|
 ཆུ་ཤུར་རྫོང་གནམ་ཤང་ལྗངས་གྲོང་ཚོའི་གྲོང་མི་ཚོས་རྡོ་སྒོར་གྱི་འགྲན་སྡུར་བྱེད་སྒོ་སྤེལ་བཞིན་པ།
བོད་ཀྱི་ལོ་གསར་ཚེས ༧ ཉིན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗངས་གྲོང་ཚོའི་གྲོང་མིས་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་གྱི་གོམས་གཤིས་ལྟར་རྡོ་སྒོར་གྱི་འགྲན་སྡུར་བྱེད་སྒོ་སྤེལ་བ་རེད།
རྡོ་སྒོར་ནི་བོད་ཀྱི་གནའ་རབས་ནས་དར་བའི་ལུས་རྩལ་གྱི་བྱེད་སྒོ་ཞིག་ཡིན་ཏེ་གནའ་དུས་ཀྱི་དྲག་པོའི་རྩལ་གྱི་བྱེ་བྲག་བཤད་པའི་ནང་དུ་རྒྱང་རིང་པོར་འཕོག་པ་དང་། གནད་དུ་འཕོག་པ་ཞེས་སོགས་གསལ་བ་ལྟར་ལག་རྡོ་འཕེན་པ་ནི་དྲག་པོའི་རྩལ་གྱི་བྱེ་བྲག་ཅིག་ཡིན་ཅིང་། ཕྱིས་སུ་ནི་སྤྲོ་བ་འཕེལ་བའི་རྩེད་རྩལ་གྱི་བྱེ་བྲག་ཅིག་ཏུ་གྱུར་ནས་དེ་སྔ་བོད་ཀྱི་ས་ཁུལ་མང་པོར་ལོ་གསར་དང་འོང་སྐོར་སོགས་དུས་ཆེན་ཁག་དང་། དགུན་དུས་སོགས་སོ་ནམ་གྱི་ལས་བྲེལ་མེད་པའི་དུས་སུ་སྤྲོ་སྐྱིད་དང་། རྩལ་ངོམ་ལྟ་བུར་རྡོ་སྒོར་གྱི་འགྲན་བསྡུར་བྱེད་པའི་སྲོལ་ནི་དར་ཁྱབ་ཆེ་ཙམ་བྱུང་ཡོད་པ་མ་ཟད། དེང་གི་དུས་སུའང་ས་ཁུལ་འགའ་ཞིག་ཏུ་སྔར་མུས་བཞིན་ལོ་གསར་སོགས་དུས་ཆེན་ཁག་ལ་གྲོང་ཚོ་སོ་སོའི་ནང་དང་། ཡང་གྲོང་ཚོ་ཕན་ཚུན་གྱི་བར་ལ་རྡོ་སྒོར་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་མུས་སུ་ཡོད།
 ཆུ་ཤུར་རྫོང་གནམ་ཤང་ལྗངས་གྲོང་ཚོའི་གྲོང་མིས་རྡོ་སྒོར་གྱི་འགྲན་སྡུར་བྱེད་བཞིན་པ།
 ཆུ་ཤུར་རྫོང་གནམ་ཤང་ལྗངས་གྲོང་ཚོའི་གྲོང་མི་ཚོས་རྡོ་སྒོར་གྱི་འགྲན་སྡུར་བྱེད་བཞིན་པ།བོད་ལྗོངས་རླུང་འཕྲིན། |