གནས་ཡུལ། མདུན་ངོས། གསར་འགྱུར།
 
 
༄༅།། བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་བསྡུ་བའི་ལས་དོན་སྤེལ་འགོ་བརྩམས་པ།
སྤེལ་དུས།2015-12-30   ཡོང་ཁུངས་།མི་དམངས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།

        བོད་ལྗོངས་སློབ་གྲྭ་ཆེན་པོའི་2016ལོའི་འབུམ་རམས་པའི་ཡོན་གནས་བརྩོན་སྦྱོང་བྱེད་པའི་ཞིབ་འཇུག་སློབ་མ་བསྡུ་བའི་མིང་ཐོ་འགོད་པའི་ལས་དོན་དངོས་སུ་སྒྲུབ་བཞིན་ཡོད་པ་དང་། རྒྱུགས་ཞུགས་སློབ་མ་ཚོས་2016ལོའི་ཟླ་2ཚེས་29ཉིན་གྱི་སྔོན་དུ་དྲ་ཚིགས་http//yz.chsi.com.cn/སྟེང་དུ་བླང་བྱ་ལྟར་མཐོ་རིམ་སློབ་གསོའི་སློབ་མའི་ཆ་འཕྲིན་དྲ་བའི་རྩིས་ཐོའི་ཨང་གྲངས་འགོད་རྒྱུ་མ་ཟད། མི་སྒེར་གྱི་ཆ་འཕྲིན་ངོ་མ་ཁག་ཐོ་འགོད་ཀྱང་བྱེད་དགོས་པ་རེད།
       
བོད་ལྗོངས་སློབ་གྲྭ་ཆེན་པོའི་2016ལོའི་འབུམ་རམས་པའི་ཡོན་གནས་བརྩོན་སྦྱོང་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་བྱ་ཐབས་ནི་གཙོ་བོར་ཐོག་མའི་རྒྱུགས་ལེན་དང་བསྐྱར་མའི་རྒྱུགས་ལེན་དུས་རིམ་གཉིས་སུ་ཕྱེ་ཡོད་ཅིང་། དེའི་ནང་རིམ་མཚུངས་སློབ་གནས་དང་སློབ་ཚན་ལས་བརྒལ་བའི་རྒྱུགས་སྤྲོད་མཁན་ཀྱིས་ཡིག་རྒྱུགས་འཐོལ་པ་སྤྲོད་དགོས་པ་རེད། ཐོག་མའི་རྒྱུགས་ལེན་ནི་ཡིག་རྒྱུགས་ཡིན་ཞིང་། ཡིག་རྒྱུགས་གི་ཚན་པར་ཕྱི་རྒྱལ་གྱི་སྐད་ཡིག་དང་། ཆེད་ལས་རྨང་གཞིའི་སློབ་ཚན། ཆེད་ལས་སློབ་ཚན་བཅས་ཡོད་པ་དང་། རྒྱུགས་ལེན་ཚན་པ་རེའི་རྒྱུགས་ལེན་དུས་ཚོད་ནི་ཆུ་ཚོད་3ཡིན་པ་དང་། སྐར་མ་བསྡོམས་གྲངས་སྐར་མ་100ཡིན་ཞིང་། ཐོག་མའི་ཡིག་རྒྱུགས་ཡོངས་ཀྱི་སྐར་མ་བསྡོམས་གྲངས་སྐར་མ་300རེད།
       
ཐོག་མའི་རྒྱུགས་ལེན་གྱི་དུས་ཚོད་ནི་2016ལོའི་ཟླ་4ཚེས་9ཉིན་ནས་ཚེས་10ཉིན་བར་ཡིན་པ་དང་། རྒྱུགས་ལེན་ས་ནི་བོད་ལྗོངས་སློབ་གྲྭ་ཆེན་པོའི་སློབ་ཁུལ་རྙིང་པར་རེད།
       
བསྐྱར་མའི་རྒྱུགས་ལེན་ནི་ངོ་འཕྲད་རྒྱུགས་ལེན་ཡིན་ཞིང་། དེའི་ནང་ཚན་རིག་ཞིབ་འཇུག་གི་རྨང་གཞི་དང་ཚན་རིག་ཞིབ་འཇུག་གི་བག་ཉལ་བྱང་ཚད་ཚད་ལེན་ཚོད་མཇལ་བྱེད་རྒྱུ་དང་། ཕྱི་རྒྱལ་གྱི་སྐད་ཡིག་(ལེགས་སྦྱར་གྱི་སྐད་ཡིག་ཀྱང་འདུས་པ)གི་ཉན་བརྗོད་ནུས་པ་ཚད་ལེན་ཚོད་འཇལ་གཉིས་ཡིན་ཞིང་། དེའི་དུས་ཚོད་ནི་2016ལོའི་ཟླ་4ཚེས་11ཉིན་ཡིན་པ་དང་། གལ་སྲིད་རིམ་མཚུངས་སློབ་གནས་ཀྱི་རྒྱུགས་སྤྲོད་སློབ་མ་ཡོད་ན། བསྐྱར་མའི་རྒྱུགས་ལེན་(ངོ་འཕྲད་རྒྱུགས་ལེན་)གྱི་དུས་ཚོན་ནི་2016ལོའི་ཟླ་4ཚེས་12ཉིན་རེད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005