| གོམ་གང་མདུན་སྤོས་ངང་ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་དང་། ཏང་དང་སྲིད་གཞུང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་སྲིད་ཇུས་དང་ཐབས་ཇུས་གལ་ཆེན། བཀོད་སྒྲིག་བཅས་ཐད་ཀར་ མགྱོགས་མྱུར་ངང་རྒྱ་ཆེའི་མི་སེར་རྣམས་ལ་བསྒྲགས་ཆེད། ཉེ་ལམ། ཡུལ་ཤུལ་ཁུལ་རླུང་འཕྲིན་བརྙན་འཕྲིན་ཁང་གིས་སྔོན་མའི་བོད་སྐད་ལེ་ཚན་འགའི་རྨང་གཞིའི་སྟེང་བོད་སྐད་སྡེ་ཚན་བཙུགས་ཤིང་། ཧུར་བརྩོན་ངང་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ཁྲོད་གླེང་ཕྱོགས་ཡང་དག་པ་འདོན་སྤྲོད་བྱེད་རྒྱུ་རེད། སྡེ་ཚན་དེས་ཐོག་མར་སྡེ་ཚན་རང་གིས་བསྒྲུབ་པའི《 ཡུལ་ཤུལ་གསར་འགྱུར་》དང་། 《སྐབས་དོན་དབྱེ་ཞིབ།》《སྒེའུ་ཁུང་》སོགས་ལེ་ཚན་བཅུ་བཏོན་ཡོད་པ་རེད། |