གནས་ཡུལ། མདུན་ངོས། གསར་འགྱུར།
 
 
སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གིས་དངོས་སུ་སྐུ་མགྲོན་བསུ་འགོ་བརྩམས་པ།
སྤེལ་དུས།2010-08-26   ཡོང་ཁུངས་།ཤིན་ཧྭ་དྲ་བ།    རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྱུར།
       ཟླ༨པའི་ཚེས༢༥ཉིན་ལྷ་ས་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་དུ་ཡོད་པའི་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གིས་དངོས་སུ་སྐུ་མགྲོན་བསུ་འགོ་བརྩམས་ཤིང་། ཡུལ་དེས་དྲན་གསོ་ཁང་ལ་བརྟེན་ནས་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་དེ་ཉིད་ལྷ་སའི་ལྗོངས་རྒྱུ་ཁུལ་གྲགས་ཅན་ཞིག་ཏུ་བསྒྱུར་ཡོད་པ་རེད།

        སྲོང་བཙན་སྒམ་པོ་འཁྲུངས་ཡུལ་རྒྱ་མ་ཤང་ནི་མལ་གྲོ་གུང་དཀར་རྫོང་གི་ལྷོ་ནས་ལེ་དབར་༡༢ཙམ་གྱི་མཚམས་སུ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་གྱི་བར་དུ་ལེ་དབར་༦༠ཙམ་ཡོད། ཡུལ་སྐོར་ལས་རིགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད། ཡུལ་དེའི་སྲིད་གཞུང་གིས༢༠༠༧ལོའི་ཟླ༦པའི་ནང་འཆར་འགོད་ར་སྤྲོད་བྱས་པ་ནས་བཟུང་ མ་དངུལ་སྒོར་ཁྲི༣༢༠༠བཏང་སྟེ་ལོ་༣ལྷག་གི་རིང་ལ་སྲོང་བཙན་པོའི་དྲན་གསོ་ཁང་གཙོ་བྱས་པའི་རྒྱ་མ་ལྗོངས་རྒྱུ་ཁུལ་བསྐྲུན་པ་རེད།

        དཀར་དམར་ཚོན་མདངས་རྣམ་པར་བཀྲ་བའི་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༤༠༠༠ཡོད་ཅིང་། དེའི་ནང་དུ་སྲོང་བཙན་སྒམ་པོ་སྐུ་མ་འཁྲུངས་གོང་གི་ཡར་སྔོན་གྱི་རྒྱལ་རབས་ཀྱི་མཛད་འཕྲིན་དང་། མངའ་ཁོངས་གཅིག་གྱུར། ཐུ་བྷོད་དར་སྤེལ། བཀའ་ཁྲིམས་གཏན་ལ་ཕབ་པ། ཆབ་དཔལ་རིག་གསུམ་གོང་དུ་འཕེལ་བ་དང་། བོད་ཀྱི་ཡི་གེའི་སྲོལ་བཏོད་པ། བཙུན་མོ་བསུས་ཚུལ། དམ་པའི་ཆོས་བོད་ཡིག་དུ་བསྒྱུར་ཚུལ། ཐང་བོད་མཛའ་མཐུན་གྱི་འབྲེལ་བ་བཙུགས་པ་ལ་སོགས་པའི་བཤམས་ཁུལ་ཐུན་མོང་མ་ཡིན་པ་བཀོད་སྒྲིག་བྱས་ཡོད་ཅིང་། དེ་དག་ལ་བརྟེན་ནས་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་ཐུ་བྷོད་རྒྱལ་རབས་ཀྱི་ལོ་རྒྱུས་གནས་ཚུལ་གསོན་ཉམས་ལྡན་པའི་ལམ་ནས་ང་ཚོའི་མིག་ལམ་དུ་ཡང་བསྐྱར་གསལ་ལེར་མངོན་ཐུབ་པ་མ་ཟད། དབུས་ཁུལ་གྱི་རིག་གནས་དང་། བོད་ཀྱི་རིག་གནས་གཉིས་ཀྱི་འོ་ཆུ་ལྟ་བུའི་འབྲེལ་བ་དམ་པོ་ཡང་ཞོར་དུ་མཚོན་ཡོད་དོ། །

       གཞན་ཡང་རྒྱ་མའི་ལྗོངས་རྒྱུ་ཁུལ་གྱིས་ལྷ་ས་ནས་ཉིང་ཁྲི་བར་གྱི་ཡུལ་སྐོར་བགྲོད་ལམ་དུ་ལྗོངས་རྒྱུ་ཁུལ་མེད་པའི་སྟོང་ཆ་ཁ་བསྐངས་པ་མ་ཟད།དེ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ལས་བརྒལ་པའི་ཡུལ་སྐོར་བྱེད་སའི་གྲུབ་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060