| ཚེས་༢་ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་དཔོན་གྱིས་བསྟན་དོན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་བོ་ལགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བས། སྔར་ལས་ལྷག་པའི་དད་ལྡན་མང་ཚོགས་རྣམས་རྒྱལ་ཁབ་ཀྱི་ལས་དོན་ལ་ཞུགས་པ་དང་། བོད་བརྒྱུད་ནང་བསྟན་དེ་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དང་འཚམ་པ་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧོ་ཕེང་གིས་བསྟན་དོན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་སྤྱི་ཚོགས་བྱེད་སྒོར་ཞུགས་པ་དང་། སྤྱི་ཚོགས་ཀྱི་ལས་འགན་འཁུར་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་མོའི་ནུས་པ་འགྲེམས་སྟོན་གནང་ནས་དད་ལྡན་མང་ཚོགས་མང་པོ་ཞིག་རྒྱལ་ཁབ་ལས་དོན་ཕྱོགས་ལ་ཞུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
ཚེས་༢ཉིན་གྱི་དགོང་མོར་ཧོ་ཕེང་ལགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་རྩ་འཛུགས་གནང་བའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་བོད་ལྗོངས་སུ་བསྐྱོད་པའི་མཉམ་འབྲེལ་བཅར་འདྲི་ཚོགས་པར་མཇལ་འཕྲད་གནང་བ་མ་ཟད། ད་དུང་གསར་འགོད་པའི་བཅར་འདྲིའང་དང་ལེན་གནང་བ་རེད།
ཀྲུའུ་ཞི་གཞོན་པ་ཧོ་ཕེང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་རྗེས་ཕྱོགས་ཡིན་ན་སྤྱི་ཚོགས་ལས་དོན་ཁྲོད་དུ་ཞུགས་ནས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བཏང་སྒོས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཐད་ལ་བླ་ན་མེད་པའི་མཛད་རྗེས་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད། |