གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།།བོད་ལྗོངས་དབུ་ཁྲིད་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ།
སྤེལ་དུས།2010-02-17   ཡོང་ཁུངས་།བོད་ལྗོངས་རླུང་འཕྲིན།    རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།

ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་པད་མ་འཕྲིན་ལས་དང་ཝུའུ་དབྱིན་ཇལ། ལྕགས་ར་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་རིང༌། ཏེང་ཞའོ་ཀང༌། ལིའི་ཀྲའོ་སོགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་གཟིམ་ཤག་ཏུ་ཕེབས་ཏེ་ལོ་གསར་གྱི་འཚམས་འདྲི་དང་བཀྲིས་བདེ་ཞུས་གནང་བ་རེད།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ་འཕགས་པ་ལྷ་པ་དགེ་ལེགས་རྣམ་རྒྱལ་གྱི་གཟིམ་ཤག་ཏུ་དབུ་ཁྲིད་རྣམ་པས་དཀར་གཙང་མཇལ་དར་ཕུལ་ནས་བཀྲིས་བདེ་ཞུས་གནང་བ་དང༌། ཞིམ་མངར་མཆོད་ཆང་བཀྱགས་ནས་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལོ་གཅིག་རིང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང༌། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་སློབ་སྟོན་བསམ་བློ་དང་དམ་པོར་བསྟུན་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་དེ་ཁོང་དུ་ཆུད་པ་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང༌། མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང༌། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ཏེ་ཕུགས་འཕེར་བའི་ཇུས་གཞི་གཏིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ། འབྱོར་འབྲིང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྐྱེས་ཁམས་བོད་ལྗོངས་བཅས་ཀྱི་འཛུགས་སྐྲུན་ཁག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་གོམས་སྟབས་ཤིག་སྤོས་ཡོད་ཅེས་གསུངས་པ་རེད།

འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ལོ་གསར་གྱི་འཚམས་འདྲི་གནང་བར་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ལོ་གསར་པའི་ནང་བོད་འདི་ཉིད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་འོག་མཐུན་སྒྲིལ་དང་དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་རྒྱུད་རིམ་ནང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུས་གནང་བ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060