| ཚེས༢༨ཉིན་གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་སློབ་གསོའི་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན།ཧྲང་ཧའེ་ནང་ལོགས་མི་རིགས་འཛིན་གྲྭས་༢༠༡༠ལོར་ཤིན་ཅང་དང་བོད་ལྗོངས་ཀྱི་མཐོ་འབྲིང་སློབ་མ་ཁྱོན་སྡོམ༢༡༥བསྡུ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ནང་ལོགས་ཀྱི་མི་རིགས་འཛིན་གྲྭའི་སློབ་མ་གསར་པའི་སྤྱིའི་སྡོམ་གྲངས་སྟོང་ལ་ཉེ་བ་ཡོད།
གཞན་ཡང་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་ཁོང་ཚོས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར༡ལྷག་བཏང་ནས་ནང་ལོགས་སུ་ཡོད་པའི་ཤིན་ཅང་འཛིན་གྲྭ་དང་བོད་ལྗོངས་འཛིན་གྲྭ་འཛུགས་སྐྲུན་དང་གོང་དུ་སྤེལ་བའི་ཐད་བཀོལ་རྒྱུ་ཡིན་པ་དང་།དེང་སྐབས་མ་དངུལ་དེ་དག་འཆར་གཞི་ལྟར་དུ་གཤམ་སྤྲོད་བྱས་ཡོད།
|