གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།།ངམ་རིང་རྫོང་སློབ་འབྲིང་གིས་བློ་ཡིད་ཚིམ་པའི་སློབ་གྲྭ་ནུས་ཤུགས་ཡོད་རྒུས་བཏོད་པ།
སྤེལ་དུས།2010-02-09   ཡོང་ཁུངས་།བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།

ན་ནིང་ངམ་རིང་རྫོང་སློབ་འབྲིང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བརྟན་པོར་བཙུགས་པ་དངཚད་བརྒལ་གསུམམངོན་འགྱུར་ཧུར་ཐག་ཡོང་བ་བྱས་ནས་དགེ་སློབ་བློ་ཡིད་ཚིམ་པའི་སློབ་གྲྭའི་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། 

       སློབ་ཁྲིད་ཀྱི་དོ་དམ་ལས་ཀར་ཚད་བརྒལ་གསར་པ་བྱུང་ཞིང་། ངམ་རིང་རྫོང་སློབ་འབྲིང་གིས་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱས་ཏེ་སློབ་གྲྭའི་ད་ཡོད་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་གཅིག་སྡུད་ཐོག་ཞིབ་བཤེར་གཏན་འབེབས་བྱས་པ་དང་དོན་ཚན་རེ་རེ་བཞིན་བཟོ་བཅོས་བརྒྱབ་པ་དང་འཐུས་ཚང་དུ་བཏང་ནས་ཁྱོན་དོན་ཚན་༤བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་། དོན་ཚན་༡མེད་པ་བཟོས་པ། དོན་ཚན་༡གསར་དུ་གཏན་འཁེལ་བྱས་པ་བཅས་དང་། སློབ་ཁྲིད་དོ་དམ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་སློབ་ཚན་གྲ་སྒྲིག་དང་། སློབ་ཚན་འཆད་ཁྲིད། སྦྱོང་ཚན་ལ་བཅོས་རྒྱག་པ། ཚད་ལེན་ཚོད་ལྟ་བཅས་ཀྱི་འགག་སྒོ་༤ནན་སྲུང་བྱས་པ། སློབ་གྲྭསསློབ་ཚན་ཁྲིད་པ་དང་སློབ་ཚན་དཔྱད་འདེམས་བྱེད་པའིབྱེད་སྒོ་སྤེལ་བའི་ཐོག་ནས་སློབ་དཔྱོད་ལས་ཀ་ཕུན་སུམ་ཚོགས་སུ་བཏང་སྟེ་སློབ་གྲྭའི་ནང་རིག་གཞུང་ཚན་ཁག་གི་སློབ་ཁྲིད་ཞིབ་འཇུག་ཚོགས་ཆུང་༨དང་སློབ་དཔྱོད་ཁང་༡བཙུགས་པ་དང་འབྲེལ། “སློབ་ཁྲིད་གྲ་སྒྲིག་དཔྱད་བསྡུརདངརིག་གཞུང་ཚན་ཁག་གི་སློབ་ཁྲིད་ཀྱི་ཞིབ་བསྡུར་ཚོགས་འདུསོགས་རིམ་སྤེལ་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་བཏང་བས་སློབ་གྲྭའི་དོ་དམ་ལས་ཀ་དེ་ཚད་ལྡན་ཅན་གྱི་ཕྱོགས་སུ་སྔར་བས་བསྐྱོད་ཐུབ་པ་བྱུང་ཡོད།

སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་ཚད་བརྒལ་གསར་པ་བྱུང་ཞིང་། སློབ་གྲྭའི་རིག་གནས་འཛུགས་སྐྱོང་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་སྦྱོང་བྱེད་པའི་རྣམ་པ་ཡག་པོ་ཞིག་གཏོད་ཆེད་སློབ་གྲྭ་དེས་དཔེ་དེབ་ཁང་༣བཙུགས་པའི་ནང་དེབ་༣༥༠༠༠ཡོད་པ་དང་། ཀུན་སྤྱོད་སློབ་གསོ་ཁང་ཆེད་མངགས་བཙུགས་ནས་ཀུན་སྤྱོད་སློབ་གསོའི་ལས་ཀའི་འགན་ཁྱོན་ཡོངས་ནས་འཁུར་བ་དང་འབྲེལ། “རྒྱལ་དར་འོག་ཏུ་གཏམ་བཤད་སྤེལ་བདངཕུལ་བྱུང་གི་སློབ་ཕྲུག་ལས་བྱེད་པདངབཟང་པོ་གསུམ་ལྡན་གྱི་སློབ་མདཔྱད་འདེམས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་སློབ་ཕྲུག་ལ་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་པ། ལུས་རྩལ་འགྲན་ཚོགས་དང་གླུ་གཞས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་དུས་ངེས་གཏན་ངང་སྤེལ་ནས་སློབ་གྲྭའི་རིག་གནས་ཕུན་སུམ་ཚོགས་སུ་བཏང་བ་དང་སློབ་ཕྲུག་ཚོར་སློབ་ཁང་རིག་གནས་གཏོད་རྒྱུར་སྐུལ་མ་བཏང་སྟེ་སློབ་ཕྲུག་གི་རྩོམ་འབྲི་དང་། ཡིག་གཟུགས། རི་མོ་བཅས་འབྲི་བའི་ནུས་རྩལ་འདོན་པའི་སྟེགས་བུ་ཞིག་མཁོ་འདོན་བྱས་པ་དང་སློབ་ཕྲུག་གི་གསར་གཏོད་བྱེད་ནུས་གསོ་སྐྱོང་བྱས་ཏེ་བྱང་ཚད་སློབ་གསོ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལ་ཚད་བརྒལ་གསར་པ་བྱུང་ཞིང་། སློབ་གྲྭའི་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་སྟེ་སློབ་གྲྭའི་ནང་ཐང་ཆེན་ཆུང་ཆུང་གསར་དུ་བསྐྲུན་པ་དང་ལམ་བརྒྱུད་དུ་སྔོ་ལྗང་ཁུལ་བསྐྲུན་པ་སོགས་བྱས་ཡོད་པ་དང་། གཞན་ཡང་ད་དུང་ལུས་རྩལ་ཐང་དང་རྐང་རྩེད་སྤོ་ལོའི་ཐང་སོགས་ལུས་རྩལ་ཐང་སླར་ཡང་འཆར་འགོད་བྱས་ཏེ་ཕིང་ཕང་སྤོ་ལོ་རྒྱག་སྟེགས་༢དང་བྱ་སྒྲོའི་སྤོ་ལོ་རྒྱག་ས་༡ཕའེ་ཆིའུ་སྤོ་ལོ་རྒྱག་ས་༡བཅས་བཟོས་པ་དང་། འདི་ལོ་ད་དུང་ལན་ཆིའུ་སྤོ་ལོ་རྒྱག་ས་༦གསར་དུ་བསྐྲུན་རྒྱུ་ཡིན་པ་དང་ཆབས་ཅིགསློབ་གྲྭ་དེས་ད་དུང་སྐད་མདངས་ཁང་གསར་དུ་བཙུགས་ཏེ་སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་ཉོ་སྒྲུབ་བྱས་ཡོད་ཅིང་། མིག་སྔར་སློབ་གྲྭ་དེར་གློག་ཀླད་ཁང༢ཡོད་པའི་ནང་གློག་ཀླད་༡༢༠ཡོད་པས་སློབ་ཁྲིད་སྒྲིག་ཆས་རིམ་བཞིན་ལེགས་སུ་ཕྱིན་ཡོད་པ་བཅས་རེད།   

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060