གནས་ཡུལ། མདུན་ངོས། རི་ཁྲོད།
 
 
༄༅།།ཀེའུ་ཚང་ཤར་ནུབ་རི་ཁྲོད།
སྤེལ་དུས།2008-02-02   ཡོང་ཁུངས་།   རྩོམ་པ་པོ།

  

          གྲུབ་མཐའ། དགེ་ལུགས། ཆགས་ཡུལ། ལྷ་ས་གྲོང་ཁྱེར་རྡོ་གཏེར་ཕུ། འདེབས་ལོ། སྤྱི་ལོའི་དུས་རབས་བཅུ་བདུན་ཡས་མས་ཙམ། འདེབས་མཁན། མཁན་ཆེན་བྱམས་པ་སྨོན་ལམ།

      ཀེའུ་ཚང་ཤར་རི་ཁྲོད་དུ་སྤྱི་ལོ་༡༩༥༩གོང་དགེ་འདུན་ཞལ་གྲངས་བརྒྱད་ཅུ་སྐོར་ཡོད་པ་དང་རི་ཁྲོད་དེའི་བླ་སྤྲུལ་ཐད་སྤྱི་ལོ་༡༨༢༠ལོའི་བོད་དང་། བར་ཁམས། རྒྱ་སོག་བཅས་ཀྱི་བླ་སྤྲུལ་སྐྱེ་ཕྲེང་དེབ་གཞུང་ཟེར་བའི་ནང་ཀེའུ་ཚང་ཤར་དགེ་བཤེས་འཁྲུངས་ཡུལ་ནི་ཡེར་པ། དགུང་ལོ་དྲུག་ཅུ་ཐམ་པར་གཤེགས། དེའི་སྐྱེ་བ་བློ་བཟང་དགེ་ལེགས་འོལ་དགར་འཁྲུངས། ད་ལྟ་དགུང་ལོ་བཞི་བཅུ་ཞེ་བཞི་བཞེས། (སྤྱི་ལོ་༡༨༢༠)འདི་ཕྱོགས་མཐར་ཕྱིན་ནས་ལོ་ཤས་སོང་བས་དེང་དུས་གྲྭ་སའི་སྐྱིད་སྡུག་ལ་མེད་ཞུ་ཞེས་གསལ། ཀེའུ་ཚང་སྐུ་ཕྲེང་ལྔ་པ་ནི་ད་ལྟ་རྒྱ་གར་དུ་བཞུགས་སོ། །

       རིག་གནས་གསར་རྗེའི་ནང་ཀེའུ་ཚང་ཤར་ནུབ་རི་ཁྲོད་གཉིས་རྨང་ནས་ཞིག་ཧྲུལ་དུ་སོང་། སྤྱི་ལོ་༡༩༨༦ཙམ་ལ་སེ་ར་དགོན་གྱི་དགེ་འདུན་ཐུབ་བསྟན་ཚེ་དབང་ལགས་དང་རྟ་མགྲིན་ལགས་གཉིས་ནས་ཉམས་གསོ་བྱ་རྒྱུའི་ཐུགས་འགན་བཞེས་ཏེ། རྒྱ་ཁྱོན་ཀ་བ་དྲུག་རེ་ལྔ་ཙམ་ཡོད་པའི་ཀེའུ་ཚང་ཤར་རི་ཁྲོད་འཛུགས་བསྐྲུན་གནང་བ་དང་། ད་ཡོད་ཆོས་བཞུགས་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་བདུན་ཙམ་ཡོད་ཐོག གནས་ཀྱི་བླ་མ་བྱམས་པ་དཔལ་འབར་ལགས་ཀྱིས་སྔར་རྒྱུན་ཆོས་ཕྱོགས་བྱེད་སྒོ་དང་ཆོ་ག་ཉམས་ལེན་སོགས་ཀྱི་སྟ་གོན་ཉམས་པ་སོར་ཆུད་གནང་བཞིན་བཞུགས་ཡོད་པ་ལགས། རི་ཁྲོད་དེའི་སྔར་གྲྭ་རྒྱུན་ཕེབས་ཁུངས་ནི། འཕན་ཡུལ་དང་འདམ་སྙན་གྲོང་ཁུལ་ནས་ཕེབས་སྲོལ་ཡོད་སྐད།

                                              «ལྷ་སའི་དགོན་ཐོ་»ལས་བཏུས།   ཁོན་ཐར་གྱིས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060