢༡ཉིན་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་གསུམ་པའི་འཛིན་གྲྭ་གསུམ་པའི་སློབ་མ་ཟླ་སྒྲོན་གྱིས་བོད་ཡིག་གི་དཔེ་ཆ་ཀློག་འདོན་བྱེད་བཞིན་ཡོད། ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པདྨ་འཕྲིན་ལས་ཀྱིས་འདི་སྐད། བོད་ཀྱི་དད་ལྡན་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་འོག རྒྱུན་ལྡན་དུ་ཆོས་ལུགས་བྱེད་སྒོའི་རང་དབང་མཐའ་དག་ལོངས་སུ་སྤྱོད་ཐུབ་ཀྱིན་ཡོད་ཅིང་། ང་ཚོས་ཆོས་ལུགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་མ་ཟད། ད་དུང་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལའང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། |