|
ཤིན་ཅང་དུ་སྐད་གྲགས་ཡོད་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པས་མངོན་མིན་རིག་གནས་ཤུལ་བཞག་ཐད་ཀྱི་ཚབ་མཚོན་བརྩམ་ཆོས《མཱ་ན་སེ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

ཤིན་ཅང་དུ་སྐད་གྲགས་ཡོད་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པས་མངོན་མིན་རིག་གནས་ཤུལ་བཞག་ཐད་ཀྱི་ཚབ་མཚོན་བརྩམ་ཆོས《མཱ་ན་སེ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ། ཕུལ་དུ་བྱུང་བའི་མངོན་མིན་རིག་གནས་ཤུལ་བཞག་རྒྱ་ཁྱབ་དྲིལ་བསྒྲགས་བྱེད་ཕྱིར། རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་གཉེར་དང་། ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་གླིང་དང་ཀྲུང་གོ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་གཉེར་རོགས་བྱས་པའི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྐོང་འཁྲབ་བྱེད་སྒོ”ཞེས་པ་སྤྱི་ཟླ༢པའི་ཚེས༢༧ཉིན་ནས་སྤྱི་ཟླ༣པའི་ཚེས༣༠ཉིན་པེ་ཅིང་དུ་གཉེར་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ཐོག་ཏུ་རྒྱལ་ཡོངས་ཀྱི་ཞིང་ཆེན(བོད་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)༢༠ཡི་གྲངས་ཉུང་མི་རིགས༢༠ལྷག་ཙམ་ནས་ཕེབས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མཁན་གྱི་ཚབ་མཚོན་རང་བཞིན་གྱི་རྒྱུད་འཛིན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ༢༠༠༠ལ་ཉེ་བས། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་རང་མི་རིགས་སོ་སོའི་ཐུན་མིན“མངོན་མིན་རིག་གནས་ཤུལ་བཞག”གི་ཁྱད་ཡོན་ངོམ་རྒྱུ་ཡིན་པ་རེད།
|