| ཧྲན་ཏུང་གི་ཉི་ནུས་ལག་རྩལ་དང་ནུབ་རྒྱུད་ཀྱི་རྒྱ་ཆེ་བའི་ས་གཞི། འདང་ངེས་པའི་ཉི་འོད་སྤྲོ་ཚད་བཅས་ཟུང་འབྲེལ་བྱས་ཏེ། ནུབ་རྒྱུད་ཀྱི་ཞིང་འབྲོག་པ་དང་མང་ཚོགས་རྣམས་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་འཁྲིད་ཡོད་པ་དང་། ནུབ་རྒྱུད་སྤུན་ཟླ་རྣམས་ཀྱིས་བསམ་ཡུལ་ལས་འདས་པའི་ནུས་ཁུངས་བཀོལ་སྤྱོད་བྱེད་པའི་སྐབས་སུ། སེམས་སུའང་ཧྲན་ཏུང་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་གིན་ཡོད་པ་རེད། རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་ལ། བོད་ལྗོངས་ཀྱི་ཡུལ་སྐོར་དང་ཞབས་ཞུ་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སོང་བ་དང་བསྟུན་ནས། གློག་ཤུགས་སོགས་རྨང་གཞིའི་སྒྲིག་ཆས་ཉེར་སྤྱོད་མཐའ་དག་བལྟོས་ས་བལྟས་འཇོག་གིས་བཤད་ན། རྗེས་ལུས་སུ་གྱུར་ཡོད་པའི་འགལ་བ་དེ་འབུར་དུ་ཐོན་ཡོད་པ་དང་། རྒྱལ་ཁབ་ཀྱིས་ནུབ་རྒྱུད་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་། སྐྱེ་ཁམས། རང་བྱུང་ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་པ་དམིགས་འབེན་དུ་བཟུང་སྟེ། བོད་ལྗོངས་སུ་མེ་གློག་བཟོ་གྲྭ་བཙུགས་མི་ཆོག་པ་དང་། བོད་ཁུལ་གྱི་བཟོ་ལས་དང་། ཞིང་ལས། ཡུལ་སྐོར་སོགས་ཀྱི་ལས་དོན་རིགས་ཤོང་རྒྱ་ཅུང་ཆུང་བའི་སྒྲིག་ཆས་ནང་འཇུག་གི་ཆུ་གློག་ས་ཚིགས་ཙམ་ལ་བརྟེན་ནས་གློག་འདོན་ཐབས་བྱེད་དགོས་པའི་བཀའ་རྒྱ་གནང་ཡོད་པ་རེད། |