གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།། བོད་རིག་པ་བ་ཏུའུ་ཡུང་པིན་གྱིས་ཀྲུང་གོས་བོད་ཁུལ་གྱི་འཆམ་མཐུན་དང་ཞོད་འཇགས་ལ་སྲུང་སྐྱོབ་བྱེད་འོས་པའི་སྐོར་བརྗོད་པ།
སྤེལ་དུས།2010-02-22   ཡོང་ཁུངས་།ཀྲུང་གོའི་གསར་འགྱུར་དྲ་བ།    རྩོམ་པ་པོ། འདི་གའི་རྩོམ་སྒྲིག་པ།

ཨ་མེ་རི་ཁའི་སྲིད་འཛིན་ཨོ་པཱ་མས་ཟླ་༢ཚེས་༡༨ཉིན་ཕོ་བྲང་དཀར་པོ་ནས་ཆོས་ལུགས་ཀྱི་དར་ཆ་ཕྱར་ཏེ་ཨ་རིར་སླེབས་པའི་ཏཱ་ལའི་བླ་མར་མཇལ་འཕྲད་བྱས་ཤིང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཏུའུ་ཡུང་པིན་གྱིས་དེའི་སྐོར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བསྟན་པ་ལྟར་ན། ཨོ་པཱ་མའི་མཇལ་འཕྲད་འཕྱི་བོ་དེ་ཨ་རིའི་རྒྱལ་ནང་གི་དྲག་སྐྱོད་སྟོབས་ཤུགས་ལ་གཟས་ནས་བྱས་པ་ཡིན་མོད། འོན་ཀྱང་བོད་ལྗོངས་གནད་དོན་སྤྱད་ནས་ཀྲུང་གོར་བཀག་སྡོམ་བྱེད་པ་ནི་ཨ་རིའི་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཐེངས་འདིའི་མཇལ་འཕྲད་ཀྱིས་སྲིད་ཇུས་དེ་མུ་མཐུད་ལག་བསྟར་བྱས་པ་མཚོན་པ་རེད།

ཁོང་གིས་འདི་ལྟར། གནས་ཚུལ་འདི་འདྲར་ཁ་གཏད་འཇལ་དགོས་ན། གཙོ་བོ་བོད་རང་སྐྱོང་ལྗོངས་དང་བོད་ཁུལ་གཞན་པ་བཞི་ཡི་ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོངས་དང་། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད། བོད་ལྗོངས་ལས་དོན་གྱི་རང་དབང་ནུས་པ་དམ་འཛིན་བཅས་བྱས་ན། མཇུག་མཐར་ནུབ་ཕྱོགས་ཀྱིས་བོད་ལྗོངས་གནད་དོན་སྤྱད་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་ངན་ཇུས་རང་ཤུགས་སུ་མེད་པར་འགྲོ་སྲིད་ཅེས་བསྟན་བྱུང་།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060