|  ཨ་ཁོའུ་ཏིང་གི་ཚོང་དཔོན་པ་སངས་ལགས། འཆར་ཡན་དང་དྲོད་ཁོལ་གྱིས་ཁེངས་པའི་ཨ་ཁོའུ་ཏིང་ཞེས་པའི་བོད་ཟས་སོབ་གོར་ཁང་ནི་མཛེས་སྡུག་ལྡན་པའི་ལྷ་སའི་སྐལ་བཟང་གླིང་ག་འདུས་སྡོད་ཁུལ་དུ་ཡོད་པ་རེད། བོད་ཟས་སོབ་གོར་གསར་བཟོ་བྱེད་མཁན་པ་སངས་ལགས་ནི་གཞིས་ཀ་རྩེ་རྒྱལ་རྩེའི་མི་ཡིན་ཞིང་། ཡར་སྔོན་ཁོང་གིས་དྲག་ཆས་ཉེན་རྟོག་རིག་རྩལ་ཚོགས་པ་རུ་ཞབས་བྲོའི་རྩོམ་སྒྲིག་འཁྲབ་ཁྲིད་པའི་ཕྱག་ལས་གནང་ལ། ཐེངས་མང་པོར་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་ཇུས་འགོད་དང་རྩོམ་སྒྲིག་འཁྲབ་ཁྲིད་པའི་འགན་ཁུར་བ་རེད། པ་སངས་ལགས་ཀྱི་ཨ་ཁོའུ་ཏིང་ཞེས་པའི་བོད་ཟས་སོབ་གོར་ཁང་ལེགས་པོ་ཡོང་བ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ གྲགས་རྟགས་ཤིག་ཏུ་འགྱུར་ཆེད། ཁོང་གིས་དྲག་ཆས་ཉེན་རྟོག་རིག་རྩལ་ཚོགས་པའི་བྱ་བའི་ལས་ཁུར་དགོངས་ཞུ་ཞུས་ཏེ། སྟོབས་ཤུགས་གཅིག་སྒྲིལ་ངང་བོད་ཟས་སོབ་གོར་ཁང་གཉེར་བ་རེད། ལས་ཀ་གསར་བ་བཏོད་པ་དེས་ཁོར་སྤྲོད་སྐྱིད་ལྡན་པའི་འཚོ་བ་སྦྱིན་པའི་དུས་མཚུངས་སུ་དཀའ་སྡུག་ཡང་མི་ཉུང་བ་ཞིག་དང་འཕྲད་པ་རེད། སོབ་གོར་གྱི་རྒྱུ་སྤུས་ལེགས་པོ་བཟོ་ཆེད། པ་སངས་ལགས་ཆེད་དུ་ཁྲིན་ཏུའུ་རུ་ཕྱིན་ཏེ་སོབ་གོར་དགེ་རྒན་གྲགས་ཅན་བརྟེན་ནས་སློབ་སྦྱོང་དང་ལག་ལེན་ཡག་པོ་ཞིག་བྱས་རྗེས། ཕྱིར་ལྷ་སར་ལོག་ནས་ཨ་ཁོའུ་ཏིང་སོབ་གོར་བཟོ་མཁན་དུ་གྱུར་པ་རེད།  ཨ་ཁོའུ་ཏིང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཏེ་ཞོའི་སྤྲི་གོར།
ཞོའི་སྤྲི་གོར་ནི་སོབ་གོར་ཁང་འདིའི་ནང་གི་ཁྱད་ཆོས་ཡོད་པའི་ཐོན་རྫས་ཤིག་ཡིན་ལ། དེའི་རྒྱུ་ཆ་གཙོ་བོ་ཞོ་ནི་ནག་ཆུ་རྩྭ་ཐང་ནས་ཐོན་པའི་ཞོ་ཡིན་ཞིང་། དེའི་ནང་ལ་རྫས་གཞན་པ་མ་འདྲེས་པས་གཙང་ཞིང་བདེ་ཐང་ལ་སྨན་པའི་ཟས་རིགས་ཤིག་རེད། |