|

སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་མཛད་སྒོའི་ཚོགས་ར།
རྒྱལ་ཁབ་སྐད་བརྡའི་ཐོན་ཁུངས་ལྟ་དཔྱོད་དང་ཞིབ་འཇུག་ལྟེ་གནས་མི་རིགས་གྲངས་ཉུང་སྐད་བརྡའི་ཡན་ལག་ལྟེ་གནས་བོད་སྐད་ཡིག་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་མཛད་སྒོ་དེ་ཟླ༦པའི་ཚེས༡༦ཉིན་གྱི་ཕྱི་དྲོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡུས་ཀྲུང་སློབ་ཁུལ་ནས་བསྡུས། སློབ་གསོ་པུའུ་སྐད་ཡིག་ཆ་འཕྲིན་དོ་དམ་སི་ཡི་སི་ཀྲང་བང་ཐུས་ཁོང་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་སུང་མེ། ཀན་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཕིན། རྒྱལ་ཁབ་སྐད་བརྡའི་ཐོན་ཁུངས་ལྟ་དཔྱོད་དང་ཞིབ་འཇུག་ལྟེ་གནས་མི་རིགས་གྲངས་ཉུང་སྐད་བརྡའི་ཡན་ལག་ལྟེ་གནས་ཀྲུའུ་རིན་གཞོན་པ་སུང་ཞའོ་པིན་སོགས་སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་མཛད་སྒོར་ཞུགས། ཀྲུང་གོ་མི་རིགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གླིང་དང་ཚན་ཞིབ་ཁྲུའུ། སློབ་དོན་ཁྲུའུ་སོགས་ཀྱི་འགན་ཁུར་པ་དང་ཡུས་ཀྲུང་སློབ་ཁུལ་གྱི་སློབ་ཁྲིད་ལས་ཁུངས་ཁག་གི་འགན་ཁུར་པ། དགེ་སློབ་ཀྱི་འཐུས་མི་སོགས་མི་སུམ་བརྒྱ་དང་བརྒྱད་ཅུ་ཚོགས་འདུ་ལ་ཞུགས།

བོད་ཀྱི་སྐད་ཡིག་རྟེན་གཞིའི་སྒོ་བྱང་སྟེང་གི་ཡོལ་རས་བླངས་པ། |