གནས་ཡུལ། མདུན་ངོས། གསར་འགྱུར།
 
 
མཚོ་སྔོན་གྱིས་ཟླ3པའི་ཟླ་དཀྱིལ་དུ་ཐའེ་པེ་གྲོང་ཁྱེར་དུ“ལྟ་ན་སྡུག་པའི་མཚོ་སྔོན”ཐེ་ཝན་དུ་བསྐྱོད་པའི་བྱ་འགུལ་སྤེལ་རྒྱུ་རེད།
སྤེལ་དུས།2010-03-05   ཡོང་ཁུངས་།མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས4ཉིན་མཚོ་སྔོན་ཞིང་ཆེན་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ3པའི་ཟླ་དཀྱིལ་དུ་ཐའེ་པེ་གྲོང་ཁྱེར་དུམཛེས་སྡུག་གི་མཚོ་སྔོནཐའེ་ཝན་དུ་བསྐྱོད་པའི་བྱ་འགུལ་སྤེལ་རྒྱུ་རེད།

ཐེངས་འདིར་སྤེལ་བའིལྟ་ན་སྡུག་པའི་མཚོ་སྔོནཐའེ་ཝན་དུ་བསྐྱོད་པའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཐའེ་ཝན་གྱི་སྤུན་ཟླ་མི་རིགས་ལ་མཚོ་སྔོན་གྱི་ལོ་རྒྱུས་དང་མི་རིགས་རིག་གནས། ཁྱད་ལྡན་ཐོན་ཁུངས། ཕུལ་བྱུང་གནས་སྐོར་བཅས་འགྲེམ་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་སྔོན་དྲིལ་སྒྲོག་དང་མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་བསྐྱེད་དེ་མཚོ་སྔོན་དང་ཐའེ་ཝན་བར་གྱི་དཔལ་འབྱོར་རིག་གནས་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བྱེད་པ། མཚོ་སྔོན་དེ་ཐའེ་ཝན་ནས་མིང་གྲགས་དང་མཚན་སྙན་རྒྱས་ཚད་ཇེ་མཐོར་བཏང་ནས་སྔར་ལས་མང་བའི་ཐའེ་ཝན་གྱི་སྤུན་ཟླ་མི་རིགས་མཚོ་སྔོན་ལ་རྟོག་ཞིབ་དང་དངུལ་གཏོང་ཁེ་ལས་འཛུགས་པ། གནས་སྐོར་ལྗོངས་རྒྱུ་བྱེད་པར་ཚུར་འགུག་བྱེད་རྒྱུ་དེ་རེད། བྱ་འགུལ་སྐབས་སུ་མཛེས་སྡུག་གི་མཚོ་སྔོན་གྱི་དྲིལ་སྒྲོག་བརྙན་རིས་འགྲེམ་སྟོན་དང་། པར་རིས་འགྲེམ་སྟོན། མི་རིགས་གླུ་གར་དང་གྱོན་ཆས་འགྲེམ་སྟོན་སོགས་དཔལ་འབྱོར་དང་རིག་གནས། གནས་སྐོར་འོས་སྦྱོར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཐའེ་ཝན་གྱི་མཐོ་རིམ་མི་སྣ་དང་མིང་གྲགས་ཆེ་བའི་ཁེ་ལས་འགན་ཁུར་མི་གནས་བཅས་འབྲེལ་ཡོད་བྱ་འགུལ་གདན་ཞུ་ཞུས་ཡོད། །  

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060