| ཚེས་༧ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། 《རྒྱ་བཟའ་ཀོང་ཇོ་》ཞེས་པ་དེ་ཐོག་དང་པོར་ད་ལོའི་ཞོ་སྟོན་དུས་ཆེན་སྟེང་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་། གཞན་ད་དུང་སྐོར་བྲོ་དང་། ལྷ་སའི་ནང་མ། བྲོ་བཅས་ཀྱང་ཞོ་སྟོན་དུས་ཆེན་སྟེང་ཐོག་མར་འཁྲབ་སྟོན་བྱ་རྒྱུ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཞོ་སྟོན་དུས་ཆེན་གྱི་མཛད་སྒོའི་འཁྲབ་སྟོན་དུ། འཁྲབ་སྟོན་པ་མང་ཆེ་ཤོས་ཀྱི་གྱོན་གོས་ནི་གཙོ་སྒྲུབ་ལས་ཁུངས་ཕྱོགས་ནས་གཅིག་གྱུར་གྱིས་བཀོད་སྒྲིག་གནང་ཡོད་ཅིང་། དེ་ལས་ཞིང་པའི་སྐོར་བྲོ་རུ་ཁག་གི་གྱོན་ཆས་ནི་འཁྲབ་སྟོན་པ་རང་ཉིད་ཀྱིས་གྲ་སྒྲིག་བྱས་པའི་འཚོ་བའི་རྒྱུན་གོས་ཡིན། |