གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།། ༢༠༡༦ལོའི་རྒྱལ་ཡོངས་ཤེས་རམས་པའི་རྒྱུགས་ལན་ཕྱིར་ཤོར་འདུག
སྤེལ་དུས།2015-12-30   ཡོང་ཁུངས་།ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། དབང་འབུམ།

        པེ་ཅིང་ཚགས་གསར་སྟེང་དུ། ཟླ༡༢པའི་ཚེས༢༧ཉིན། ༢༠༡༦ལོའི་རྒྱལ་ཡོངས་ཤེས་རམས་པའི་སློབ་མ་བསྡུ་བའི་རྒྱུགས་གཞིའི་མཚམས་བཞག་པ་རེད། མཚན་མོ་དེར་སློབ་གསོ་སྡེ་ཁག་གསར་འགྱུར་གཞུང་ལས་ཁང་གིས་གཞུང་ཕྱོགས་ཀྱི་འཕྲིན་སྟེགས་སུ་ཉེ་སྔོན་སློབ་མ་ཞིག་གིས་རྒྱུགས་གཞིའི་དྲི་བ་ལ་ལའི་ལན་ཤེས་འདུག་ཅེས་གཏུག་བཤེར་འབྱོར་སོང་། སློབ་གསོ་སྡེ་ཁག་གིས་དེ་མུར་སྤྱི་བདེ་སྡེ་ཁག་ལ་འབྲེལ་བ་བྱས་ཏེ་རྩད་གཅོད་བྱེད་ཀྱིན་ཡོད་ཅེས་བཀོད་འདུག
       
སློབ་གསོའི་སྡེ་ཁག་གིས་ཁྲིམས་འགལ་གྱིས་རྒྱུགས་གཞི་ལ་གཏོར་བརླག་བྱེད་པ་ནི་དྲང་བདེན་གྱི་སློབ་གསོའི་ལམ་ལུགས་ལ་གཏོར་བརླག་བྱེད་པ་ཡིན་པས་སློབ་གསོའི་སྡེ་ཁག་གིས་སྤྱི་བདེ་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་བློ་ཐག་ཆོད་པའི་སྒོ་ནསཉེས་ཁྲིམས་སླར་བཅོས་མདགུ་པ་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་ཟེར། དེ་མིན་ཕིན་ཕེ་གསར་འགྱུར་དྲ་བར་ཡང༢༠༡༦ལོའི་རྒྱལ་ཡོངས་ཀྱི་ཤེས་རམས་པའི་གཅིག་གྱུར་གྱི་རྒྱུགས་གཞིའི་གསང་བ་ཕྱི་རུ་ཤོར་སོང་བའི་གནས་ཚུལ་མང་པོ་འབྱོར་སོང་ཟེར།
       
དྲ་མྱུལ་བ་དེས་མཁོ་སྤྲོད་བྱས་པའི་རྒྱུ་ཆ་ལ་བལྟས་ན་ནང་དོན་དེ་ནི་པོད་འཕྲིན་དང་སྐད་འཕྲིན་ལས་ཕབ་པ་ཞིག་ཡིན་པ་ཤེས་ཏེ། དེ་རུ་དབྱིན་ཡིག་གི་ལོ་ཙཱ་བྱེད་སྟངས་དང་། ཁ་སྐོང་། མིང་ཚིག་གཙོ་བོ་སོགས་དྲི་ལན་གནད་འགག་དག་འདུག་ཟེར། མི་ལ་ལས་རི་མོ་དེ་ནི་ཟླ༡༢པའི་ཚེས༢༦ཉིན་གུང་གི་དབྱིན་ཡིག་གི་རྒྱུགས་གཞིའི་སྔོན་དུ་ཕྲིན་ཕྲན་ཚོགས་པ་དངQQཚོགས་པ། ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་ལས་ཁུངས་སོགས་སུ་དྲི་ལན་བརྒྱུད་པའི་བདེན་དཔང་ཡིན་པ་དང་། དེ་ནི་རྗེས་ཀྱི་དབྱིན་ཡིག་གི་རྒྱུགས་གཞིའི་ནང་དོན་དང་འདྲ་མཚུངས་རེད། དེ་མིན་དྲ་འབུ་ལ་ལས་ཕྱིར་ཤོར་བའི་དྲིས་ལན་ལ་ད་དུང་ཆབ་སྲིད་དང་སྤྱིའི་དོ་དམ་སོགས་ཀྱང་འདུག་ཟེར། ཡང་དྲ་འབུ་ཞིག་གིས་ཟླ༡༢པའི་ཚེས༢༧ཉིན་དབྱིན་ཡིག་གི་རྒྱུགས་གཞི་དང་འབྲེལ་བའི་བརྗོད་བྱ་ཚང་མ་དྲ་ངོས་ན་བསུབ་འདུག་ཟེར།
       
དེ་བས་ཚེས༢༧ཉིན། ཕིན་ཕེ་གསར་འགྱུར་གྱིས་སློབ་གསོ་སྡེ་ཁག་གི་གསར་འགྱུར་གཞུང་ལས་ཁང་ལ་དོན་དག་དེའི་བརྒྱུད་རིམ་དྲིས། ཚེས༢༧གྱི་མཚན་མོ་ཆུ་ཚོད༢༡དང་སྐར་མ༥༥སྟེང་། སློབ་གསོ་སྡེ་ཁག་གིས་རྒྱུགས་ལན་བརྐུས་ཏེ་རྒྱུགས་གཞིར་གཏོར་བརླག་བྱེད་པའི་ཁྲིམས་འགལ་གྱི་བྱ་བ་སྒྲུབ་མཁན་འདི་དག་རྩད་གཅོད་བྱས་ཏེ་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་ཟེར།
       
སློབ་གསོ་སྡེ་ཁག་གི་གཏན་འཁེལ་ལྟར་ན། ད་ལོར་རྒྱུགས་རྫུན་བཟོ་བའི་ཉེས་ཁྲིམས་ཀྱི་ཚད་ཇེ་ལྕིར་བཏང་འདུག གསར་དུ་གཏན་འཁེལ་བྱས་པའི༢༠༡༦གི་ཤེས་རམས་པར་རྒྱུགས་སྤྲོད་པའི་སྲིད་ཇུས་དྲུག་ལས་གཅིག་ནི་ཏག་ཏག་གཏན་འཁེལ་བྱས་ནས་མང་པོ་འགོར་མེད་པའིཉེས་ཁྲིམས་སླར་བཅོས་མདགུ་པ་ལྟར་རྒྱུགས་རྫུན་བཟོ་བར་ཐབས་ཇུས་འཐེན་མཁན་དང་། དྲིས་ལན་རྐུ་བའི་ཡོ་བྱད་མཁོ་སྤྲོད་བྱེད་མཁན། ཁྲིམས་འགལ་གྱིས་རྐུ་ཆས་འཚོང་བ། རྒྱུགས་ལན་སྤྲོད་པ། རྒྱུགས་ཚབ་བྱེད་པ་སོགས་རིགས་བཞི་ལ་ཆེས་རིང་ན་ལོ་བདུན་གྱི་ཁྲིམས་ཐག་གཅོད་ངེས་ཟེར།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005