|
སྤྱི་ལོ། |
འགན་འཁུར་མི་སྣ། |
ཉམས་གསོ་དང་གསར་བཞེངས་ནང་དོན། |
|
༡༠༧༦ |
སྟོད་མངའ་རིས་ཟངས་དཀར་ལོ་ཙཱ་
བ་འཕགས་པ་ཤེས་རབ། |
ཐུབ་པ་གངས་ཆེན་མཚོ་རྒྱལ་སེམས་དཔའ་དང་། སེམས་མ་སྒོ་སྲུང་དང་བཅས་པ་བཞེངས། རྗེ་བཙུན་བྱམས་པ་མགོན་པོ་སྐུ་བྱམས་པ་ཁྲུས་མཛད་མ་དང་ལྷ་ཁང་ཉམས་གསོ་གནང་། |
|
༡༡༦༧ |
དྭགས་པོ་སྒོམ་ཚུལ། |
གཙུག་ལག་ཁང་གི་ལྕགས་རི་དང་སྐོར་ཁང་། སྤེན་བད་དང་ཞལ་བ་སོགས་ཉམས་གསོ་གནང་། |
|
༡༡༧༥—༡༡༨༧ |
གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ། |
ཚལ་དང་གུང་ཐང་དགོན་གཉིས་ནས་དགེ་འདུན་པ་འདེམ་སྒྲུག་གིས་གཙུག་ལག་ཁང་དང་།
རྒྱ་སྟག་ར་མོ་ཆེར་དཀོན་གཉེར་མངགས་གཏོང་དང་བདག་གཉེར་ཚགས་སུ་ཚུད་པ་གནང་བ། |
|
དུས་རབས་བཅུ་གསུམ་
པའི་ལོ་རབས་ཉི་ཤུའི་
ཡས་མས། |
ལྷ་རྗེ་དགེ་བ་འབུམ། |
གཙུག་ལག་ཁང་གི་རྩིག་པ་ཕྱི་མའི་གསར་བཅོས་དང་། ལྷ་ས་སྐྱིད་ཆུའི་རགས་ཀྱི་ཉམས་གསོ། རྒྱ་ཕིབས་འཁོར་མ་བཟོ་བསྒྲུབས་མཛད། |
|
༡༢༨༠—༡༣༤༧ |
ཚལ་པ་ཁྲི་དཔོན་དགའ་སྡེ་དཔལ་དང་དེའི་བུ་
རྒན་གཞོན་གཉིས། སྤྲུལ་སྐུ་མགོ་གྲུ་བཞི། |
གཙུལ་ལག་ཁང་བར་ཁང་ནུབ་ངོས་ཀྱི་ཆོས་རྒྱལ་སྲོང་བཙན་དང་རྒྱ་བཟའ། བལ་བཟའ། དཔལ་ལྷ་ཞི་དྲག་གི་སྐུ་དང་། གསོབ་སྒོ་ཁང་ཕྱི་མ། སྒོ་སྲུང་མ་མགོན་བཅས་བཞེངས། |
|
༡༣༡༠ |
བཙན་པོའི་མི་བརྒྱུད་དུ་གྲགས་པ་སྟོད་ཡ་རྩེའི་
རྒྱལ་པོ་ལྔ་བ་དང་ཕྱིས་སུ་ནེ་རྨལ་གཉིས་ཀྱིས། |
ཟངས་ཁལ་བཅོ་བརྒྱད་དོས་རེ་བྱས་པའི་ཟངས་དོས་བརྒྱ་དང་བཞི། གསེར་སྲང་ལྔ་བརྒྱ་རྣམས་ལ་ཇོ་བོ་དང་། ཐུགས་རྗེ་ཆེན་པོ་གཉིས་ཀྱི་དབུ་ཐོག་གསེར་ཟངས་ཀྱི་རྒྱ་ཕིབས་ཐོག་མ་བསྐྲུན། |
|
༡༣༤༠ |
དཔོན་ཆེན་དབང་ཆེན་བརྩོན་འགྲུས། |
ཇོ་བོའི་དབུ་ཐོག་ཏུ་རྒྱལ་བ་རིགས་ལྔ་དང་། གནས་བཅུ་ལྷ་ཁང་གསར་བཞེངས་མཛད། |
|
༡༤༠༨ |
རྗེ་ཙོང་ཁ་པ། |
ཉང་སེར་སྨན་རི་ནས་རྡོ་མོ་ཆེ་ཐོག་དྲངས་ཁྱམས་དང་བར་སྐོར་གྱི་རྡོ་བཅལ་བརྗེས། གནམ་གཡེང་རྡོ་རྗེའི་ར་བ་ཀ་བ་བཅུ་གཉིས་ཐོག་མཐུད་ཀ་བ་བཅུ། ཁྱམས་ཀ་བ་བཅུ་རྣམས་སྣེའུ་རྫོང་པ་ལ་བཀའ་གནང་སྟེ་བསྒྲུབས། |
|
༡༦༤༢-༡༦༤༧ |
རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། |
གཙུག་ལག་ཁང་ཁྱམས་རྭ་ཆེན་མོ་དང་། གཞུང་སྒོ་ཕྱི་མའི་སྒོ་མཆོར་བཅས་རྒྱས་སྐྲུན་གནང་། གཞུང་སྒོའི་གཡས་གཡོན་དུ་ཏྰ་ལའི་བླ་མ་དང་། སྡེ་སྲིད་བཞུགས་ཡུལ་རྩེ་ཤོད་གཉིས་ཀྱི་ཁང་སྐོར་དང་། མཛོད་ཁང་སྟེང་ཤོད། ལྷ་ས་བླ་བྲང་། ལྟེ་བའི་ཐོག་བརྩེགས་གསུམ་པ་བཟོ་བཅོས་དང་གསེར་ཟངས་ཀྱི་རྒྱ་ཕིབས་རྙིང་པ་གསར་དུ་བརྗེས། ཕྱོགས་བཞི་ཀར་གསེར་ཟངས་ཀྱི་རྒྱ་ཕིབས་ཆ་མཚུངས་སྐྲུན་པ། མཚམས་ཟུར་ལྕོག་བཞི་ལ་སོ་སོར་གསེར་ཟངས་ཀྱི་གཉྫིར་གསར་དུ་བཙུགས། ཁོར་ཡུག་གི་མདའ་ཡབ་པུ་ཤུ་དང་བཅས་པ་ལེགས་སྒྲིག་མཛད། |
|
༡༦༤༨-༡༦༦༠ |
རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། |
ཁྱམས་ར་ཆེན་མོའི་ལྡེབས་རིས་སངས་རྒྱས་སྟོང་སྐུ་བཞེངས་པ། གཙུག་ལག་ཁང་བར་ཐོག་ཏུ་དགའ་ལྡན་ལྷ་ཁང་། སྤྱན་རས་གཟིགས་ལྷ་ཁང་། ཚེ་དཔག་མེད་ལྷ་ཁང་། ཆོས་རྒྱལ་ལྷ་ཁང་སོགས་སུ་སྐུ་བརྙན་གསར་བཞེངས་མཛད། |
|
༡༦༦༣ |
སྡེ་སྲིད་འཕྲིན་ལས་རྒྱ་མཚོ། |
ལྷ་ཁང་ལྟེ་བའི་སྐོར་ལམ་ནང་གསར་བཙོས་དང་ཉམང་གསོ་བྱས། |
|
༡༦༦༤ |
རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། |
གཙུག་ལག་ཁང་སྐོར་ལམ་ནང་ལོག་གི་ལྡེབས་རིས་བྱང་ངོས་སུ་ཕལ་མོ་ཆེའི་ཞིང་ཁམས་རྒྱ་མཚོ་དང་ཤར་ངོས་སུ་འབུམ་གྱི་གླེང་བཞི། ལྷོ་ངོས་སུ་ཆོ་འཕྲུལ་གྱི་བཀོད་པ་བཅས་བཞེངས། གཙུག་ལག་ཁང་གི་གཞུང་སྒོ་ཕྱི་ནང་གཉིས་ཀྱི་བར་དུ་འཇིམ་བརྙན་རྒྱལ་ཆེན་བཞི་གསར་དུ་བཞེངས། |
|
༡༦༧༠ |
རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། |
གཙུག་ལག་ཁང་བྱང་ཕྱོགས་ཀྱི་རྒྱ་ཕིབས་དེ་སྔོན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཉམས་གསོ་གནང་བ་དེ་གསེར་མདོག་ཉམས་པས་རྒྱལ་མཆོག་ལྔ་པས་བསྐྱར་གསོ་མཛད། |
|
༡༦༧༢ |
སྡེ་སྲིད་སངས་རྒྱས་རྒྱ་མཚོ། |
སྨོན་ཚོགས་སྐབས་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་ཟུར་ཚོགས་གནང་ས་འདུ་ཁང་གསར་སྐྲུན་གནང་། |
|
༡༦༧༣ |
རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། |
ཇོ་བོ་ཤཱཀྱ་མུ་ནེའི་ཁྲི་རྒྱབ་ཡོལ་བཞུགས་སྒྲོམ་རྒྱ་ཕིབས་དང་བཅས་པ་གསར་དུ་བསྐྲུན། |
|
|
སྡེ་སྲིད་སངས་རྒྱས་རྒྱ་མཚོ། |
གཙུག་ལག་ཁང་བར་ཁང་དང་རྩེ་མོའི་ཁང་པ་མང་ཆེ་བ་ལྷ་ཁང་བཟོས་པ་དང་། སྐོར་ལམ་ཕྱི་ཕྱོགས་ཤར་ལྷོ་བྱང་བཅས་པའི་ཁང་པ་ཚང་མའམ་རིམ་པས་ལྷ་ཁང་དུ་འགྱུར་བཟོ་གནང་། |
|
༡༧༣༦ |
མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས། |
གཙུལ་ལག་ཁང་དཀྱིལ་འཁོར་ཐིལ་གྱི་བྱམས་པ་ཆོས་འཁོར་ཞལ་བྱང་གཟིགས་འདི་གསར་དུ་བཞེངས། |
|
༡༧༥༣ |
རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ། |
གཙུག་ལག་ཁང་གི་ལྷོ་ཕྱོགས་སུ་བོད་ས་གནས་སྲིད་གཞུང་གི་སྲིད་འཛིན་ལས་ཁུངས་བཀའ་ཤག་བཙུགས། ལས་ཁུངས་དེའི་ཁོངས་སུ་གཏོགས་པའི་ཚན་པ་ལ་འབྱེད་ཁྲ་ཞིབ་གཞུང་དང་སྒོ་ཁྲ་མི་གཞུང་། རྩིས་ཁང་ལས་ཁུངས། བླ་བྲང་ཕྱག་མཛོད་བཅས་བཙུགས་པ་གནང་། |
|
༡༧༧༤ |
རྡོ་རིང་དངོས་གྲུབ་རབ་བརྟན། |
དཀྱིལ་འཁོར་ཐིལ་བྱམས་པ་ཆོས་འཁོར་མའི་མདུན་ངོས་སུ་ཡོད་པའི་སྤྱན་རས་གཟུགས་ཕྱག་སྟོང་སྤྱན་སྟོང་གསར་དུ་བཞེངས། |
|
༡༧༨༣ |
རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱ་མཚོ། |
གཙུག་ལག་ཁང་ལྟེ་བའི་སྐོར་ལམ་གྱི་ཕྱི་ངོས་ཤར་ལྷོ་བྱང་གསུམ་ཁོར་ཡུག་གི་ལྡེབས་བྲིས་དང་། གསུམ་ཐོག་གི་བར་ཁྱམས་ལྡེབས་བྲིས་རྣམས་གསར་དུ་བཀོད་པ་གནང་། དེ་ཡང་སྒྲོལ་མ་ལྷ་ཁང་གི་ཐད་རྒྱལ་དབང་ཆོས་ཡོན་སྐུ་འཁོར། དེའི་མུས་ནས་ཁོར་ཡུག་ཏུ་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་གི་བཀོད་པ། སྟག་སྐོར་བདེ་བ་ཅན་གྱི་ཞིང་བཀོད་པ། སྒོ་སྲུང་རྟ་མགྲིན་དང་། ཕྱག་རྡོར། དུང་སྐྱོང་དབང་མོ་སོགས་གནས་སྲུང་། ཕྱི་སྒོའི་གཡས་གཡོན་དུ་རྒྱལ་ཆེན། ལྷོ་སྒོའི་ནང་གི་གཡས་གཡོན་དུ་ཆོས་རྒྱལ་སྲོང་བཙན་དཔོན་བློན། དེའི་ལྷོ་ངོས་ཐུབ་པ་གངས་ཅན་མཚོ་དང་འཕགས་ཡུལ་གྱི་དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་པ་བོད་ཡུལ་གྱི་གནས་ཆེན་གསུམ་དང་། ཕོ་བྲང་ཆེན་པོ་པོ་ཏ་ལ་གདན་ས་སེ་འབྲས་དགེ་གསུམ། རྒྱ་བོད་ཀྱི་གནས་ཡུལ་དུ་མའི་ཞིང་བཀོད། འདོད་ཡོན་སྣ་ལྔ་སོགས་མཆོད་པའི་བྱེ་བྲག་རྩེ་མོ་དཔལ་ལྷའི་སྤྱི་ཁྱམས་སུ་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོད་ཡོན་སྟོན་འཁོར། ཡིད་བཞིན་མགོན་པོ་ཕྱག་དྲུག་སོགས་འདོད་ལྷ། གཞན་ཡང་ཞིང་ཁམས་ཀྱི་བཀོད་པ་མཐའ་ཡས་གསར་དུ་བཀོད་པ་གནང་། |
|
༡༧༨༥ |
རྡོ་རིང་བསྟན་འཛིན་དཔལ་འབྱོར། |
སྡིངས་ཆའི་གཤམ་དུ་ཡོད་པའི་གསེར་ཟངས་ཀྱི་བྱམས་པ་སྟེགས་བཞུགས་ཆུང་བ་དེ་གསར་དུ་བཞེངས། |
|
༡༧༩༩ |
རྒྱལ་དབང་བརྒྱད་པའི་གསོལ་དཔོན་དགེ་ལེགས་རྒྱལ་མཚན། |
གསེར་ཟངས་ཀྱི་བྱམས་པ་སྟེགས་བཞུགས་ཆེ་བ་དེ་གསར་དུ་བཞེངས། |
|
༡༩༥༠ |
དེ་སྔའི་བོད་ས་གནས་སྲིད་གཞུང་ |
གཙུག་ལག་ཁང་བྱང་ངོས་ཀྱི་ཁང་སྐོར་ཕལ་ཆེར་རྨང་ནས་བཤིག་སྟེ་བསྐྱར་བཟོ་དང་ཚོགས་གཟིགས་གཟིམ་ཆུང་བླ་བྲང་སྟེང་ཁང་ཁོར་ལ་བཟོ་བཅོས་དང་ཉམང་གསོ་གནང་། |