གནས་ཡུལ། མདུན་ངོས། གསར་འགྱུར།
 
 
ཕྱི་རྒྱལ་གྱི་རྒྱ་ཡིག་གི་མཐོ་རིམ་སྨྱན་སྦྱོར་ཚན་པ་དག་པེ་ཅིང་དུ་འདུས་ནས་ཞིན་ཅང་དང་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་ཟབ་སྦྱོང་བྱེད་རྒྱུ་ཡིན་པ།
སྤེལ་དུས།2010-08-30   ཡོང་ཁུངས་།ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྱུར།

ཚེས་༢༨ཉིན་གྱི་དགུང་མོར། སྐབས་དྲུག་པའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་ཚན་པའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་ནས་སློབ་འགོ་ཚུགས་པ་རེད། རྒྱལ་ཁབ་༢༣ ནས་ཕེབས་པའི་རྒྱ་ཡིག་སྨྱན་སྤྱོར་ཚན་པ༤༠ ཡི་འགན་ཁུར་མི་སྣ་དང་འཐུས་ཚབ་པ་ཉིན་གཉིས་རིང་སློབ་ཚན་ཞིབ་འཇུག་ཟབ་སྦྱོང་བྱེད་པར་ཞུགས་རྒྱུ་ཡིན་པ་དང་། དེ་མུར་ཞིན་ཅང་དུ་བཅར་འདྲི་དང་བརྟག་དཔྱད་བྱེད་རྒྱུ་ཡིན་པ་རེད།

ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་འདི་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་སྡོད་གཞུང་སྒྲུབ་དྲིལ་བསྒྲགས་སི་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་གསར་འགྱུར་སློབ་གླིང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་རེད། ཁ་བྱང་ལ་ཞིན་ཅང་དང་བོད་ཀྱི་རིག་གནས་ལོ་རྒྱུས་ཞེས་བཀོད་པ་དང་། དམིགས་ཡུལ་གཙོ་བོ་ནི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་ཚན་པ་དག་གིས་ཀྲུང་གོའི་མི་རིགས་དང་ཆོས་ལུགས་ཀྱི་གནས་ཚུལ་སྔར་ལས་རྒྱུས་ལོན་གཏིང་ཟབ་མོ་བྱེད་ཆེད་དང་། ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་ཚན་པ་དག་གི་ལས་ཞུགས་མི་སྣའི་གསར་འགྱུར་ལས་སྒོའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། འཛམ་གླིང་གི་ས་གནས་སོ་སོའི་རྒྱ་ཡིག་སྨྱན་སྦྱོར་ཚན་པ་ཕན་ཚུན་བར་འབྲེལ་འདྲིས་དང་མཉམ་འབྲེལ་བྱེད་པའི་གོ་སྐབས་བསྐྲུན་ཆེད་བཅས་ཡིན་པ་རེད།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060