གནས་ཡུལ། མདུན་ངོས། འོས་སྦྱོར་ཁྱད་པར་ཅན།
 
 
༄༅།།བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལེགས་བཅོས་བྱ་རྒྱུའི་སྐོར་བཀའ་ཤག་ནས་རྫོང་གཞིས་ཁག་ལ་བཀྲམ་པའི་རྩ་ཚིག
སྤེལ་དུས།2008-12-15   ཡོང་ཁུངས་།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བ།   རྩོམ་པ་པོ། འབྲུག་མོས་ཞུ་དག་བྱས།
      རྒྱ་ཁྱབ་རྫོང་གཞིས་ཁག་གི་སྤྱི་ཁྱབ་དང་། རྫོང་གཞིས་སྣེ་སྡོད་མངའ་ཁུལ་གཙོ་དྲག་དང་རྒན་དམངས་ཀྱིས་གཙོས་གཞུང་སྒེར་ཆོས་བཅས་ལྷ་སྡེ་མི་སྡེ་མཐའ་དག་ནས་ངེས་དགོས། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཟབ་མོ་སྤྱི་ཕེབས་དགོངས་དོན་བོད་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་ཞིང་འདིའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་འཛིན་དགེ་འདུན་སྡེ་དང་བཅས་པ་དར་རྒྱས་ཡུན་གནས་དང་། གཞུང་སའི་ཆབ་སྲིད་ཀྱི་དཔལ་ཡོན་མཐའ་དག་ཡར་རྒྱས། ཆབ་འབངས་མི་སེར་རྣམས་ལ་བརྡབས་མནར་མེད་པར་བདེ་བར་འཚོ་ཐབས། རྒྱ་བོད་གྲོས་མཐུན་གཞིར་བཟུང་བོད་ཀྱི་ལས་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུ་བོད་ས་གནས་སྲིད་གཞུང་རང་ནས་བསྐྱངས་དགོས་བཅས་ལ་བརྟེན་ལེགས་བཅོས་སྤྱི་ཚོགས་ཟུར་འཛུགས་བསྐྱངས་དོན་སྤྱི་ཚོགས་ནས་བསམ་ཞིབ་ཀྱི་བསམ་འཆར་ཚིག་ཐོ་དང་འབྲེལ་བོད་ལྗོངས་སྤྱི་ཚོགས་རྒྱས་པར་གོ་བསྡུར་གྱིས་སྔ་འཕྲོས་ལེགས་བཅོས་གནང་འོས་ཚིག་ཐོ་སྤྱི་ཐམ་བཞི་སྦྱར་ཕུལ་དོན་ལྟར་གོང་ས་སྐྱབས་མགོན་ཆེན་པོར་འཆར་འབུལ་ཕྱག་རྟགས་དགོངས་དོན་གཞུང་རྫོང་གཞིས་རྣམས་གནའ་དུས་གཞུང་འཛིན་གྱི་རྫོང་ཡོང་བཀར་གསུམ་རྩིས་ཞུ་བྱེད་སྟངས་རྩིས་ཁང་དུ་དེབ་ཐེར་ཡིག་རིགས་རྣམ་གྲངས་ཞིབ་གསལ་ཡོད་པ་ལྟར་རྩེ་ཤོད་ཕྱག་མཛོད་ཀྱིས་མཚོན་ལས་ཁུངས་ཁག་ལ་འབབ་དེབ་ནང་གསལ་ཕྱག་འབབ་ལོ་ལོ་དུས་ཐོག་ཆད་མེད་གཙང་འབུལ་དང་། ཆོས་རྒྱུན་ཁག་གིས་མཚོན་མི་འགྲོའི་ཕོགས་ཐོབ་སོགས་ཕྱི་འགྲོ་རྣམས་སྔར་ལམ་ཉམས་མེད་སྤྲད་འཕྲོས་གཞུང་འབབ་ཇི་ཡོད་ས་གནས་སུ་བཀར་འཇུག་སོགས་རྗེ་འབངས་གཉིས་དགེའི་སྒྲིག་སྲོལ་བཟང་པོ་འཆོལ་མེད་ཡོད་འདུག་ཀྱང་། བར་སྐབས་ཤིག་ནས་རྩ་འཛིན་དེབ་ཐེར་ཡིག་རིགས་ལ་མ་གནས་པའི་གཞུང་བསམ་མིག་ལྟོས་རིམ་ལད་ཀྱིས་བཀར་འཇུག་དང་། ལས་ཁུངས་ཁག་གི་སྒྲིག་འབབ་ལོ་རེ་ནས་ལོ་རེ་ཆད་འཇོག་གང་ཐུབ། ཆོས་མཐུན་འགྲོ་ཆའི་རིགས་ཀྱང་ཉམས་ཆག་ཅི་ཆེར་གཏོང་བ་དང་། མི་སེར་ཐོག་འབམ་སྤུས་སོགས་བརྡབས་མནར་གྱིས་རྗེ་འབངས་ལྕགས་བརྡར་མཉམ་ཟད་དུ་འགྲོ་གཞིའི་དགེ་སྐྱོན་བྱུང་བ་གསལ་མཐོང་ལ་བརྟེན་ཤིང་རྟ་ནས་བཟུང་རྫོང་ཡོང་ཆབས་ཅིག་གཞུང་འཛིན་གནང་རྒྱུར་ཐུགས་གཏན་འཁེལ་ཁོངས་སྒེར་ཁག་ལ་ཕྱིར་ཆོད་རྫོང་གཞིས་དང་ལེ་ལག་རྫོང་སྐྱོང་སོགས་དབྱེ་ཞིབ་ཕྱིར་བཞེས་གནང་རྒྱུ་ཕུད། ད་ཕན་རྩེ་ཤོད་དྲུང་རིགས་སེར་སྐྱང་སོགས་དབྱེ་ཞིབ་ཕྱིར་བཞེས་གནང་རྒྱུ་ཕུད། ད་ཕན་རྩེ་ཤོད་དྲུང་རིགས་སེར་སྐྱའི་འགྲོ་ཁུངས་དང་ཐབ་རྟེན་ཁག་ལོ་དུས་རྩལ་རིགས་བཅས་ཕུལ་བཞེས་ཟླ་བསྒྲིལ་གྱིས་མི་འགྲོ་སེར་སྐྱ་ཉིས་སྦྲེལ་དང་། སེར་སྐྱ་འགྲོ་རེས་མོས་སྙོམས་བསྐོ་གཞག་གིས་གཞུང་འཛིན་མཛད་པར་བརྟེན་རྫོང་སྡོད་མི་འགྲོ་སོ་སོ་ནས་རྩེ་ཤོད་ཕྱག་མཛོད་ཀྱིས་མཚོན་ལས་ཁུངས་ཁག་གི་དེབ་གསལ་སྒྲིག་འབབ་སྔ་སོར་ཆུད་དེ་ཟུར་དུ་ཕྱག་འབབ་འཕར་མ་གཟེངས་ཐོན་ཡོང་བ་དང་། མཆོད་རྒྱུན་སྔར་ལམ་གང་ཡོད་རྣམས་ཁ་ཡོད་ལག་མེད་དུ་མ་སོང་བའི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ། གཞན་ཡང་ཕྱི་འགྲོ་སྔར་རྒྱུན་དགོས་ངེས་རིགས་ཀྱང་ཉམས་མེད། ཆབ་འབངས་མི་སེར་ཐོག་བརྡབས་བསིགས་མེད་པར་འགོ་འདོན་འཚོ་སྐྱོང་གང་ཟབ་ཐུབ་པ་དགོས་རྒྱུ་བཅས་གཞིར་བཟུང་གིས་སྤྱི་སྒྲིག་རྩ་འཛིན་དགོས་རྒྱུའི་དོན་ཚན་དང་པོ། རྫོང་གཞིས་མི་འགྲོ་སེར་སྐྱ་ངོ་མ་སོ་སོ་ལས་རྒྱུན་རིང་བཀའ་འབྲེལ་གཞུང་དོན་གལ་ཆེར་ངོ་མ་བཅར་དགོས་ཀྱི་ངོ་ཚབས་བཞག་འཐུས་བཀའ་ཁྲོལ་རིགས་དང་། རྩིས་ཞུར་བཅར་རྒྱུར་ངོ་ཚབ་དོ་ཆོད་འཛུགས་འཇོག་ཆོག་པ་ལས། དེ་མིན་རྣམ་ཀུན་ས་གནས་སུ་གཏན་སྡོད་ཀྱིས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཟང་ཁྲིམས་འདོམས་གང་ཆེ་དགོས་རྒྱུ་དང་། མངའ་ཁུལ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དང་། རིས་མེད་དགེ་འདུན་གྱི་སྡེ་དགོན་རྣམས་ཉམས་ཆག་མེད་ཅིང་། དགེ་འདུན་ཐུགས་མཐུན་ཁྲིམས་གཙང་ཐོས་བསམ་བཤད་སྒྲུབ་བསྟན་པའི་མིག་རྒྱན་དུ་འགྱུར་བའི་མཇུག་གནོན་རྒྱུན་བསྲིངས་ཐོག དགོན་སྡེ་ཁག་གི་བླ་མ་ལས་སྣེ་རྣམས་ནས་ཀྱང་ཆོས་ཁྲིམས་བྱེད་སྒོ་རང་ལུགས་བཅའ་ཁྲིམས་དང་། གཞུང་རྩལ་བཀའ་རྩ་རིམ་པའི་འབྲུ་དོན་འགལ་མེད་རང་དོན་རང་གཅེས་ཀྱིས་སྒྲིག་ཁྲིམས་གནོན་བསྡེམས་ཚུལ་བཞིན་དགོས་རྒྱུ་མ་ཟད། མི་སྡེ་རྣམས་ནས་ཀྱང་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཟང་པོའི་ཉམས་ལེན་འགལ་མེད་ཐོག་ཁྲལ་ཁྲིམས་འཁྲི་འཁུར་དགོས་ངེས་ཀྱི་རིགས་ལ་ངན་བརྒལ་གང་ཐུབ་མི་བྱེད་པར་སྒྲུབ་འཁུར་ཚུལ་བཞིན་དགོས་རྒྱུདང་། ཁྲིམས་འགལ་བྱེད་མིའི་རིགས་ལ་སྣེ་སྡོད་ནས་གཅོད་རྒྱ་གཏོང་སྐབས་འགལ་ཉེས་ཆེ་ཆུང་ལ་གཞིགས་པས་རྒྱལ་ཁྲིམས་ཀྱི་ཆེ་འདེགས་དང་ལམ་བཟོ་སོགས་ཡུལ་སྤྱིར་སྨན་པ། སྔར་སྲོལ་མགུར་མོའི་གྲངས་བཅད། ཉེས་ཅན་རིགས་ལ་ལུས་སྟེང་རྩ་ར་གཅོད་འོས་བཅས་ཀྱི་ཐམ་བཞི་སྦྱར་ཕུལ་དོན་ལྟར་གོང་ས་སྐྱབས་མགོན་ཆེན་པོར་འཆར་འབུལ་ཕྱག་རྟགས་དགོངས་དོན་གཞུང་རྫོང་གཞིས་རྣམས་གནའ་དུས་གཞུང་འཛིན་གྱི་རྫོང་ཡོང་བཀར་གསུམ་རྩིས་ཞུ་བྱེད་སྟངས་རྩིས་ཁང་དུ་དེབ་ཐེར་ཡིག་རིགས་རྣམ་གྲངས་ཞིབ་གསལ་ཡོད་པ་ལྟར་རྩེ་ཤོད་ཕྱག་མཛོད་ཀྱིས་མཚོན་ལས་ཁུངས་ཁག་ལ་འབབ་དེབ་ནང་གསལ་ཕྱག་འབབ་ལོ་ལོ་དུས་ཐོག་ཆད་མེད་གཙང་འབུལ་དང་། ཆོས་རྒྱུན་ཁག་གིས་མཚོན་མི་འགྲོའི་ཕོགས་ཐོབ་སོགས་ཕྱི་འགྲོ་རྣམས་སྔར་ལམ་ཉམས་མེད་སྤྲད་འཕྲོས་གཞུང་འབབ་ཇི་ཡོད་ས་གནས་སུ་བཀར་འཇུག་སོགས་རྗེ་འབངས་གཉིས་དགེའི་སྒྲིག་སྲོལ་བཟང་པོ་འཆོལ་མེད་ཡོད་འདུག་ཀྱང་། བར་སྐབས་ཤིག་ནས་རྩ་འཛིན་དེབ་ཐེར་ཡིག་རིགས་ལ་མ་གནས་པའི་གཞུང་བསམ་མིག་ལྟོས་རིམ་ལད་ཀྱིས་བཀར་འཇུག་དང་། ལས་ཁུངས་ཁག་གི་སྒྲིག་འབབ་ལོ་རེ་ནས་ལོ་རེ་ཆད་འཇོག་གང་ཐུབ། ཆོས་མཐུན་འགྲོ་ཆའི་རིགས་ཀྱང་ཉམས་ཆག་ཅི་ཆེར་གཏོང་བ་དང་། མི་སེར་ཐོག་འབམ་སྤུས་སོགས་བརྡབས་མནར་གྱིས་རྗེ་འབངས་ལྕགས་བརྡར་མཉམ་ཟད་དུ་འགྲོ་གཞིའི་དགེ་སྐྱོན་བྱུང་བ་གསལ་མཐོང་ལ་བརྟེན་ཤིང་རྟ་ནས་བཟུང་རྫོང་ཡོང་ཆབས་ཅིག་གཞུང་འཛིན་གནང་རྒྱུར་ཐུགས་གཏན་འཁེལ་ཁོངས་སྒེར་ཁག་ལ་ཕྱིར་ཆོད་རྫོང་གཞིས་དང་ལེ་ལག་རྫོང་སྐྱོང་སོགས་དབྱེ་ཞིབ་ཕྱིར་བཞེས་གནང་རྒྱུ་ཕུད། ད་ཕན་རྩེ་ཤོད་དྲུང་རིགས་སེར་སྐྱའི་འགྲོ་ཁུངས་དང་ཐབ་རྟེན་ཁག་ལོ་དུས་རྩལ་རིགས་བཅས་ཕུལ་བཞེས་ཟླ་བསྒྲིལ་གྱིས་མི་འགྲོ་སེར་སྐྱ་ཉིས་སྦྲེལ་དང་། སེར་སྐྱ་འགྲོ་རེས་མོས་སྙོམས་བསྐོ་གཞག་གིས་གཞུང་འཛིན་མཛད་པར་བརྟེན་རྫོང་སྡོད་མི་འགྲོ་སོ་སོ་ནས་རྩེ་ཤོད་ཕྱག་མཛོད་ཀྱིས་མཚོན་ལས་ཁུངས་ཁག་གི་དེབ་གསལ་སྒྲིག་འབབ་སྔ་སོར་ཆུད་དེ་ཟུར་དུ་ཕྱག་འབབ་འཕར་མ་གཟེངས་ཐོན་ཡོང་བ་དང་། མཆོད་རྒྱུན་སྔར་ལམ་གང་ཡོད་རྣམས་ཁ་ཡོད་ལག་མེད་དུ་མ་སོང་བའི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ། གཞན་ཡང་ཕྱི་འགྲོ་སྔར་རྒྱུན་དགོས་ངེས་རིགས་ཀྱང་ཉམས་མེད། ཆབ་འབངས་མི་སེར་ཐོག་བརྡབས་བསིགས་མེད་པར་འགོ་འདོན་འཚོ་སྐྱོང་གང་ཟབ་ཐུབ་པ་དགོས་རྒྱུབས་གཞིར་བཟུང་གིས་སྤྱི་སྒྲིག་རྩ་འཛིན་དགོས་རྒྱུའི་དོན་ཚན་དང་པོ། རྗོང་གཞིས་མི་འགྲོ་སེར་སྐྱ་ངོ་མ་སོ་སོ་ལས་རྒྱུན་རིང་བཀའ་འབྲེལ་གཞུང་དོན་གལ་ཆེར་ངོ་མ་བཅར་དགོས་ཀྱི་ངོ་ཚབ་བཞག་འཐུས་བཀའ་ཁྲོལ་རིགས་དང་། རྩིས་ཞུར་བཅར་རྒྱུར་ངོ་ཚབ་དོ་ཆོད་འཛུགས་འཇོག་ཆོག་པ་ལས། དེ་མིན་རྣམ་ཀུན་ས་གནས་སུ་གཏན་སྡོད་ཀྱིས་ལྷ་ཆོས་དགེ་བ་བཅུ་དང་། དེ་མིན་རྣམ་ཀུན་ས་གནས་སུ་གཏན་སྡོད་ཀྱིས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཟང་ཁྲིམས་འདོམས་གང་ཆེ་དགོས་རྒྱུ་དང་། མངའ་ཁུལ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དང་། རིས་མེད་དགེ་འདུན་གྱི་སྡེ་དགོན་རྣམས་ཉམས་ཆག་མེད་ཅིང་། དགེ་འདུན་ཐུགས་མཐུན་ཁྲིམས་གཙང་ཐོས་བསམ་བཤད་སྒྲུབ་བསྟན་པའི་མིག་རྒྱན་དུ་འགྱུར་བའི་མཇུག་གནོན་རྒྱུད་བསྲིངས་ཐོག དགོན་སྡེ་ཁག་གི་བླ་མ་ལས་སྣེ་རྣམས་ནས་ཀྱང་ཆོས་ཁྲིམས་བྱེད་སྒོ་རང་ལུགས་བཅའ་ཁྲིམད་དང་། གཞུང་རྩལ་བཀའ་རྩ་རིམ་པའི་འབྲུ་དོན་འགལ་མེད་རང་དོན་རང་གཅེས་ཀྱིས་སྒྲིག་ཁྲིམས་གནོན་བསྡེམས་ཚུལ་བཞིན་དགོས་རྒྱུ་མ་ཟད། མི་སྡེ་རྣམས་ནས་ཀྱང་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཟང་པོའི་ཉམས་ལེན་འགལ་མེད་ཐོག་ཁྲལ་ཁྲིམས་འཁྲི་འཁུར་དགོས་ངེས་ཀྱི་རིགས་ལ་ངན་བརྒལ་གང་ཐུབ་མི་བྱེད་པར་སྒྲུབ་འཁུར་ཚུལ་བཞིན་དགོས་རྒྱུ་དང་། ཁྲིམས་འགལ་བྱེད་མིའི་རིགས་ལ་སྣེ་སྡོད་ནས་གཅོད་རྒྱ་གཏོང་སྐབས་འགལ་ཉེས་ཆེ་ཆུང་ལ་གཞིགས་པས་རྒྱལ་ཁྲིམས་ཀྱི་ཆེ་འདེགས་དང་ལམ་བཟོ་སོགས་ཡུལ་སྤྱིར་སྨན་པ། སྔར་སྲོལ་མགུར་མོའི་གྲངས་བཅད། ཉེས་ཅན་རིགས་ལ་ལུས་སྟེང་རྩ་ར་གཅོད་འོས་བཅས་ཀྱི་ཉེས་བཀོད་བབས་བསྟུན་བློས་དཔྱད་བྱེད་ཅིང་། ཡུལ་གྲོང་དང་། ལ་ཕྲང་ས་ཁུལ་གང་ཅིར་བཅོམ་འཕྲོག་ཆོམ་རྐུན་གྱི་འཇིགས་པ་མིང་ཙམ་མི་གྲགས་པའི་འཇིགས་སྐྱོབ་འཛུགས་འོས་སོགས་ཁྲིམས་བདག་ཁྲིམས་གཅེས་མཇུག་གནོན་རྒྱུན་བསྲིང་བགྱིས་ཏེ་མི་གསོད་ཐལ་ཆ་བྱུང་རིགས་ཀྱི་ལག་དམར་དང་། རྐུ་འཕྲོག་ཆོམ་རྐུན་བྱེད་པོ་དངོས་འབྲེལ་གང་ཡིན་བཏང་ཤོར་མེད་པའི་འཛིན་བཟུང་དང་། སྲོལ་ཐལ་མིན་པའི་ལུས་སྟེང་རྣག་ཐོག་རྩག་འཁེལ་རྩ་ར་ནན་འདོམས་དང་། བྱེད་གཏེ་སོ་སོའི་རྒྱུ་དངོས་ཀྱི་ཐོབ་ཆ་དངོས་འབྲེལ་ཇི་ཡོད་བཅས་གཞུང་ལེན་གྱིས་དྲང་འབྲེལ་ཁྲིམས་འདོམས་བློས་དཔྱད་ཐག་གཅོད་བྱས་འཐུས་ལས། ནག་མེད་ནང་མི་སྤྱི་བྱིངས་བདེ་རྩར་གནོད་གཞིའི་ཐག་ཞོར་འབྲེང་དྲུད་མཁར་དབང་རྒྱུ་དངོས་རྩ་འཕྲོག་རིགས་དང་། དགའ་མིན་ཞེ་བཞག་གིས་ཡོ་ཁྱོག་རིགས་ནམ་ཡང་མི་ཆོག་པའི་ཁྲིམས་འདོམས་དང་འབྲེལ་གླེང་མེད་དགོས་རྒྱུའི་ཐོག ལག་དམར་ངོ་མར་ཉེས་ཆད་སླད་ལམ་འདོམས་ཆེད་ཁྲིམས་འདོམས་ཞུ་ཕྱོགས་འཆར་གཞི་ཐད་འབུལ་ཞུས་འཐུས་དང་། རྐུ་མ་རྐུན་ཐོག་དང་། འཛིན་བཟུང་བྱེད་སྐབས་བཅས་པར་སྲོག་སྐྱོན་བྱུང་རིགས་ལ་བརྡ་འདེད་རྩད་གཅོད་མེད་པ་བགྱིས་རྒྱུ། དོན་ཚན་གཉིས་པར། རྫོང་གཞིས་ཡོང་སྡུད་དང་བཅས་པ་གཞུང་འཛིན་གནང་བར་བརྟེན་གཞིས་སོན་རྩ་སྤྲོད་འབྲུ་ཡོད་རིགས་ནས་སོན་འདེང་མིན་དང་། སྤྲོད་འབྲུ་མེད་རིགས་ལ་སོན་རྩ། རྨོས་མཛོ། ཤོལ་ལྕགས། ལུད་གསོག་ར་ལུགས་སོགས་དགོས་ངེས་རྫོང་གཞིས་མི་འགྲོ་སོ་སོས་ཐབས་འཁོས་ཀྱིས་འདེབས་ལས་ཕྱིས་སྐྱོན་མེད་པ་དགོས་རྒྱུར་སོན་རྩ་དང་ཕྱི་འགྲོ་རྩག་རྩིག་སོགས་ཇི་སོང་ཧེ་བག་མེད་པ་ཐོ་འགོད་ཐོག་དུས་བཞིའི་སོ་ནམ་བྱེད་སྒོ་གཉེར་ཕོས་ལེན་གྱི་སླ་བཅོས་མ་ཡིན་པའི་སྟོན་འབྲས་ཐོན་འབབ་གོང་འཕེལ་འབྱུང་ཐབས་རུ་ང་ཚགས་ཚུད་བགྱིས་ཏེ་ཐོན་འབབ་ཇི་བྱུང་དང་། ཡོང་སྡུད་དེབ་གསལ་འབབ་རིགས་ཆད་ཁུམས་མེད་པ་བསྡུ་ཚགས་སྡེ་ཚན་མ་འདྲེས་པའི་ཐོ་འགོད་བྱུང་སྟེང་ནས་འཆར་ཅན་ས་གནས་སུ་བཀར་འཇུག་དང་། རྩེ་ཤོག་ཕྱག་མཛོད། མཁན་ཁོངས་ཀྱིས་མཚོན་གཞུང་ལས་ཁུངས་ཆེ་ཕྲར་སྔར་འཁྲི་གཞུང་འབབ་གང་ཡོད་ཆད་མེད་དུས་འབུལ་ཐོག ས་གནས་སུ་མཆོད་རྒྱུན་འགྲོ་ཆ་ཡོད་རིགས་སྔར་ལམ་ཉམས་ཆག་མེད་པ་དུས་སྤྲོད་གླེང་མེད་དང་། གཞུང་འཛིན་གནང་བའི་དགོས་དོན་འཕར་མའི་གཞུང་འབབ་ཟལ་ཐོན་རྩིས་ཞུ་ཐུབ་པ་བགྱིས་ཏེ་བྱུང་སོང་རྩིས་ཁྲ་ཁམས་དྭང་དང་། འཆར་ཅན་གཞུང་འབབ་བཀར་འཇུག་ཞུས་ཟིན་དང་། ཁ་ལྷག་ཟལ་ཐོན་རྩིས་ཞུ་ཞུ་རྒྱུ་ཡོད་པའི་འབྲུ་རིགས་ཀྱི་འབྲུ་ཚད་ལས་དམ་སྦྱར་མ་བཅས་ཟླ་༡༢ཚེས་༣༠ཚུན་ངེས་འབུལ་ཐུབ་པ་དགོས་རྒྱུ་དང་། རྫོང་གཞིས་ཁོངས་གཞིས་ལག་ཡོད་རིགས་ལ་སོན་རྩ་གཏོང་དམིགས་དང་། སོ་ནམ་ཞིང་གཡོག་དམིགས་བསལ་བསྐུལ་ཡུལ་མེད་པས་རྫོང་སྡོད་རང་ནས་འདེབས་འཁོ་བགྱིས་དགོས། གཞུང་གནོད་ཀྱི་ཕྱག་འབབ་ཆེ་བ་མེད་རིགས་ཁ་འཛིན་ཡིག་རིགས་གཏོང་ཐལ་མེད་པར་མངའ་ཁུལ་ས་ཞིང་འདེབས་ལས་དང་། བོག་མ་དུས་འབུལ་ཐུབ་ངེས་ལ་བོག་གཏོང་། ཕྱེད་ཤས་གང་འོས་རྫོང་ཐོག་སོ་སོའི་རིང་གཞུང་སར་ཕྱག་འབབ་གང་ཆེ་ཡོང་བའི་ཐབས་རྩལ་བློས་དཔྱད་ཆོག་རྒྱུ། བྱང་རིགས་མངའ་ཁུལ་རྫོང་གཞིས་སོ་སོར་མགོ་བརྩི་འདི་བཞིན་གཞུང་འབབ་དང་། མི་སེར་ནང་ཁུལ་ཁྲལ་འཁྲི་མོས་སྙོམས་འབྱུང་བའི་བདེ་དོན་གལ་ཆེར་བརྟེན་ད་ཕྱིན་མགོ་བརྩི་བྱེད་མཚམས་སྐབས་འཁེལ་ཐོག་གཞུང་གནས་སུ་དགོངས་སྐོར་འཆར་འབུལ་མ་དགོས་པར་རང་རང་རྫོང་འགོ་སོ་སོས་འཁུར་ལེན་འགོ་འཛིན་གྱིས་གཙོ་རྒན། མངའ་ཁུལ་མི་སེར་བྱིངས་ནས་སྤྱི་མོས་དྲང་བདེན་འོས་ཐོ་འདེམས་སྒྲུགས་བགྱིས་པའི་འཐུས་མི་དོ་ཆོད་གསུམ་རེ་བཅས་མཉམ་སྦྲེལ་གོ་བསྡུར་ཐོག་ནས་དགོན་སྡེ་ཁག་གི་མཆོད་རྩ་དང་། གྲྭ་ཟོག་སེམས་ཅན་ལ་རྩྭ་རིན་བླངས་ཏེ་མགོ་བརྩི་ནས་ཕུད་ལམ་ཇི་ཡོད་སྔར་གནས་ཀྱི་དེ་བྱིངས་ཁྲལ་ཟོག་སེམས་ཅན་དཀར་ནག་གང་ཡོད་སྦས་བཀུང་སྦུག་འདྲེན་མེད་པའི་མནའ་གན་མཐའ་འདོམས་དང་འབྲེལ་ལག་བཞག་གི་མགོ་བརྩི་བགྱིས་ཏེ་ཁྲལ་གཞུང་འདྲ་གཉིས་གསར་བཀོད་ཀྱིས་འདྲ་ཡ་སྙན་འབུལ་ཐོག་སླད་ཀྱང་ལོ་བཞི་རེའི་མཚམས་སོ་སོར་གོང་བཞིན་མགོ་བརྩི་བགྱིས་ཏེ་ཁྲལ་རིགས་གང་ཅི་མགོ་བདེ་དྲན་འཕྲུལ་གྱི་ཁྲལ་ཁྱོག་སྙོན་འགེལ་རིགས་མེད་པའི་དྲང་མོས་ངེས་སྙོམས་གླེང་མེད་ཀྱིས་གཞུང་འབབ་ཆད་མེད་དུས་འབུལ་བཅས་བློ་རྩལ་ལྷག་བསམ་ཟབ་འབུང་དགོས་རྒྱུ། ད་ལམ་རྫོང་གཞིས་ཚང་མ་གཞུང་འཛིན་མི་འགྲོ་བསྐོ་མངགས་བྱས་པར་བརྟེན་རྫོང་འགོ་གཞིས་སྡོད་རྙིང་པ་རྣམས་ནས་སྤྲོད་འབྲུ་རིགས་དང་། རྨོས་མཛོས་མཚོན་སྤྲོད་རིགས་ཆེ་ཕྲ་གང་ཅི་ཆད་འཇོག་ཏུ་གཏན་ནས་བཞག་མི་ཆོག་ཅིང་། མངའ་ཁུལ་འབྱོར་ལྡན་རྣམས་ཀྱང་འདི་ལོའི་རིང་གཞུང་འཛིན་ཐོག་མར་བརྟེན་མཐུན་འགྱུར་གང་ཟབ་དགོས་རྒྱུ། དོན་ཚན་གསུམ་པར། རྫོང་གཞིས་གཞུང་འཛིན་བསྐྱངས་པ་འདི་ཐད་ཆོས་སྦྱིན་གྱི་མངའ་བདག་གཞུང་གི་ཕྱག་རྫས་འཕེལ་ཐབས་དང་། ཆབ་འབངས་བདེ་བར་འཚོ་བའི་ཐབས་ཚུལ་བཅས་རྗེ་འབངས་གཉིས་དགེའི་དགོངས་བཞེད་ཀྱི་མི་འགྲོ་སོ་སོར་ཤིང་རྟ་ལོ་འཁོར་གཅིག་རིང་ས་ཐག་རིང་ཐུང་ལ་གཞིགས་པའི་ཕོགས་ཐོབ་ཟུར་དུ་རྩལ་པ་དང་། ཤིང་རྟ་ལོ་འཁོར་བྱུང་སོང་རྩིས་ཞུ་ཞུས་མཚམས་ནས་རང་རང་གཞུང་བསམ་བྱས་རྗེས་རྣམ་དབྱེའི་ཐོག་ནས་ཕོགས་ཐོབ་སྤར་ཆ་རྩལ་རྒྱུ་ཐུགས་གཏན་འཁེལ་བ་ལྟར་འདོད་ཆུང་ཆོག་ཤེས་ཀྱི་གཙོ་བོར་རྫོང་ཡོངས་ཁྲལ་འབབ་བསྡུ་གཏོང་གང་སར་བློ་ལྷད་ཀུན་རྫོབ་ཕྲ་མོ་ཙམ་མེད་པ་རྩིས་ཁྲ་ཁམས་དྭང་འགོད་འབུལ་དགོས་རྒྱུ་སྨོས་ཅི། གཞུང་སྒེར་ཆོས་བཅས་མི་སེར་ཐོག་རྫོང་གཞིས་ངོ་གཡོག་སུ་ཐད་ནས་ལམ་ངན་སྒྲིག་འཛིན་གྱི་རང་དོན་འབམ་ཚོང་སྤུས་བསྒྱུར་དང་། རེ་བཅོལ་སོགས་མིང་ཐོག་འདྲ་སྦྱར་གྱིས་དངོས་ཤུགས་ནས་ཚོང་འཁོས་ཐབས་ལེན། རྫོང་གཞིས་འགའ་ཤས་ལ་ར་སློང་ལུགས་སློང་། བལ་སློང་། མར་སློང་ཟེར་བ་སོགས་ཁུངས་མེད་བཙན་ལེན་བྱེད་པའི་ལམ་ངན་རིགས་དང་། ལྷག་པར་གཞུང་སྒེར་ཆོས་བཅས་ཀྱི་མི་སེར་ཁོངས་ཡུལ་འབྲོག་གང་སར་ཁྱིམ་ཚང་ནང་ཁ་གཤིན་མིན་གྱིས་ཐ་དད་བྱེད་སྐབས་རྫོང་གཞིས་སྣེ་སྡོད་དང་། སྒེར་ཆོས་དཔོན་འགོ་སོ་སོས་བགོས་ཕུད་བཅུ་ཟུར་ཞེས་པ་ལེན་སྲོལ་ཡོད་འདུག་པ་ད་ནས་བཟུང་མི་སེར་གྱི་བདེ་རྩར་གནོད་གཞིའི་བགོས་ཕུད་བཅུ་ཟུར་ཟེར་བ་མིང་ཙམ་སྤྲོད་ལེན་གཏན་ནས་མི་ཆོག་ཁར། རྫོང་སྡོད་སེར་སྐྱ་ངོ་གཡོག་ནས་རང་དོན་སྒེར་གྱི་ས་ཞིང་འདེབས་བསྐུལ་ནམ་ཡང་མི་ཆོག་པ་བཅས་གཞུང་འབབ་ཀྱིས་མཚོན་ལྷག་བསམ་བྱས་རྗེས་ཐོན་རིགས་ལ་ཕོགས་འཕར་དང་། གོ་མིང་གནས་སྤར། གཞུང་འབབ་ལ་གཡོ་ཟོལ་ཧེ་བག་བཏང་རིགས་དང་། ཆབ་འབངས་ཐོག་འཕར་བརྡབས་ཚུལ་མིན་བྱས་པར་གསལ་འཕྲོད་རྣམ་ལ་མིག་ལྟོས་འདོམས་པའི་ཉེས་ཆད་སྐབས་འཕྲལ་གཅོད་རྒྱུ། ཡུལ་གྲུ་འགའ་ཤས་ལ་སྐྱ་སྔོའི་ཆུ་ཐོབ་ཐད་སྤྱི་སྒྲིག་ཆུ་ཁྲ་སོགས་རྩ་འཛིན་མེད་པར་ཆུ་བདག་ནས་བཙུན་ཤེ་ཀྱིས་མི་སེར་ཁྱེར་དམན་སོགས་ཀྱི་ཞིང་ལ་ཞིང་ཆུ་བཀག་འགོག་བྱེད་ཀྱི་ཡོད་འདུག་པ་ད་ནས་བཟུང་ཆུ་བདེ་སྐྱིད་ཀྱི་རྩ་བར་སོང་ཚང་མར་མོས་སྙོམས་ཀྱིས་གཏོང་བ་ལས། ཆུ་བདག་ཡིན་ཚུལ་གྱིས་བཀག་འགོག་རིགས་གཞུང་སྒེར་ཆོས་བཅས་སུ་ཐད་ནས་དངོས་ཤུགས་སུ་མི་ཆོག་པར་གཞུང་ཕྱག་འདེབས་ཀྱིས་མཚོན་ཁྲལ་ཞིང་། ཆོས་གཞིས། གསར་སྦོལ་བཅས་པར་དཔོན་འགོ་མི་སེར་བཅས་མོས་སྙོམས་གཏོང་འགྲེམས་བཀོད་ཁྱབ་བྱེད་ཅིང་། སྒེར་ཆོས་ཁག་ནས་ནར་ཁྲལ་བསྐུལ་འདེད་རིགས་ལའང་རྐང་འགྲོ་རྟ་ཁལ་ཞིང་གཡོག་སོགས་མཚམས་ཚོག་མེད་པའི་མི་སེར་བདེ་རྩར་བསམ་མེད་འར་འདེད་བཙན་བསྐུལ་རིགས་དང་། རང་འོག་མི་སེར་ལ་ནང་རྡུང་སྲོག་རྐྱེན་དུ་གཏོང་བ་སོགས་ཁྲིམས་འགལ་རིགས་གཏན་ནས་མི་ཆོག་ཁར། གཞུང་སྒེར་ཆོས་བཅས་ཚང་མས་ལེན་སྤྲོད་འབོ་རྒྱ་གང་ཅི་གཏན་ཚིག་མཁར་རུ་དང་། མཁར་རྒྱ་ཚད་འཕེར་རང་ལ་རྩ་འཛིན་དགོས་རྒྱུར་མངའ་ཁུལ་སྤྲད་ལེན་འབོ་རྒྱར་གཡོ་ཟོལ་ཡོད་རིགས་རྫོང་གཞིས་སོ་སོས་སྐྱོན་སང་གིས་འབོ་རྒྱ་གསར་ཞུ་དང་། གཡོ་ཟོལ་ཅན་གྱི་འབོ་རྒྱ་ཕྱིར་བསྡུ་བྱེད་འོས་བཅས་དྲང་ཞིབ་མཇུག་གནོན་དགོས་རྒྱུ། རྫོང་གཞིས་དང་། སྒེར་ཆོས་གཞིས་ཁག་སོ་སོའི་བཙས་མ་རྔ་འདྲེན་མ་ཟིན་བར་ཆབ་འབངས་མི་སེར་གྱི་སྟོན་འབྲས་རྔ་འདྲེན་མི་ཆོག་པ་དང་། རེ་འགར་རྔ་འདྲེན་ཆོག་འཐུས་དགོངས་ཞུ་བྱེད་ལམ་གྱི་སྲོལ་ངན་སྣ་ཚོགས་ཡོད་འདུག་པ་ད་ནས་སྟོན་འབྲས་ལ་སད་སེར་ཆུད་ཟོས་འགྲོ་བཞིན་དེ་རིགས་མི་ཆོག་པར་ཡུལ་ལུང་སོ་སོའི་གནས་ལུགས་ལ་གཞིགས་པའི་མཆོག་དམན་ཚང་མར་སྨན་སླེབ་གང་ཆེའི་སྲོལ་གསར་བཟོ་དགོས་རྒྱུ་མ་ཟད། ལྷག་པར་གཞུང་འབངས་གཉིས་དགེའི་ཁྲལ་ཁྲིམས་སྒྲུབ་འཁུར་སོགས་དོན་གལ་ཆེ་རིགས་ཀྱི་ལེགས་བཟོ་བསྐྱར་བཅོས་བྱེད་འོས་རྫོ་གཞིས་སྣེ་སྡོད་དང་། མངའ་ཁུལ་འགོ་བྱེད་གཙོ་དྲག་རྒན་དམངས་བཅས་ནས་བསམ་གྲོས་ཞིབ་བསྡུར་གྱིས་སྤྱི་སྨན་ལེགས་ཆེའི་འཆར་གཞིའམ། གནས་ལུགས་སྙན་ཞུ་གང་འོས་རིམ་འབུལ་ཐུབ་པ་དགོས་རྒྱུ། དོན་ཚན་བཞི་པར། ད་ཕན་གཞུང་སའི་མི་སྣ་འགྲུལ་བཞུད་ཁག་ལ་ས་གནས་སོ་སོའི་གཙོ་རྒན་ནས་ས་མཇལ་ཞེས་པ་ཤའམ་སྲན་ཆག། ཇ་འབྲས་སྣེ་སེལ་རེ་སྤྲད་བླངས་ཀྱིས་ནང་ཁུལ་འདུ་ཁོངས་རྩིས་རྒྱག་སྐབས་མ་སོང་སོང་ཚུལ་ཕོན་ཆེ་རྩིས་སར་ཁྱེར་ཏེ་བར་ཟོས་ཇི་སྙེད་ཅིག་ཡོད་འདུག་པ་ད་ནས་གཞུང་སའི་མི་སྣ་འགྲུལ་བཞུད་ཆེ་ཕྲར་ས་གནས་འཇལ་ཞུ་ཟེར་བ་མ་དགོས་པ་མ་ཟད། འདུ་ཁོངས་རྩིས་རྒྱག་ཐད་ལོ་མང་སྡེབས་རྫོང་ཀྱི་ཁྲལ་སྲི་རྒྱུགས་གུན་ཆེ་བར་གྱོང་འཁྲི་སོགས་མི་སེར་ནང་ཁུལ་མོས་མི་སྙོམས་པའི་ཀུན་རྫོབ་ཆེ་གཤིས་ད་ནས་བཟུང་ལོ་ལྟར་ཟླ་ཚེས་དུས་བཀག་ཀྲིག་ཅར་གྱིས་རྫོང་འདུ་དང་། རྟ་ཁལ་འཁྲི་ཁུངས་ཚང་འཛོམས་ཐོག་ནས་འདུ་རྩིས་ཁམས་དྭང་རྒྱབ་སྟེ་སློག་སྤྲོད་བྱེད་འོས་ཀྱང་འཕྲལ་འཕྲལ་བྱེད་པ་ལས་སྔར་ལུགས་ཀྱི་ཟོམ་རིགས་ནམ་ཡང་མི་ཆོག མངའ་ཁུལ་སོ་སོར་གཞུང་སྒེར་ཆོས་བཅས་ཀྱི་བུ་ཕྲུག་རྣམས་ལ་ལུགས་ཉིས་ཀྱི་བླང་དོར་འབྱེད་པའི་མིག་ལྟ་བུ་ཡི་གེ་འབྲི་ཀློག་ཕེར་བའི་སློབ་གྲྭ་གསར་འཛུགས་ཀྱིས་རང་རང་བློ་དང་འཚམས་པའི་ཡིག་རྩིས་སློབ་སྦྱོང་གང་ཐུབ་དགོས་རྒྱུར་དེ་ཡང་མི་སེར་ལ་འཕར་རྡབས་མི་འབྱུང་ཆེད་དགེ་རྒན་དང་། སློབ་ཕྲུག་རྣམས་ལ་ལྟོ་ཕོགས་འདེང་ངེས་དང་། ཡིག་ཆས་རྩིས་སྤྲོད་ཐུབ་པའི་འབབ་དམིགས་ཤིག་ཟུར་དུ་ཐབས་ཤེས་གོ་སྒྲིག་ཟབ་འབུངས་དགོས་རྒྱུ། མངའ་ཁུལ་སོ་སོར་ད་ཕན་བེད་མེད་དུ་བཞག་པའི་ས་སྟོང་ཡོད་རིགས་ལ་གཞུང་སྒེར་ཆོས་བཅས་མི་སེར་དུད་ཆུང་དང་བཅས་པ་སུ་འོས་ནས་རང་རང་ཐབས་འཁོས་ལ་གཞིགས་པའི་གཞུང་འབབ་བཅུ་ཟུར་སྤྱི་མཚུངས་སྒྲུབ་འཁུར་ཞུས་ཏེ་ས་ཞིང་འཕྲུ་འདུལ་དང་། ཚལ་ཞིང་གསར་འདེབས། ཤིང་འཛུགས་སོགས་ལ་གཞུང་འབབ་བབས་མཚུངས་འགེལ་བཀོད་ཀྱིས་ཡུལ་ལུང་ཡར་རྒྱས་དགེ་བོད་གསར་ཐོན་གྱི་ལས་འགུལ་རིགས་བགྱིས་པར་མཁྲེག་བཟུང་སྙད་རྩོད་རིགས་སུ་ཐད་ནས་དངོས་ཤུགས་སུ་བྱས་མི་ཆོག རྒྱལ་པད་དབང་གསུམ་ཁུལ་ཞིབ་གཞུང་བརྗོད་གསལ་གཞུང་རྒྱུགས་རྣམས་ཁྲལ་འཚོ་ཁུངས་སྟོང་མི་འབྱུང་ཆེད་མངའ་ཁུལ་སྒེར་ཁག་ལ་གླང་སྐེ་བེལ་བཏགས་ཀྱིས་འགེལ་དཀྲི་གནང་བ་དེ་དག་དུས་ཕྱིས་ཁྲལ་འཚོར་ཕན་ཐབས་མེད་པའི་ཁྲལ་རྐང་སྟོང་རྐྱེན་གྱི་འཕར་བརྡབས་ཅི་ཆེ་ཡོད་འདུག་པ་ད་ཕྱིན་ཁུལ་དེར་གླང་སྐེ་བེལ་བཏགས་མ་དགོས་པར་ཁྲལ་རྐང་རང་འཚོ་འཛིན་ཐུབ་ཐབས་འཚོ་ཕན་ཇི་འོས་གོ་བསྡུར་གྱིས་རྗེ་འབངས་གཉིས་དགེའི་བསམ་འཆར་གནས་སྙན་ཞིབ་འབུལ་དགོས་རྒྱུ། དོན་ཚན་ལྔ་པར། དེང་དུས་སྔར་དང་མི་འདྲ་བའི་རྒྱ་བོད་སྤུན་ཟླ་མི་རིགས་མཐུན་སྒྲིལ་དང་། བོད་རིགས་ནང་ཁུལ་མཐུན་ལམ་གཅིག་སྒྲིལ་དགོས་པའི་ལམ་གསར་དུ་ཕྱེ་བའི་སྐབས་འདིར་ས་གནས་སོ་སོས་ཀྲུང་དབྱང་དཔོན་དམག་ཡོད་རིགས་ལ་མཐུན་སྒྲིལ་ཟབ་ནན་དང་འབྲེལ་ཕན་ཚུན་གཅིག་ཕན་གཉིས་གྲོགས་ཐོག་བོད་རིགས་ནང་ཁུལ་མཐུན་ལམ་རྡོ་རྩ་གཅིག་བསྒྲིལ་ཡོང་བ་བཅས་ལ་ཚང་མས་འབད་བརྩོན་ལྷོད་མེད་དགོས་རྒྱུ་དང་། གཞུང་གནས་ནས་ཆབ་འབངས་རིས་མེད་བདེ་རྩར་འཚོ་གཟིགས་ཀྱི་སྦུག་ཐམ། སྲིད་ཐམ། བཀའ་ཐམས་བཅས་ཀྱི་བཀའ་རྩ་སྔ་ཕྱིར་རིམ་རྩལ་དགོངས་དོན་འགལ་མེད་ལྟ་ཞིབ་མཇུག་གནོན་རྒྱུད་བསྲིངས་དང་། མངའ་ཁུལ་གཞུང་རྒྱུགས་སྟོང་རྐང་རིགས་གཞུང་སྒེར་ཆོས་བཅས་ནས་ཁ་འཛིན་གྱིས་ཁྲལ་རིགས་ངོས་རྒྱུགས་མེད་པར་མི་སྤྱིར་ཁྲལ་དོད་དང་། ཞིང་བོག་སྣེ་སེལ་ཙམ་རེ་སྤྲད་དེ་སྒེར་བེད་བྱེད་མི་འགའ་ཤས་ཡོད་འདུག་པ་དེ་རིགས་སྟོང་རྐང་ཇི་ཡོད་ད་ལམ་རྫོང་གཞིས་སོ་སོས་མངའ་ཁུལ་དུ་རྩ་ཞིབ་བཅད་དེ་གནས་ལུགས་འདི་དང་འདིའདུག་གནས་སྙན་ཁ་གསལ་དགོངས་བདེ་ངེས་འབུལ་དགོས་རྒྱུ་དང་། ཕྱི་རྒྱལ་ས་མཚམས་འཁེལ་ཡུལ་ཁག་ནས་བར་ལམ་ས་སྡེ་དབང་རིགས་ལ་འཐུས་ཤོར་བྱུང་ཡོད་མེད་རྩད་ཞིབ་ཀྱིས་འཐུས་ཤོར་བྱུང་ཡོད་ན་སྔར་གྱི་ས་མཚམས་གང་ཡིན་དང་། དབང་ཆ་ཇི་ཡོད། བར་ལམ་འཐུས་ཤོར་སོང་སྟངས་བཅས་ཀྱི་གནས་ལུགས་ཕྲ་ཞིབ་སྙན་ཞུ་འཕྲལ་འབུལ་ཐོག སླད་སྔར་གྱི་ས་མཚམས་ནས་ས་སྡེ་དབང་རིགས་ཕྲ་མོ་ཙམ་ཐེ་གུ་སྣེ་ཤོར་མ་སོང་བ་སྲུང་འདོམས་བདག་གཅེས་ཟབ་ནན་ལྷོད་མེད་དང་། ངེས་མེད་གསར་སྤྲོས་རིགས་ཤར་ན་སྐབས་འཕྲལ་སོ་སོར་གནས་ལུགས་སྙན་ཞུ་འཕྲལ་འབུལ་དགོས་རྒྱུ། ས་གནས་སྤྱི་ཁྱབ་དང་། རྫོང་འགོ་གཞིས་སྡོད་སོ་སོས་རྩ་ཁྲིམས་ཕྱོགས་འགལ་གྱི་གཞུང་འབབ་ལ་བསམ་མེད་ཧེ་བག་དང་། ཆབ་འབངས་ཐོག་འཕར་བརྡབས་མནར་གཅོད་རིགས་བྱས་པ་བྱུང་ཚེ་མངའ་ཁུལ་ལྷ་སྡེ་མི་སྡེ་མཆོག་དམན་ཚང་མས་རྗེ་འབངས་གཉིས་དགེའི་སྐྱོན་བསང་ཐད་ཀར་བརྗོད་པའམ། གནས་ལུགས་སྙན་ཞུ་ཐད་འབུལ་ཞུས་ཆོག་པ་ཡོད་ཅིང་། སྐྱོན་བསང་བརྗོད་མི་དང་། སྙན་ཞུ་ཐད་འབུལ་ཞུ་མིར་སྤྱི་ཁྱབ་རྫོང་འགོ་གཞིས་སྡོད་ནས་དགའ་མིན་ཞེ་འཁོན་གྱི་དོ་དམ་བཙོན་འཇུག་ཉེས་བཀོད་སོགས་བསུན་གཙེར་རིགས་གཏན་ནས་མི་ཆོག ལྷག་པར་སྔ་ལོ་འབྲུ་དངུལ་བུན་འབབ་སྤྲོད་འཇལ་དང་། གསར་གཏོང་བྱེད་སྒོའི་བཀོད་རྒྱ་པར་མ་སྔོན་སོང་འགལ་མེད་དམ་པོས་དམ་བཅིངས་དོན་དུ་ཆབ་འབངས་མི་སེར་བདེ་སྐྱིད་ཀྱིས་འཚོ་བའི་ཐབས་ཚུལ་ལྷུར་ལེན་ཐོག་རྫོང་གཞིས་ཁག་ནས་ས་གནས་སྤྱི་ཁབ་ཀྱི་ངག་བཀོད་དྭང་ལེན་བགྱིས་ཐོག་གཙོ་བོར་གཞུང་སའི་ཕྱག་འབབ་ཚགས་ཚུད་ཀྱི་རྩིས་ཞུ་དུས་ཐོག་ཏུ་དགོངས་གཞི་དགོས་པ་དོན་ལྡན་དུ་འགྱུར་བ་དགོས་གལ་ཆེ་བ་བཅས་ལོ་འཁོར་སོ་སོའི་ནང་རྫོང་ཡོངས་ཀྱི་གཏོང་ཡོང་གོང་ལྟར་རྩ་འཛིན་ལག་ལེན་དུ་བསྟར་ཏེ་ལྷག་བསམ་ཟལ་ཐོན་གྱི་གཞུང་འབབ་རྩིས་ཞུ་ཇི་ཡོད་ལོ་རང་བཀག་སོ་སོར་ཐུབ་པ་དགོས་རྒྱུར་དེ་ཡང་རྫོང་གཉིས་སོ་སོས་ལོ་འཁོར་བྱུང་སོང་ཞིབ་གསལ་རྩིས་ཁྲ་བཀོད་དེ་ས་གནས་སྤྱི་ཁྱབ་པར་སྤྲད་ཐོག སྤྱི་ཁྱབ་པ་ནས་ས་གནས་སོ་སོར་རྫོང་གཙོ་རྒན་འཐུས་ཐུན་མོང་སར་རྩིས་ཞུས་ཞིབ་ནན་བཏང་སྟེ་བྱུང་སོང་ཁུམས་ལུས་ཇི་ཡོད་སྐྱོན་འདོན་གྱིས་ཧེ་བག་མེད་པ་གཏན་ལ་ཕབ་པའི་རྩིས་ཁྲར་སྤྱི་ཁྱབ་པ་ནས་རྩིས་ཁྲར་ཧེ་བག་མེད་ཅེས་འགན་ལེན་ས་ཡིག་ཐམ་སྦྱར་འགོད་འབུལ་གྱིས་རྫོང་གཞིས་ངོ་མ་སོ་སོ་རྒྱལ་ཁབ་ཏུ་བཅར་ཏེ་སླར་ལེགས་བཅོས་ཚོགས་འདུ་ནས་རྩིས་ཁྲར་རྩིས་ཞུས་ངེས་ནན་གཏོང་འཇུག་རྒྱུར་ལྷག་བསམ་བྱས་བྱུང་དང་། གཞུང་འབབ་འཕར་ཐོག་ཇི་བྱུང་བཅས་ཀྱི་རྣམ་དབྱེ་སྐབས་འཕྲལ་སོ་སོར་སྙན་ཞུས་ཀྱིས་ཚང་མས་གསལ་རྟོགས་ཐུབ་པ་བགྱི་རྒྱུ་བཅས་དེ་དོན་བླང་དོར་དོན་ཚང་ཚུལ་བཞིན་སྤྱོད་པ་གྱིས། ཤིང་རྟ་ཟླ་༡༡ཚེས་༡༧ལ།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060