གནས་ཡུལ། མདུན་ངོས། གྲྭ་ཚང་།
 
 
༄༅།།གསང་ཆེན་རྒྱུད་སྟོད་གྲྭ་ཚང་།
སྤེལ་དུས།2008-03-11   ཡོང་ཁུངས་།   རྩོམ་པ་པོ། ཁོན་ཐར་གྱིས་ཞུ་དག་བྱས།


      དེ་ཡང་དབུས་ཀྱི་སྨད་རྒྱུུད་གྲྭ་ཚང་ཕྱག་བཏབ་ནས་ལོ་ཞེ་གཅིག་སོང་བའི་རྗེས་རྗེ་ཤེས་རབ་སེང་གེའི་དངོས་སློབ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་1474ལོར་གསང་ཆེན་སྟོད་རྒྱུད་གྲྭ་ཚང་ཕྱག་བཏབ། ཐོག་མར་གྲྭ་ཚང་འདི་ཉིད་དབུས་སྟོད་བྱམས་པ་གླིང་དུ་ཆགས་པ་ཡིན་ཞིང་། རྗེས་སུ་རྗེ་ཀུན་དགའ་དོན་གྲུབ་ཀྱིས་ལྷ་སའི་སྐྱིད་ཆུའི་འཇིག་ཉེན་ཞི་བར་མཛད་པའི་ལེགས་སྐྱེས་སུ་ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་ཕུལ་ནས་སྟོད་རྒྱུད་གྲྭ་ཚང་གི་ཚོགས་ཁང་གནང་བར་གྲགས་སོ། །
     གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་བླ་རྒྱུད་དང་པོ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ནས་སྤྱི་ལོ་1959ལོར་ཤར་རྩེ་དགེ་བཤེས་དཔལ་ལྡན་བར་རིམ་པ་སྟར་བྱོན་ནས་སྟོད་རྒྱུད་ཀྱི་འཆད་ཉན་ལེགས་པར་མཛད་དོ། ། དེ་ལྟར་གསང་སྔགས་རིག་པ་འཛིན་པའི་རྒྱུད་གྲྭ་རྣམ་གཉིས་ཀྱི་ཁྱད་ཆོས་ལྟ་བུར་མཚོན་ན། ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པ་ལ། ནང་གསང་སྔགས་ཟབ་མོའི་རྣལ་འབྱོར་གྱིས་རྒྱུད་ཕྱུག་པ་དང་། མདོ་སྔགས་ཟུང་འབྲེལ་གྱིས་རྒྱལ་བསྟན་འཛིན་པའི་དགོས་པ་ལ་རྟེན་ཐོག་མར་གྲྭ་ས་ཆེན་པོ་རྣམས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པ་མཛད་ནས། དེ་རྗེས་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་གྲྭ་ཚང་གང་རུང་དུ་ཕེབས་ཏེ། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་མཐར་ཐུག རྣལ་འབྱོར་བླ་མེད་རྩ་རྒྱུད་ཀྱི་གསང་སྔགས་རྒྱུད་སྡེ་རྒྱ་མཚོ་ཆེན་པོར་ཐོས་བསམ་སྒོམ་གསུམ་དང་སྒྲུབ་པ་ཉམས་བཞེས་གནང་ཏེ། མདོ་སྔགས་ཀྱི་གནད་ཐམས་ཅད་རྫོགས་པའི་དགེ་བའི་བཤེས་གཉེན་དུ་བསྒྱུར་བ་དེ་དག་ལ་ལ་ནི་དགའ་ལྡན་གསེར་ཁྲི་དང་དགོན་སྡེ་སོ་སོའི་མཁན་པོ་མཛད། ལ་ལ་ནི་དབེན་པའི་རི་སུལ་དུ་ཚེ་དང་སྒྲུབ་པ་མཉམ་པར་མཛད་དེ་རྒྱལ་བསྟན་ཉི་མ་ལྟར་གསལ་བ་མཛད་དོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060