གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།། སྐལ་བཟང་ཚེ་རིང་དང་བཅས་པས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལ་འཚམས་འདྲི་ཞུས་གནང་བ།
སྤེལ་དུས།2010-02-19   ཡོང་ཁུངས་། བོད་ལྗོངས་རླུང་འཕྲིན།    རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།

ལོ་གསར་ཚེས་གཅིག་ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།  གཞིས་རྩེ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྐལ་བཟང་ཚེ་རིང་ཚན་པ་ཁག་ཅིག་ལ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་ལས་བཟོ་པ་ཚོར་འཚམས་འདྲི་གནང་བ་དང་ཁོང་ཚོར་ལོ་གསར་གྱི་བཀྲིས་སྨོན་འདུན་ཞུས་གནང་བ་རེད།

སྐལ་བཟང་ཚེ་རིང་དང་བཅས་པ་སྔ་རྗེས་སུ ༡༡༠ བཀོད་འདོམས་ལྟེ་གནས་དང་ ༡༢༠ མྱུར་སྐྱོབ་ལྟེ་གནས་སུ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་ལས་བཟོ་པ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་མ་ཟད། ཁོ་ཚོར་མཇལ་དར་སྒྲོན་པ་དང་འཚམས་འདྲིའི་དངོས་པོ་སྤྲད་གནང་བ་རེད། སྐལ་བཟང་ཚེ་རིང་གིས་ད་དུང་ཆེད་མངགས་ཚང་མར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིའི་ཡིས་གཞིས་རྩེ་ས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་ལུགས་དང༌། དུས་ཆེན་རིང་འཐབ་ས་དང་པོར་ལས་གནས་བརྟན་སྲུང་གནང་མཁན་བཅའ་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་ཉེན་རྟོག་པ། ལས་བྱེད་ལས་བཟོ་པ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060