གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།།བོད་ལྗོངས་ཀྱི་ཞིང་འབྲོག་པའི་སྡོད་གནས་དང་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ།
སྤེལ་དུས།2010-03-02   ཡོང་ཁུངས་། ཞིན་ཧྭ་དྲ་བ།    རྩོམ་པ་པོ། རྡེའུ་དཀར་ནག་གིས་བསྒྱུར།

      མི་ལོ་༣༡ལ་སླེབས་ཡོད་པའི་ལྷ་མོས་ད་ལོར་རང་ཁྱིམ་གྱི་ཁང་བའི་ནང་གི་ཁོར་ཡུག་མཐའ་དག་སྔར་དང་བསྡུར་ན་གཅིག་མཚུངས་མ་ཡིན་པ་ཤེས་རྟོགས་བྱུང་ཡོད་ཅིང་། སྔོན་ཆད་ཡིན་ན་ཁྱིམ་གྱི་གསང་སྤྱོད་ཁང་ནི་ཤིང་གིས་གྲུབ་པ་དང་།  ཤིང་ཟོར་བཀོལ་ནས་གཙང་སྦྲ་བྱེད་དགོས་པ་ཡིན་ཞིང་། དེང་སྐབས་ཡིན་ན་ཁོ་མོའི་ཁྱིམ་དུ་རྣམ་པ་གསར་པའི་གསང་སྤྱོད་ཁང་ཡོད་པས།   སྤྱོད་ཁང་དུ་འདུག་བདེ་པོ་ཡོད་པ་མ་ཟད། ད་དུང་ཁྲུས་ཀྱང་བྱས་ཆོག་པ་རེད།

     བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཀླུ་ནང་གྲོང་བརྡལ་དུ་གཞི་ཆགས་ཡོད་པའི་ལྷ་མོས་བག་ཚ་བའི་ཉམས་དང་བཅས་འདི་སྐད། ད་ལྟ་ང་རང་དབྱར་ཁའི་ཁྲུས་བྱེད་དུས་ཆེན་སྐབས་ལ་སྒུག་ནས་མཚོ་ནང་དུ་ཁྲུས་བྱེད་པར་འགྲོ་མི་དགོས་ཤིང་། ནམ་ཞིག་ལ་ཁྲུས་བྱེད་འདོད་ཡོད་ཚེ་དུས་ལྟར་ཁྲུས་བྱས་ཆོག་ཅེས་བརྗོད་པ་རེད།

      ལྷ་མོའི་གསང་སྤྱོད་ཁང་གསར་ནི་ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་བོད་སྐྱོར་མ་དངུལ་དང་ཡུལ་གྲུ་དེའི་ས་གནས་སྲིད་གཞུང་གིས་གསང་སྤྱོད་ཁང་བཅོས་སྒྱུར་བྱེད་པའི་ཁ་གསབ་རོགས་དངུལ་རྣམ་གྲངས་ཀྱི་ཁེ་ཕན་རག་ཐུབ་ཡོད་པ་ཡིན་ཞིང་། ལྷ་མོ་གནས་སའི་བཀྲ་ཤིས་སྒང་གྲོང་ཚོའི་དུད་ཁྱིམ་རེས་གསང་སྤྱོད་ཁང་བཅོས་སྒྱུར་བྱེད་པའི་ཁ་གསབ་རོགས་དངུལ་སྒོར་ཁྲི་གཅིག་རེ་ལོན་ཐུབ་ཡོད་པ་དང་།   སྒོར་དེ་དག་དེང་རབས་ཅན་གྱི་ཁྱད་ཆོས་ལྡན་པའི་གསང་སྤྱོད་ཁང་ལས་པའི་ཕྱོགས་སུ་བཀོལ་ཡོད་པ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060