གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཁྲོན་བོད་གཞུང་ལམ་སྟེང་གི་སྨར་ཁམས་དང་མཛོ་སྒང་གཉིས་ཀྱི་བར་དུ་ལམ་གཞི་རྡིབ་ནས་འགྲིམ་འགྲུལ་མཚམས་ཆད་ཡོད་པ།
སྤེལ་དུས།2010-08-26   ཡོང་ཁུངས་།བོད་ལྗོངས་ཚོང་ལས་ཚགས་པར།    རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྱུར།

ཉེ་ལམ་དྲག་ཆར་བསྟུད་མར་བབས་པས་ཚེས་༢༣ཉིན་གྱི་ཆུ་ཚོད་༡༨དང་སྐར་མ་༣༠ཡས་མས་སུ། རྒྱལ་ལམ༣༡༨པ་སྟེ། ཁྲོན་བོད་གཞུང་ལམ་སྟེང་གི་སྨར་ཁམས་ནས་མཛོ་སྒང་བར་གྱི་ལམ་དུ་གཏོགས་པའི་གྲུ་ཁ་གྲོང་རྡལ་གྱི་གཞུང་ལམ་༡༣པའི་ཉེ་འགྲམ་དུ་ལམ་གཞི་རྡིབ་ནས་འགྲིམ་འགྲུལ་རྩ་བ་ནས་མཚམས་ཆད་པ་རེད།

གནོད་སྐྱོན་བྱུང་གཞུག་ཏུ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགན་བླངས་ནས། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་གཞི་དོ་དམ་ལྟེ་གནས་ཀྱིས་མི་སྣ་རྩ་འཛུགས་བྱས་པ་དང་། འཕྲུལ་ཆས་ལག་ཆ་གྲ་སྒྲིག་བྱས་ཏེ་གཉེན་སྐྱོབ་ཀྱི་ལས་ཀར་ཞུགས། བཀག་འགོག་ཐེབས་པའི་རླངས་འཁོར་དང་མི་རྣམས་མགྱོགས་མྱུར་དུ་རང་སར་འགྲོ་རུ་བཅུག  མར་རྡིབ་པའི་ས་རྡོ་མང་དྲགས་པས་ཐོག་མའི་ཚོད་དཔག་ལྟར་ན་ཟླ༩པའི་ཚེས་༡ཉིན་ད་གཟོད་རླངས་འཁོར་ཆུང་བ་ཤར་བགྲོད་ཐུབ་པ་རེད།

 

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060