| ཉེ་དུས་ཡར་ཀླུང་ས་གཞི་ཆེན་པོའི་གང་སར་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད། གནའ་བོའི་གྲོང་ཁྱེར་རྩེད་ཐང་གི་ཁྲོམ་གཞུང་དང༌། ཚོང་ཁང་། གྲོང་མིའི་སྡོད་ཁང་བཅས་ཚང་མ་མཛེས་རྒྱན་ལེགས་པར་སྤྲད་ཡོད་པ་དང་སྒོའི་གཡས་གཡོན་དུ་བཀྲ་ཤིས་སྨོན་འདུན་མཚོན་པའི་སྦྱར་ཚིག་བཀལ་ཡོད་ལ། སྒོའི་མདུན་དུ་བཀྲིས་དཀར་ཐིག་བྲིས་ནས་མི་རིཌ་ཁག་གི་མང་ཚོཌ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ལྕཌ་སྟག་ལོའི་ལོ་གསར་གཏོང་བཞིན་ཡོད་པ་རེད།
ལོ་གསར་ཚེས་གཅིག་ཉིན་ལ་ཡང་མི་ཚོས་ཅ་ལག་ཉོ་བའི་འདུན་པ་སྔར་བཞིན་འཕེལ་ཏེ་རྩེ་ཐང་གྲོང་ཁུལ་དུ་ཉོ་ཚོང་ཧ་ཅང་འཁྲུགས་པོ་ཡོད་པ་རེད། རྩེ་ཐང་གི་འཁྲུག་ཆ་ཆེ་བའི་ཁུལ་དུ་གསར་འགོད་པས་རྒྱན་ཆའི་ཚོང་ཁང་ཁག་ཏུ་ལོ་གསར་ཚེས་གཅིག་ཉིན་མང་ཚོཌ་མི་ཉུང་བ་ཞིག་གིས་སྟག་ལོའི་རིས་མོ་བརྒྱབ་པའི་རྒྱན་ཆ་ཉོས་ནས་ལོ་གསར་པའི་ནང་བཀྲིས་བདེ་ལེགས་ཡོང་བའི་འདུན་པ་བཅངས་བཞིན་ཡོད་པ་མཐོང་བ་དང༌། ལྷོ་ཁར་ལོ་གསར་གཏོང་བཞིན་པའི་ཕ་ཡུལ་ཟི་ཁྲོན་ནས་ཡིན་པའི་སྐུ་ཞབས་ཞུས་ལཌ་གིས་གསེར་ཆས་ཚོང་ཁང་ནས་ཉོ་ཐེངས་གཅིག་ལ་སྟག་གི་རི་མོ་རྒྱབ་པའི་རྒྱན་ཆ་བཞི་ཉོས་པ་མཐོང་བ་རེད།
སྟག་ལོའི་འདུན་པའི་སྐོར་གླེང་སྐབས་ལྷོ་ཁ་ས་ཁུལ་བཙན་ཐང་ལྡུམ་རའི་ཁང་གླ་དམའ་བའི་བོགས་གཏོང་ཁང་པར་སྤོས་ནས་ལོ་གཅིག་ཕྱིན་པའི་ཚེ་རིང་རྡོར་རྗེས་འདས་ཟིན་པའི་ལོ་གཅིག་ནང་ང་ཚོའི་ཁྱིམ་ཚང་ཧ་ཅང་སྐྱིད་པོ་བྱུང༌། ལོ་གསར་པའི་ནང་ནང་མི་ཚང་མ་བདེ་པོ་ཐང་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང༌། སྲིད་གཞུང་གི་རོཌ་རམ་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་ཡར་མངོན་ཟླ་ལྟར་འཕེལ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་པ་རེད། |