བོད་རིགས་ཀྱི་འོད་མདངས་བཀྲ་བའི་རིག་གནས་ཤུལ་བཞག་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་ནི་བོད་རིག་པ་ཞིབ་འཇུག་གི་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་འཛད་མཐའ་མེད་པའི་འབྱུང་ཁུངས་ཡིན།བོད་དུ་དམངས་གཙོའི་བཅོས་སྒྱུར་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བོད་རིག་པ་ཞིབ་འཇུག་ཐད་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད།
རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་དེ་རིག་གཞུང་ཚན་ཁག་གི་མ་ལག་འཐུས་ཚང་ཞིག་ཆཌ་པ།
སྒྱུར་བཅོས་སྒོ་དབྱེ་ལས་རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད།བོད་རིག་པའི་རིག་གཞུང་ཚན་ཁག་གི་མ་ལག་སྔར་བས་འཐུས་ཚང་དུ་སོང་ནས་ལོ་རྒྱུས་དང་།དཔལ་འབྱོར་།སྤྱི་ཚོགས།ཆོས་ལུགས།མཚན་ཉིད་རིག་པ།རྩོམ་རིགགསོ་རིགབཅའ་ཁྲིམས།དམངས་སྲོལ་སོགས་ཁྱབ་ཁོངས་ཁག་ཏུ་ཁྱབ་ནས་རིག་གཞུང་ཚན་ཁག་རིགས་ཅུང་ཆ་ཚང་བའི་རང་རྒྱལ་གྱི་དེང་རབས་བོད་རིག་པའི་རིག་ཚན་གྱི་མ་ལག་ཅིག་ཆགས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན།མིག་སྔར་རང་རྒྱལ་དུ་ཁྱོན་བསྡོམས་བོད་རིག་པའི་དཔེ་དེབ་རིགས3000ལྷག་ཙམ་དང་དཔྱད་རྩོམ་དང་རྩོམ་ཡིག་གཞན་དག་ཧ་ལམ་ཁྲི3ཙམ་པར་སྐྲུན་བྱས་ཡོད།རང་རྒྱལ་གྱི་རིམ་ཁག་བོད་རིག་པའི་སྒྲིག་གཞིས་བོད་ཀྱི་ལོ་རྒྱུས་དང་།བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས།བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་སོགས་ཕྱོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་འབྲེལ་ཡོད་ཚད་ལྡན་ཡིག་ཆ་དང་།དཔྱད་ཡིག དཔེ་དེབ་བཅས་འབོར་ཆེན་ཞིག་མྱུར་སྐྱོབ་དང་། ལེགས་སྒྲིགརྩོམ་འབྲི་བཅས་བྱས་པ་རེད།ན་གཞོན་མཁས་པ་པད་མ་བཀྲ་ཤིས་ཀྱིས“ང་ཚོས་ད་ཆ་ལོ་རྒྱུས་སྙན་རྩོམ《གླིང་གེ་སར་རྒྱལ་པོའི་སྒྲུང》མྱུར་སྐྱོབ་བྱེད་པའི་ལས་དོན་ཧ་ཅང་ཡག་པོ་བསྒྲུབས་ཡོད།མཚོ་སྔོན་གྱིས་མྱུར་སྐྱོབ་བྱེད་ཤུགས་ཀྱང་ཧ་ཅང་ཆེ་བ་དང་གེ་སར་ཞིབ་འཇུག་ཁང་ཆེད་མངགས་ཡོད་པ་དང་ཀན་སུའུ་ཡི་ནུབ་བྱང་མི་རིགས་སློབ་གྲྭ་ཆེ་མོར་ཡང་གེ་སར་ཞིབ་འཇུག་ཁང་ཆེད་མངགས་ཡོད་པ་རེད། དེའི་ཐད་ལ་ཤུགས་སྣོན་རྒྱག་ཆེ་ཤོས་ནི་སྔར་བཞིན་བོད་རང་སྐྱོང་ལྗོངས་ཡིན་པ་དང་བོད་རང་སྐྱོང་ལྗོངས་གེ་སར་ཞིབ་འཇུག་ལྟེ་གནས་ཆེད་མངགས་བཙུགས་ནས་འབྲོག་ཁུལ་གྱི་སྒྲུང་པ་གདན་འདྲེན་ཞུས་རྗེས་ཆེད་དུ་སྒྲ་ཕབ་དང་། ཟིན་འགོད།ལེགས་སྒྲིག་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།
ཞིབ་འཇུག་ལྟེ་གནས་དང་བོད་རིག་པའི་ཤེས་ལྡན་མི་སྣ་མང་བ།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་བོད་དང་བོད་རིགས་ས་ཁུལ་གཞན་དག་གི་ལོ་རྒྱུས་དང་།ད་ལྟའི་གནས་བབ།འབྱུང་འགྱུར་གྱི་འཕེལ་རྒྱས་བཅས་ཞིབ་འཇུག་བྱ་ཡུལ་དུ་བྱས་པའི་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་གི་སྒྲིག་གཞི་ཞིག་ཡིན་པ་དང་1986ལོའི་ཟླ་5ཚེས་20ཉིན་པེ་ཅིང་དུ་བཙུགས་ཤིང་དེའི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་པ་དང་།ཚན་རིག་ཞིབ་འཇུག་གི་བྱེད་སྒོ་ཧུར་ཐག་སྤེལ་བ།རིག་གཞུང་ཆེད་རྩོམ་དང་དུས་དེབ་པར་སྐྲུན་བྱེད་པ།མར་ཁེ་སི་རིང་ལུགས་ཀྱི་བོད་རིག་པ་མཁས་ཅན་ཁག་གཅིག་གསོ་སྐྱོང་བྱེད་པ།ཕྱི་རྒྱལ་གྱི་བོད་རིག་པའི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་ཞིབ་འཇུག་བྱེད་པ་བཅས་རེད།ལྟེ་གནས་སུ་འདུ་འཛོམས་དང་གསོ་སྐྱོང་བྱས་པའི་གྲགས་ཅན་མཁས་དབང་ཁག་གཅིག་ནི་བོད་རིག་པའི་རིག་གཞུང་ཁོངས་གཏོགས་ཁག་གི་སྣེ་ཁྲིད་མི་སྣ་ཡིན།
དུས་རབས་གོང་མའི་ལོ་རབས་80བའི་དུས་དཀྱིལ་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སྔ་རྟིང་དུ་བཙུགས་པ་དང་དེ་རྗེས་པེ་ཅིང་དང་།བོད་ལྗོངས།སི་ཁྲོན།མཚོ་སྔོན།ཀན་སུའུ།ཡུན་ནན་སོགས་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ཁུལ་དུ་ཡང་སྔ་རྗེས་སུ་བོད་རིག་པ་ཞིབ་འཇུག་གི་སྒྲིག་གཞི་ཁག་གཅིག་ཆེད་མངགས་བཙུགས་པ་རེད།ཞིབ་འཇུག་སྒྲིག་གཞི་དེ་དག་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དང་།མཐོ་རིམ་སློབ་གྲྭ་ཆེ་ཁགརྒྱལ་ཁབ་ཀྱི་རིམ་ཁག་རིག་གནས་སྡེ་ཚན།མི་རིགས་ལས་དོན་སྡེ་ཚན་སོགས་ཁོངས་གཏོགས་མི་འདྲ་བར་སོ་སོར་གཏོགས་ནའང་ཏང་གི་ལྟེ་བའི་ལས་དོན་དང་བོད་དང་དེ་བཞིན་བོད་རིགས་ས་ཁུལ་གཞན་དག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་དམིགས་ནས་རིག་གཞུང་འཐབ་ཕྱོགས་དང་། རིགས་པའི་གཞུང་ལུགས་ཀྱི་འཐབ་ཕྱོགས།ཕྱི་ཕྱོགས་དྲིལ་བསྒྲགས་བཅས་ཐད་ལ་ཞིབ་འཇུག་བྱེད་སྒོ་ཧུར་ཐག་སྤེལ་བ་དང་ལས་དོན་འབོར་ཆེན་སྒྲུབ་པས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱིས་ད་དུང་བོད་རིག་པའི་ཤེས་ལྡན་མི་སྣ་དར་གཞོན་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད།བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།མིག་སྔར་རང་རྒྱལ་གྱི་རིམ་ཁག་བོད་རིག་པའི་སྒྲིག་གཞིའི་ནང་ཚན་རིག་ཞིབ་འཇུག་དང་།སློབ་གསོ།དཔེ་སྐྲུན།དཔེ་དེབ་དཔྱད་ཡིག་བཅས་ཀྱི་ལས་ཀ་སྒྲུབ་པ་དང་དེ་བཞིན་འབྲེལ་ཡོད་ལས་དོན་མི་སྣ་2000ལས་བརྒལ་ཡོད།ཕྱི་རྒྱལ་གྱི་འབྲེལ་ཡོད་རིག་གཞུང་སྤེལ་རེས་བྱེད་སྒོའང་མང་དུ་འགྲོ་གི་ཡོད།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་ཆེ་མོ་བ་གཞོན་པ་དོན་གྲུབ་ལྷ་རྒྱལ་གྱིས“ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་བོད་རིག་པ་འཕེལ་རྒྱས་ཧ་ཅང་མགྱོགས་པ་དང་རྒྱལ་ཁབ་ཀྱིས་ཀྱང་མཐོང་ཧ་ཅང་ཆེན་པོ་གནང་ནས་བོད་རིག་པའི་རིགས་གཅིག་མཁས་ཅན་འབོར་ཆེན་ཞིག་གསོ་སྐྱོང་གནང་བ་དེའི་ནང་90%ནི་བོད་རིགས་མཁས་པ་ཡིན།དེ་དག་ལས་རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་དཔུང་ཁག་ལོ་རེ་བཞིན་རྒྱ་ཆེར་འགྲོ་བ་དང་བོད་རིག་པ་འཕེལ་རྒྱས་འགྲོ་རྒྱུ་དེ་རྒྱལ་ནང་དུ་མཐོང་ཆེན་ཐོབ་ལུགས་མཚོན་ཐུབ”ཅེས་གསུངས།
རིག་གཞུང་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ།
《ཀྲུང་གོའི་བོད་རིག་པའི་དཔེ་དེབ་དཀར་ཆག》དང《ཀྲུང་གོའི་བོད་རིག་པའི་དཔེ་དེབ་དཀར་ཆག་མཐུད་བསྒྲིགས》ཀྱི་བསྡོམས་རྩིས་གཞིར་བཟུང་1949ལོ་ནས་1995ལོའི་བར་གྱི་ལོ་ངོ་46རིང་རྒྱལ་ཡོངས་སུ་བོད་རིག་པའི་དཔེ་དེབ་རིགས་2200ལྷག་ཙམ་པར་སྐྲུན་བྱས་པ་དེའི་ནང་1992ལོ་ནས་1995ལོའི་བར་གྱི་ལོ་4རིང་པར་སྐྲུན་བྱས་པའི་དཔེ་དེབ་རིགས་700ལྷག་ཙམ་ཡོད་པ་དང་གཞན་ཡང་བསྡོམས་རྩིས་གཞིར་བཟུང་1996ལོ་ནས་1999ལོའི་བར་གྱི་ལོ་4རིང་པར་སྐྲུན་བྱས་པའི་བོད་རིག་པའི་དཔེ་དེབ་རིགས་1000ལས་བརྒལ་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30རིང་རང་རྒྱལ་གྱི་བོད་རིག་པ་མཁས་ཅན་གྱིས་ཆུ་ཚད་མཐོ་པོ་དང་སྤུས་ཚད་མཐོ་པོའི་རིག་གཞུང་བརྩམས་ཆོས་འབོར་ཆེན་ཞིག་བརྩམས་པ་དང་པར་སྐྲུན་བྱས་ཡོད་པ་དང་གྲུབ་འབྲས་དེ་དག་ལས་རང་རྒྱལ་གྱི་བོད་རིག་པའི་ཁྱབ་ཁོངས་ཁག་གི་ཞིབ་འཇུག་ཆུ་ཚད་གསར་ཤོས་གཅིག་སྡུད་ངང་མཚོན་ཡོད།
བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་།པར་སྐྲུན།ཞིབ་འཇུག་བཅས་བྱེད་པ་ལ་ཡང་མི་སེམས་ལ་སྐུལ་མ་ཐེབས་དགོས་པའི་གྲུབ་འབྲས་ཐོབ་ཡོད་པ་སྟེ།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བོད་ཡིག་དཔེ་རྙིང་རྩ་ཆེན་པོད་200ལྷག་ཙམ་འཚོལ་བསྡུ་བྱས་ཡོད་པ་དང་རྩ་ཆེའི་བོད་ཡིག་དཔེ་རྙིང་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་དཔེ་སྐྲུན་བྱས་པས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ལས་རིགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
གཞན་ཡང་།གནའ་རྫས་རྟོག་ཞིབ་དང་རིག་དངོས་ཞིབ་འཇུག་འཕེལ་རྒྱས་བྱུང་ནས་བོད་རིག་པ་ཞིབ་འཇུག་གཏིང་ཟབ་ཏུ་འགྲོ་བར་སྐུལ་མ་ཐེབས་ནས་བོད་རིག་པ་ཞིབ་འཇུག་ལ་དེ་བས་རྒྱ་ཆེ་བའི་ཞིབ་འཇུག་ཁྱབ་ཁོངས་ཞིག་བཏོད་ཡོད།བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ནས་རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་གི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་ཁྱབ་ཁོངས་ཤིག་ཏུ་གྱུར་ཡོད།