གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་སུ་གེ་སར་སྒྲུང་བཤད་པ་དང་ཐང་ག་བཞེངས་རྩལ་ངོམ་པ།
སྤེལ་དུས།2010-08-23   ཡོང་ཁུངས་།བོད་ལྗོངས་ཉིན་རེའི་ཚགས་པར། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།    རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྱུར།
       ཟླ༨པ་སླེབས་ཚུན་དུ། ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་ཀྱི་བོད་ལྗོངས་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱེད་མཁན་གྱི་སྐུ་མགྲོན་ཚོར། བོད་ལྗོངས་རྒྱུས་ལོན་དང་ཤེས་རྟོགས་བྱེད་སའི་སྒེའུ་ཁུང་གཉིས་ཇེ་མང་དུ་སོང་འདུག་སྟེ། གེ་སར་སྒྲུང་བཤད་པ་དང་། ཐང་ག་འབྲི་བཞེངས་བྱེད་པ་གཉིས་སོ།
      རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་གར་སྟེགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ལྷག་པ་རྡོ་རྗེ་ཡིས་གསར་འགོད་པར་འདི་སྐད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཛམ་གླིང་དངོས་མང་འགྲེམ་ཚོགས་སུ་བོད་ཀྱི་ཁྱད་ཆོས་ལྡན་པའི་རྩོལ་བྱུང་རིག་གནས་སྒོ་ཀུན་ནས་ཕྱིར་ངོམ་པར་མཐོང་ཆེན་ཚད་མེད་གནང་བ་རེད། ད་ལོའི་ཟླ༥བའི་ནང་འགྲེམ་སྟོན་ཁང་གིས་སྐུ་མགྲོན་བསུས་པའི་ཚུན་དུ་བོད་ལྗོངས་འགྲེམ་སྟོན་ཁང་གིས་ཉིན་རེར་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཤིག་སྤེལ་བས་བོད་ལྗོངས་དྲིལ་སྒྲོག་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ལྗོངས་འགྲེམ་སྟོན་ཁང་གིས་ད་དུང་ལྟད་མོ་བ་རྣམས་ཀྱིས་བོད་ལྗོངས་ལ་ཤེས་རྟོགས་དང་། བོད་ལྗོངས་ལ་རྒྱུན་ལོན་གཏིང་ཟབ་པ་ཞིག་བྱེད་དུ་འཇུག་ཆེད། ཟླ༨པའི་ཟླ་མགོརགེ་སར་སྒྲུང་བཤད་པ་དང་། ཐང་ཀ་འབྲི་བཞེངས་བྱེད་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་ངོམ་སྟོན་བྱེད་པའི་རྣམ་གྲངས་ཡང་ཁ་སྣོན་བརྒྱབ་པ་ཡིན་ཞེས་བཤད་བྱུང་།

      ལྷག་པ་རྡོ་རྗེ་ཡིས་ངོ་སྤྲོད་ལྟར་ན། འཛམ་གླིང་དངོས་མང་འགྲེམ་ཚོགས་ཀྱི་བོད་ལྗོངས་གཟའ་འཁོར་ཡང་མི་འགྱང་བར་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྔར་ལས་མང་པོ་ཞིག་འཛམ་གླིང་དངོས་མང་འགྲེམ་ཚོགས་སུ་འབྱོར་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ངོ་མཚར་བའི་ཁྱད་ཆོས་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060