གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།།བོད་ལྗོངས་ཀྱི་གནའ་བོའི་རིག་དངོས་བཟོ་སྐྲུན་ལ་གཞི་རྒྱ་ཆེ་བའི་གཅིག་སྡུད་ཉམས་གསོ་བྱས་པ།
སྤེལ་དུས།2009-06-18   ཡོང་ཁུངས་། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།

  ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། སྤྱི་ལོ་༡༤༤༧ ལོར་བསྐྲུན་འགོ་ཚུགས་པའི་བཀྲས་ལྷུན་དགོན་གྱི་དུས་ཐེངས་དང་པོའི་ཉམས་གསོའི་ལས་གྲྭའི་རྣམ་གྲངས་ཁག་གཅིག་ལས་མཇུག་སྒྲིལ་ཉེར་ཡོད་ཅིང་། དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་དྲུག་གྲས་ཀྱི་གནའ་བོའི་དགོན་པ་ཞིག་ཡིན་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བྱས་པའི་གཞི་ཁྱོན་ཅུང་ཆེ་བའི་ཉམས་གསོའི་ནང་གི་ཆ་ཤས་ཤིག་ཡིན།

     བཀྲས་ལྷུན་དགོན་པའི་དུས་ཐེངས་དང་པོའི་ཉམས་གསོའི་ལས་གྲྭར་མ་དངུལ་སྒོར་ཁྲི་༣༠༠༠ལྷག་ཙམ་བཏང་ཡོད་ཅིང་། མིག་སྔར་དེའི་ཚོགས་ཆེན་འདུ་ཁང་དང་བཀའ་འགྱུར་ལྷ་ཁང་གི་ཉམས་གསོའི་ལས་དོན་མཇུག་སྒྲིལ་ཉེར་ཡོད་པ་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར་༡ལས་བརྒལ་བའི་གཞི་ཁྱོན་དེ་བས་ཆེ་བའི་ཉམས་གསོའི་རྣམ་གྲངས་ནི་རྣམ་གྲངས་དེ་དག་ལས་མཇུག་སྒྲིལ་རྗེས་གཅིག་རྗེས་གཉིས་མཐུད་དུ་སྤེལ་རྒྱུ་རེད།

     སྤྱིའི་མ་འཇོག་སྒོར་དུང་ཕྱུར་༣ལས་བརྒལ་བའི་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་བཅས་རིག་དངོས་ཆེན་པོ་གསུམ་གྱི་ཉམས་གསོ་ནས་སྤྱིའི་མ་འཇོག་སྒོར་དུང་ཕྱུར་༥.༧ཟིན་པའི་བོད་ཀྱི་གནའ་བོའི་རིག་དངོས་བཟོ་སྐྲུན་ཁག་༢༢ལ་ཉམས་གསོ་བྱེད་པའི་བར་བོད་ཀྱི་གནའ་བོའི་རིག་དངོས་བཟོ་སྐྲུན་ལ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་གཅིག་སྡུད་ཉམས་གསོ་ཞིག་བྱས་ཡོད།

     འདི་ལོའི་ཟླ་༥ཚེས་༡༣ཉིན་བོད་རྒྱ་མི་རིགས་གཉིས་ཀྱི་བཟོ་སྐྲུན་ཉམས་འགྱུར་ལྡན་པའི་བོད་ཀྱི་ཞ་ལུ་དགོན་པའི་ཉམས་གསོའི་ལས་གྲྭ་དངོས་སུ་འགོ་ཚུགས་པ་དང་མ་དངུལ་སྒོར་ཁྲི་༡༦༡༢བཏང་བའི་ཉམས་གསོའི་ལས་གྲྭ་དེ་ནི་༢༠༠༨ལོར་བོད་ཀྱིས་དངོས་སུ་སྤེལ་འགོ་ཚུགས་པའིལོ་ལྔ་ཚན་བཅུ་གཅིག་པའིགཙོ་གནད་རིག་དངོས་སྲུང་སྐྱོང་ལས་གྲྭའི་ཁྲོད་ཀྱི་རྣམ་གྲངས་ཤིག་ཡིན།                                            

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060