གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།།༢༠༠༩ ལོར་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་བཏོད་པ།
སྤེལ་དུས།2010-02-19   ཡོང་ཁུངས་། བོད་ལྗོངས་རླུང་འཕྲིན།    རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།

སྤྱི་ལོ ༢༠༠༩ ལོར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་བྱ་ཐབས་སྲ་བརྟན་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་དང༌གྲུབ་འབྲས་སྤོ་བསྒྱུར། ཚན་རྩལ་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང༌། གར་སྟེགས་འཛུགས་སྐྲུན། ཐོན་ལས་ཞིབ་འཇུག་གསར་སྤེལ་སོགས་ཐད་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།
    ལོ་གཅིག་རིང༌། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ནང་འདྲེན་དང་གསར་གཏོད་ཟུང་འབྲེལ་ཐད་ཤུགས་སྣོན་རྒྱབ་ནས། གཙོ་གནད་འགག་སྒྲོལ་ཐད་དོན་འཁྱོལ་དམ་འཛིན་ཡོང་བ་བྱེད་པ། རྨང་གཞི་སྲ་བརྟན་གཏོང་རྒྱུའི་ཐད་ཤུགས་རྒྱག་པ། ཀ་རྟེན་འཕེལ་རྒྱས་ཐད་ཕན་འབྲས་ཐོན་པ་བྱེད་པ་བཅས་བྱས་པས་ཚན་རྩལ་རྣམ་གྲངས་འཛུགས་རྒྱུར་འགག་སྒྲོལ་གསར་པ་བྱུང་ཡོད་པ་རེད། ལོ་ཧྲིལ་པོར་རིམ་པ་ཁག་དང་རིགས་ཁག་གི་ཚན་རྩལ་རྣམ་གྲངས ༡༣༠ ལྷག་ཙམ་རེ་ཞུ་བྱེད་རྒྱུ་སྒྲིག་འཛུགས་བྱས་པ་དང༌།  དོན་དངོས་ཐོག་རྣམ་གྲངས ༡༡༢ འཛུགས་པ་དང་ལག་བསྟར་བྱས་ཡོད་ཅིང༌། རྣམ་གྲངས་ཀྱི་སྤྱིའི་འགྲོ་གྲོན་སྒོར་ཁྲི་ཚོ ༨༠༠༠ ལྷག་ཙམ་ཟིན་པ་དེ་སྤྱི་ལོ ༢༠༠༨ ལོ་ལས་བརྒྱ་ཆ ༣༩ འཕར་བ་དང༌།  སྤྱི་ལོ ༡༩༩༥ ལོར་ཞིང་འབྲོག་ཚན་རིག་ཁང་དེ་བསྐྲུན་དུས་དང་བསྡུར་ན་ལྡབ ༩༧ ལྷག་ཙམ་འཕར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད་ཅིང༌།  གཙོ་གནད་ཐོག་བོད་ཀྱི་ནས་ཀྱི་ཐོན་རྫས་རིགས་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་གསལ་འབྱེད་དང༌། སྤུས་ལེགས་ལོ་ཏོག་མི་ཉལ་བ་དང་ཐོན་ཚད་མང་བའི་ནས་ཀྱི་སོན་ནང་འདྲེན་དང་དཔེ་སྟོན་འདེབས་འཛུགས། སྤུས་ལེགས་ནས་ཀྱི་སོན་སྣ་གསར་པ་འདེམས་གསོ་དང་བདེ་སྲུང་ཐོན་རྫས་གསར་སྤེལ་ལག་རྩལ་ཞིབ་འཇུག་སོགས་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་སྤེལ་བ་དང༌། གཙོ་གནད་ཐོག་འབྲི་གཡག་ཐོན་སྐྱེད་ནུས་པ་ཆེ་རུ་འགྲོ་བའི་ལག་རྩལ་ཞིབ་འཇུག་དང་འབྲི་གཡག་རྣམས་ཕྱེད་ལྷས་རའི་གསོ་ཚགས་བྱེད་སྟངས་ཀྱི་ལག་རྩལ་ཞིབ་འཇུག་རྣམ་གྲངས་གཉིས་ཀར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་སྒྲིག་འཛུགས་བྱས་པའི་གྲུབ་འབྲས་གསལ་འབྱེད་ཀྱི་ཚད་གཞི་ལོན་ཞིང་རྒྱལ་ནང་གི་མདུན་གྲལ་ཆུ་ཚད་ལ་སླེབས་ཡོད་པ་རེད།
ན་ནིང༌། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་མི་སྣ་དང༌ལག་རྩལ། རིགས་གཞུང༌། གྲུབ་འབྲས་ལེགས་ཆ་བཅས་བེད་སྤྱོད་གང་ལེགས་བྱས་ཐོག་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་རྣམ་གྲངས་དང་ནོར་སྲིད་ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ཆེད་དོན་རྣམ་གྲངས། ཞིང་ལས་འཕེལ་རྒྱས་ཁུལ་གྱི་ཚན་རྩལ་རྣམ་གྲངས་བཅས་ལག་བསྟར་ཤུགས་ཆེན་བྱས་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཁྲེན་ཀོན་ཆུས་དང་རྫོང་ ༢༧ དང་ཤང་གྲོང་རྡལ ༣༥ ལ་ཚན་རིག་ཞིབ་འཇུག་རྟེན་གཞི་དང་དཔེ་སྟོན་རྟེན་གཞི ༤༥ བཙུགས་པ་དང༌། ཚན་རྩལ་ཆེད་གཏོང་མི་སྣ ༡༠༠ གྲོང་ཚོའི་དུད་ཚང་དུ་མངགས་གཏོང་བྱས་ཏེ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་སྤོ་བསྒྱུར་དང་ཚན་རྩལ་ཞབས་ཞུའི་ལས་དོན་སྤེལ་བ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060