གནས་ཡུལ། མདུན་ངོས། གསར་འགྱུར།
 
 
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་ཞང་སྡེ་ནས་སྐོར་སྐྱོད་སྨན་བཅོས་བྱེད་པའི་བྱ་འགུལ་སྤེལ་བ།
སྤེལ་དུས།2010-03-05   ཡོང་ཁུངས་།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    རྩོམ་པ་པོ།

     སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་ལག་ལེན་དང་། དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་ནད་ལ་ལྟ་དཀའ་བའི་དོན་དངོས་གནད་དོན་ཐག་གཅོད་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་ལུགས་རྙིང་དང་ལུགས་གསར་ལོ་སར་གྱི་སྔ་གཞུག་ཏུ་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ཏེ། གུང་ཧོ་རྫོང་གི་ཞང་གྲོང་བཅུ་གཅིག་ནས་དུས་ཡུན་ཉིན་དགུའི་རིང་གི་སྐོར་སྐྱོད་སྨན་བཅོས་བྱ་འགུལ་སྤེལ།    ལག་རྩལ་མི་སྣ་བཅོ་བརྒྱད་ཀྱིས་གྲུབ་པའི་སྐོར་སྐྱོད་སྨན་བཅོས་རུ་ཁག་སྔ་གཞུག་ཏུ་གུང་ཧོ་རྫོང་གི་སྤྲེལ་ནག་དང་། རྟ་ནག་མ། ཅང་ཤེས་ཁུག ཐང་དཀར་མ། ཆོས་རྗེ། ཐེབ་རྒྱ། ཚ་རྔ་འགག ཨར་རྟི། ཆབ་ཆ་སོགས་ཞང་དང་གྲོང་བརྡལ་དང་དགོན་པ་སོགས་སུ་སོང་ནས། ས་དེའི་ལྔ་སྐྱོང་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། དཀའ་ཁག་ཆེ་བའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན། བདག་མེད་ལོ་ལོན་ལ་སྐོར་སྐྱོད་སྨན་བཅོས་བྱས།   སྨན་བཅོས་བྱེད་པའི་སྐབས་སུ། ཁོ་ཚོས་སྡོམ་པས་ནད་པ་སྟོང་དྲུག་དང་སུམ་བརྒྱ་གྱ་བཞི་ལྷག་ལ་སྨན་བཅོས་བྱས་པ་དང་། རིན་མི་དགོས་པར་སྨན་རྫས་སྣ་ཁ་ཉིས་བརྒྱ་དང་དྲུག་ཅུ་ལྷག་བྱིན་ལ། སྨན་རྫས་ཀྱི་རིན་གོང་སྒོར་མོ་ས་ཡ་གཉིས་ལྷག་ལ་སླེབས་པ་དང་། ས་དེའི་མང་ཚོགས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་བསྟོད་བསྔགས་ཐོབ།  

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060