༡༩༤༡ལོའི་ཟླ་༡༠ཚེས་༢༡ཉིན་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་དུ་སྐྱེས།
༡༩༥༨ལོར་ཁྱིམ་མི་དང་ལྷན་དུ་མཚོ་སྔོན་ལ་གནས་སྤོས།
༡༩༦༠ལོར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དངོས་ཁམས་ཚན་ཁག་ཏུ་སློབ་གཉེར་གནང་ཞིང་། དེ་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བོད་ཡིག་སྦྱོང་འགོ་ཚུགས།
༡༩༦༣ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དངོས་ཁམས་ཚན་ཁག་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོར་ཟླ་སྒྲིལ་བཏང་།
༡༩༦༥ལོར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དངོས་ཁམས་ཚན་ཁག་ནས་སློབ་མཐར་ཕྱིན།
༡༩༦༧ལོ་ནས་༡༩༧༨ལོ་བར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་དྷ་ལིན་ཧོར་སློབ་འབྲིང་དང་མཚོ་ནུབ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་དགེ་རྒན་གནང་། ༡༩༧༨ལོའི་ཟླ་༡༠པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་ཏུ་བོད་ཀྱི་བརྡ་རྙིང་ཆེད་སྦྱོང་ཡིག་རྒྱུགས་འཕྲོད་དེ་ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་དཔྱད་གཞིའི་ཡིག་རིགས་སློབ་གཉེར་གནང་བ་དང་།
༡༩༨༡ལོའི་ཟླ་༡༠པར་སློབ་མཐར་ཕྱིན་སྐབས་རབ་འབྱམས་པའི་ཡོན་གནས་ཐོབ། ༡༩༨༡ལོའི་ཟླ་༡༠པ་ནས་༡༩༨༤ལོའི་ཟླ་༣པ་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་ཁང་དུ་བོད་རིག་པ་ཞིབ་འཇུག་གནང་བ་དང་ཞིབ་འཇུག་ཕྱག་རོགས་པ་གནང་ཞིང་།བོད་བརྒྱུད་ནང་བསྟན་ས་སྐྱ་བའི་ལོ་རྒྱུས་དང་སོག་བོད་བར་གྱི་འབྲེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་གནང་བ་དང་།
༡༩༨༣ལོར་བོད་ཀྱི་ས་སྐྱ་སོགས་པའི་ཁུལ་དུ་ཟླ་གསུམ་རིང་རྟོག་ཞིབ་གནང་བར་ཕེབས་མྱོང་། བོད་རིག་པའི་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྡུས་དང་བོད་རིག་པའི་ཞིབ་འཇུག་གི་འགྱུར་ཡིག་ཕྱོགས་བསྡུས་དེབ་གཉིས་རེ་རྩོམ་སྒྲིག་གནང་།
༡༩༨༤ལོའི་ཟླ་༣པར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་བོད་རིག་པའི་ཞིབ་འཇུག་ཁང་དུ་ལས་བསྒྱུར་གནང་ཞིང་། སྐུ་འབུམ་དགོན་པར་ཉར་བའི་དཔེ་ཆའི་དཀར་ཆག་ལེགས་སྒྲིག་དང་སྐུ་འབུམ་དགོན་པའི་ལོ་རྒྱུས་དང་ལྡན་པའི་རིག་དངོས་ཞིབ་འཇུག་གནང་འགན་བཞེས།
༡༩༨༦ལོར་ཞིབ་འཇུག་པ་གཞོན་པ་དང་། ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་གནང་བ་དང་། བོད་ལྗོངས་སུ་ཡང་བསྐྱར་རྟོག་ཞིབ་གནང་བར་ཕེབས།
༡༩༨༧ལོ་ནས་བཟུང་སྟེ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བོད་རིག་པའི་ཞིབ་འཇུག་ཁང་གི་འགོ་འཛིན་གནང་།
༡༩༨༨ལོ་ནས་བཟུང་སྟེ་ཞིབ་འཇུག་པ་གནང་བ་དང་། མཚོ་སྔོན་གྱི་བོད་རིགས་སྤྱི་ཚོགས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་གཞིའི་གཙོ་སྐྱོང་གནང་འགན་བཞེས་ཤིང་། ཀྲུང་གོའི་བོད་རིགས་ཚོ་པ་དང་བོད་རིགས་ཚོ་པའི་ལམ་ལུགས་་ལ་དཔྱད་པ། སྐུ་འབུམ་དགོན་པའི་གནས་ཚུལ་མདོར་བསྡུས་སོགས་པའི་རྩོམ་སྒྲིག་པ་གཙོ་བོ་གནང་།
༡༩༩༠ལོའི་ཟླ་༤པར་ཀྲུང་རིའི་བར་གྱི་ནང་བསྟན་དཔྱད་ཡིག་ཞིབ་འཇུག་སྤེལ་རེས་འཐུས་ཚབ་ཚོགས་པར་ཞུགས་ནས་རི་པིན་གྱི་ཏ་ཀྲེང་སློབ་ཆེན་དང་། ཅིང་ཏུའུ་ནང་ བསྟན་སློབ་ཆེན། མི་རིགས་རིག་པའི་རྟེན་མཛོད་ཁང་བཅས་ལ་མཚམས་འདྲི་གནང་།
༡༩༩༣ལོའི་ཟླ་༨པར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁང་དུ་ཕེབས་ཏེ་ད་༢༠༠༥ལོའི་བར་དུ་ལོ་རྒྱུས་དང་ཆོས་ལུགས་ཞིབ་འཇུག་ཁང་གི་དབུ་འཛིན་དང་ཞིབ་འཇུག་པ་གནང་།
༡༩༩༥ལོའི་ཟླ་༡༠པར་ཐའེ་ཝན་ཆབ་སྲིད་སློབ་གྲྭ་ཆེན་མོའི་མི་རིགས་རིག་པའི་ཚན་ཁག་ཏུ་ཟླ་༣རིང་གདན་ཞུས་དགེ་རྒན་ཆེན་མོ་གནང་།
༡༩༩༩ལོའི་ཟླ་༤པ་ནས་ཟླ་༡༢པའི་བར་ཨ་རིའི་ཧ་ཧྥོ་སློབ་ཆེན་ཁོངས་ཡན་ཅིན་སློབ་ཚོགས་ཀྱི་མཚམས་འདྲིའི་མཁས་དབང་གི་ཐོག་ནས་ཧ་ཧྥོ་སློབ་ཆེན་ཁོངས་ཡན་ཅིན་སློབ་ཚོགས་སུ་མཉམ་ལས་ཀྱི་ཐོག་ནས་ཞིབ་འཇུག་གནང་།
ཆེད་རྩོམ་གྱི་དཀར་ཆག
༡ སི་ཐན་དབྱིན། པོ་ཞི་ཧོ་ཏུན་ཧོང་ནས་ཐོན་པའི་རྒྱ་ཡིག་ཤོག་དྲིལ་མའི་ཁྲོད་དུ་ཉར་ཚགས་བྱས་པའི་བོད་ཡིག་ཤོག་དྲིལ་གྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པ། ལན་ཀྲོའུ་སློབ་གྲྭ་ཆེན་མོའི་ཏུན་ཧོང་རིག་པ་ཕྱོགས་བསྒྲིགས་དུས་དེབ་ཕྱོགས་བསྒྲིགས་དེབ་གཉིས་པར།
༢ བོད་ལྗོངས་ཀྱི་ནང་བསྟན་ལོ་རྒྱུས་ཐོག་གི་སྟོན་རྩེན་རྩོད་བྱུང་སྐོར། ༡༩༨༡ལོའི་ཧོའེ་དབྱིན་དགེ་འོས་སློབ་གྲྭའི་དུས་དེབ་འཕར་མ་དེབ་༦པར།
༣ བོད་གནའ་རབས་ཀྱི་བཀའི་ཕོ་ཉ་བགྲོད་ཚུལ་གྱི་ཡིག་རྙིང་ངོ་སྤྲོད། དོན་གྲུབ་རྒྱལ་དང་མཉམ་དུ་བརྩམས། ༡༩༨༢ལོའི་ཀན་སུའུ་ཡི་སྤྱི་ཚོགས་ཚན་རིག་དུས་དེབ་༢ པར།
༤ ས་ཞིང་གི་རྒྱ་ཁྱོན་འཇལ་ཚད་ཐོག་ནས་བཙན་པོའི་དུས་ཀྱི་ས་ཞིང་གི་ལམ་ལུགས་ལ་ཚོད་ལྟའི་ཐོག་ནས་དབྱེ་ཞིབ་བྱས་པ། བོད་ཡིག ༡༩༨༢ལོའི་མཚོ་སྔོན་མི་རིགས་སློབ་གྲྭའི་དུས་དེབ་༢པར།
༥ བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ། དོན་གྲུབ་རྒྱལ་དང་མཉམ་དུ་བརྩམས། ༡༩༨༢ལོའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༢པར།
༦ བཙན་པོའི་སྐུ་དབང་དང་བཙན་པོའི་དུས་ཀྱི་དཔོན་གནས་ལམ་ལུགས་ལ་དཔྱད་ཁུལ་བྱས་པ། ༡༩༨༢ལོའིབོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༤པར།
༧ ཡོན་རྒྱལ་རབས་ཀྱིས་བོད་ལྗོངས་པའེ་ལེན་ཝང་གི་ཆོ་ལོ་བསྩལ་བ། ༡༩༨༣ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་༤པར།
༨ གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་ལོ་རྒྱུས་མདོ་རྩམ་བརྗོད་པ། ༡༩༨༣ལོའི་ལོ་རྒྱུས་ཤེས་བྱ་དུས་དེབ་༦པར།
༩ ཡོན་རྒྱལ་རབས་ཀྱིས་བོད་རིགས་ས་ཁུལ་དུ་བཙུགས་པའི་རྟ་ཟམ། བློ་བཟང་ཆོས་འཕེལ་དང་མཉམ་དུ་བརྩམས། ༡༩༨༤ལོའི་ནུབ་བྱང་ཁུལ་གྱི་ལོ་རྒྱུས་དང་ས་ གཤིས་དུས་དེབ་དང་པོར།
༡༠ ཡོན་རྒྱལ་རབས་ཀྱི་ཏི་ཤྲིའི་ལམ་ལུགས་མདོ་ཙམ་བརྗོད་པ། རིན་ཆེན་བཀྲ་ཤིས་དང་ལྷན་དུ་བརྩམས། ༡༩༨༤ལོའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༢པར།
༡༡ ཟི་ལིང་གི་ཧོང་ཇོའི་དགོན་དང་ཞི་ཨན་གྱི་ཡན་ཐ་མཆོད་རྟེན་ཆུང་ངུའི་གོང་མ་ཀྲེང་ཐུང་གི་བཀའ་ཡིག་གསལ་བའི་རྡོ་རིང་། རིན་ཆེན་བཀྲ་ཤིས་དང་མཉམ་དུ་བརྩམས། ༡༩༨༤ལོའི་མཚོ་སྔོན་གྱི་སྤྱི་ཚོགས་ཚན་རིག་དུས་དེབ་༣པར།
༡༢ སེ་ཆེན་རྒྱལ་པོའི་བོད་རིགས་བློན་ཆེན་ཟམ་ཁའི་སྐོར། ༡༩༨༤ལོའི་ལོ་རྒྱུས་ཀྱི་ཤེས་བྱ་དུས་དེབ་༤པར།
༡༣ འཕགས་པ་བློ་གྲོས་རྒྱལ་མཚན་དང་འབྲེལ་བ་ཡོད་པའི་བོད་ཡིག་གི་ཚད་ལྡན་ཡིག་ཆ་ཁ་ཤས། ༡༩༨༥ལོའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་དང་པོར།
༡༤ ཟི་ནའི་ཁྱིམ་རྒྱུད་དང་། ཟི་ན་གོ་ཤྲི་དང་སྐུ་འབུམ་དགོན་པའི་ཟི་ན་ཚང་། ཕུའུ་ཝུན་ཁྲེང་དང་མཉམ་དུ་བརྩམས། ༡༩༨༥ལོའི་མཚོ་སྔོན་གྱི་སྤྱི་ཚོགས་ཚན་རིག་དུས་དེབ་དང་པོར།
༡༥ ཡོན་རྒྱལ་རབས་དུས་ཀྱི་བོད་ལྗོངས་ས་ཁུལ་གྱི་རྟ་ཟམ་ལ་ཞིབ་དཔྱད་གསལ་འགྲེལ་ཞུས་པ། ཀྲུའུ་ཆི་ཡོན་དང་མཉམ་དུ་བརྩམས། ༡༩༨༥ལོའི་བོད་ལྗོངས་མི་རིགས་སློབ་གྲྭའི་དུས་དེབ་༣པར།
༡༦ ས་པཎ་དང་གོ་དན་མཇལ་འཕྲད་གནང་བའི་སྐོར་གྱི་གནད་དོན་འགའ་ཞིག༡༩༨༥ལོའི་ཀན་སུའུ་མི་རིགས་ཞིབ་འཇུག་དུས་དེབ་༣༤མཉམ་བཏོན་ཐོག་གསལ།
༡༧ ཡོན་རྒྱལ་རབས་ཀྱི་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་དགུང་ཚིགས། ༡༩༨༥ལོའི་འཛམ་གླིང་གི་ཆོས་ལུགས་ཞིབ་འཇུག་དུས་དེབ་༤པར།
༡༨ འཕགས་པ་བློ་གྲོས་རྒྱལ་མཚན་ལ་དཔྱད་གཏམ་སྦྲགས་པའི་རྣམ་ཐར།ཝང་ཧྥུའུ་རེན་དང་མཉམ་དུ་བརྩམས། ༡༩༨༥ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གིས་པར་དུ་བསྐྲུན་པའི་ཀྲུང་གོའི་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་ཐོག་གསལ།
༡༩ ཐུའུ་བཀན་ཆོས་ཀྱི་ཉི་མ་དང་ཉིད་ཀྱིས་བརྩམས་པའི་གླིང་ག་དབྱི་ཧོ་ཡོན་གྱི་བསྟོད་པ། ༡༩༨༥ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པའི་བོད་རིག་པའི་ཞིབ་འཇུག་ཕྱོགས་བསྡུས་ཐོག་གསལ།
༢༠ ཡོན་རྒྱལ་རབས་དུས་ཀྱི་དབུས་གཙང་ས་སྐྱའི་སྲིད་དབང་དང་མོང་གོལ་གོང་མ་ཚང་བར་གྱི་འབྲེལ་བ། ༡༩༨༦ལོའི་མཚོ་སྔོན་གྱི་སྤྱི་ཚོགས་ཚན་རིག་དུས་དེབ་༣པར།
༢༡ སྐུ་འབུམ་དགོན་པའི་ཚོམས་ཁང་ཀ་བའི་ཐོག་གི་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་ཆ་ཡིག༡༩༨༦ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་༣པར།
༢༢ འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་སེ་ཆེན་རྒྱལ་པོར་ལོ་གསར་གྱི་ཤིས་ཚིག་ཕུལ་བར་ཞིབ་དཔྱད་བྱས་པ། ༡༩༨༦ལོའི་ཀན་སུའུ་མི་རིགས་ཞིབ་འཇུག་དུས་དེབ་༤པར།
༢༣ སེ་ཆེན་རྒྱལ་པོ་གསེར་ཁྲིར་མངའ་གསོལ་མ་བྱུང་གོང་གི་འཕགས་པ་བློ་གྲོས་རྒྱལ་མཚན། ༡༩༨༧ལོའི་བསམ་བློའི་འཐབ་ཕྱོགས་དུས་དེབ་༥པར།
༢༤ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ཆིང་རྒྱལ་རབས་ཀྱི་གོང་མ་ཚང་གིས་བཞེངས་པའི་བོད་རྒྱུད་ནང་བསྟན་གྱི་དགོན་པ། ༡༩༨༧ལོའི་མཚོ་སྔོན་གྱི་སྤྱི་ཚོགས་ཚན་རིག་དུས་དེབ་༥པར།
༢༥ རྒྱལ་རྩེ་ཆོས་རྒྱལ་གྱི་ཁྱིམ་རྒྱུད་དང་དཔལ་འཁོར་ཆོས་སྡེ་བཞེངས་པའི་སྐོར། ༡༩༨༧ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐུན་པའི་ལྷ་སའི་བོད་རིག་པའི་གྲོས་མོལ་ཚོགས་འདུའི་ཆེད་རྩོམ་བདམས་བསྒྲིགས་ནང་གསལ།
༢༦ ལྕང་སྐྱ་རོལ་པའི་རྡོ་རྗེ་དང་གོང་མ་ཆན་ལུང་གི་སྐོར།༡༩༨༨ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་དང་པོར།
༢༧ པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དགུ་པ་སྐུ་འབུམ་དགོན་པར་བཞུགས་སྐོར་གྱི་རྡོ་རིང་གི་ཡི་གེ་བསྒྱུར་མཆན་གཉིས་འགོད་ཞུས་པ། ༡༩༨༨ལོའི་ནུབ་བྱང་མི་རིགས་ཞིབ་འཇུག་དུས་དེབ་དང་པོར།
༢༨ ཀརྨ་པ་རང་བྱུང་རྡོ་རྗེ་པེ་ཅིན་དུ་ཐེངས་གཉིས་ཕེབས་དོན་མདོར་བསྟན། ༡༩༨༨ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་༣པར།
༢༩ གོང་མ་ཆན་ལུང་གི་བཀའ་ལྟར་ཞང་ཧྲན་རི་བོའི་ཀྲའོ་མིའོ་ལྷ་ཁང་དུ་བཞེངས་པའི་རྡོ་རིང་ལ་དཔྱད་ཞིབ་གསེད་བཀྲོལ་ཞུས་པ། ཝང་ཝུན་ཅིང་དང་མཉམ་དུ་བརྩམས། ༡༩༨༨ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༤པར།
༣༠ ལུར་ཉར་ཚགས་གནང་བའི་ཡོན་རྒྱལ་རབས་ཀྱི་ཏི་ཤྲིརྣམས་ཀྱི་བཀའ་ཤོག༡༩༨༨ལོའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༤པ་དང་། ༡༩༨༩ལོའི་དུས་དེབ་དང་པོར།
༣༡ ལྕང་སྐྱ་རོལ་པའི་རྡོ་རྗེའི་དགུང་ཚིགས།༡༩༨༩ལོའི་མཚོ་སྔོན་གྱི་མི་རིགས་ཞིབ་འཇུག་དུས་དེབ་༢པར།
༣༢ པཎ་ཆེན་སྐུ་ཕྲེང་བཞི་པ་ནས་དགུ་པའི་བར་དང་ཁོང་རྣམས་པའི་སྐུ་གདུང་། ༡༩༨༩ལོའི་མཚོ་སྔོན་གྱི་སྤྱི་ཚོགས་ཚན་རིག་དུས་དེབ་༣པར།
༣༣ མཚོ་ནུབ་ལོ་རྒྱུས་ཐོག་གི་བོད་རིགས། ༡༩༨༩ལོའི་ཚྭ་འདམ་ཞིབ་འཇུག་དུས་དེབ་༣པར།
༣༤ ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཨང་རྟགས་P T༩༩༩ཤོག་དྲིལ་ལས་མངོན་པའི་བཙན་པོའི་དུས་ཀྱི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་བོད་རིག་པའི་ཞིབ་འཇུག་སྨྲ་བའི་དཔེ་ཚོགས་དེབ་དང་པོར།
༣༥ ཡོན་རྒྱལ་རབས་དུས་ཀྱི་ཡུལ་ཤུལ་གྱི་བོད་རིགས་སེར་མོ་བ་གྲགས་ཅན་གུ་ཤྲི་བསྟན་པ། ༡༩༨༩ལོའི་མཚོ་སྔོན་གྱི་ཡུལ་བཤད་དུས་དེབ་༤པར།
༣༦ མཚོ་སྔོན་ཁྲི་ཀ་རྫོང་ཇོ་ཇོ་ལྷ་ཁང་གི་རྡོ་རིང་སྐོར་བཀོད་པ། མ་ལིན་དང་མཉམ་དུ་བརྩམས། ༡༩༨༩ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༤པར།
༣༧ ཡོན་རྒྱལ་རབས་དུས་ཀྱི་དབུས་གཙང་གི་དཔོན་ཆེན་དྲན་འཆར་མདོ་ཙམ་བཀོད་པ། ༡༩༨༩ལོར་ཀྲུང་ཧྭ་དཔེ་ཚོང་ཁང་ནས་བཏོན་པའི་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་དཔེ་ཚོགས་དེབ་༤པར།
༣༨ ཡོན་རྒྱལ་རབས་དུས་ཀྱི་ས་སྐྱ་དཔོན་ཆེན་ལ་དཔྱད་ཞིབ་བྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༡༩༩༠ལོའི་བོད་རིག་པའི་ཞིབ་འཇུག་སྨྲ་བའི་དཔེ་ཚོགས་དེབ་༢པར།
༣༩ པཎྜི་ཏ་འཕགས་པ་ཏི་ཤྲཱི་བློ་གྲོས་རྒྱལ་མཚན་གྱིས་ཡུལ་ཤུལ་དུ་གནང་བའི་མཛད་སྒོ། ཀྲོའུ་ཧྲེང་ཝུན་དང་མཉམ་དུ་བརྩམས། ༡༩༩༠ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་དང་པོར།
༤༠ ཡོན་རྒྱལ་རབས་དུས་ཀྱི་ཡུལ་ཤུལ་གྱི་བོད་རིགས་སེར་མོ་བ་གྲགས་ཅན་གུ་ཤྲཱི་དམ་པར་དཔྱད་པ། ཀྲོའུ་ཝུན་ཧྲེང་དང་མཉམ་དུ་བརྩམས། ༡༩༩༠ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་དང་པོར།
༤༡ བོད་རིགས་ཀྱི་ལོ་རྒྱུས་སྐོར་ལ་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་བའི་གནད་དོན། ཝང་ཧྥུའུ་རེན་དང་མཉམ་དུ་བརྩམས། ༡༩༩༠ལོའི་མཚོ་སྔོན་གྱི་སྤྱི་ཚོགས་ཚན་རིག་དུས་དེབ་༢པར།
༤༢ པེ་ཅིན་གྱི་ཞང་ཧྲན་རི་བོའི་བོད་པའི་སྐོར་གྱི་བཤད་རྒྱུན་དང་ལོ་རྒྱུས་ཀྱི་དཔྱད་ཡིག་དུ་འཁོད་གསལ། ༡༩༩༠ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་༤པར།
༤༣ ཡོན་རྒྱལ་རབས་ཀྱི་ཏི་ཤྲིའི་ལམ་ལུགས་དང་ཏི་ཤྲི་རིམ་བྱུང་གི་སྐོར། ༡༩༩༡ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་དང་པོ་དང་༢པར།
༤༤ ཡོན་རྒྱལ་རབས་དུས་ཀྱི་བོད་བརྒྱུད་ནང་བསྟན་དང་ཆབ་སྲིད་ཀྱི་སྐོར། ༡༩༩༢ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་རིག་པའི་ཞིབ་འཇུག་སྨྲ་བའི་དཔེ་ཚོགས་དེབ་༤པར།
༤༥ རྩིས་ཐོའི་ཡིག་ཆ་ལས་བཙན་པོའི་རྒྱལ་རབས་ཀྱི་དཔལ་འབྱོར་ལམ་ལུགས་ལ་བལྟ་བ། ༡༩༩༢ལོའི་ཀྲུང་གོའི་བོད་རིག་པ་ཆེད་འདོན་དུས་དེབ་ཏུ་གསལ།
༤༦ ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་ཕེབས་ཤིང་སོག་པོའི་ཚོ་པ་ཁག་དུ་ཕེབས་སྐྱོད་གནང་བ། ༡༩༩༢ལོའི་ཨོ་རོད་ཞིབ་འཇུག་དུས་དེབ་༢པ་དང་༣པར།
༤༧ ཁམས་རྒྱལ་(པེ་ལང་)གླུ་དབྱངས་ལ་ཐོག་མར་དཔྱད་པ། ༡༩༩༢ལོའི་གཙང་ཆུའི་འབྱུང་ཁུངས་ཀྱི་རིག་གནས་ཞིབ་འཇུག་དུས་དེབ་༢པར།
༤༨ ཡོན་རྒྱལ་རབས་ཀྱིས་བོད་རིགས་ས་ཁུལ་དུ་བཙུགས་པའི་དམག་སྲིད་ལས་ཁུངས། ༡༩༩༢ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་༣པར།
༤༩ མི་ཉག་སྐད་དང་བོད་སྐད་ཀྱི་ཐ་སྙད་བར་དཔྱད་བསྡུར་བྱས་པ། ༡༩༩༢ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༤པར།
༥༠ སོག་བོད་བར་གྱི་ཐོག་མའི་འབྲེལ་བ་དང་སོག་བོད་བར་གྱི་འབྲེལ་བའི་ནང་མི་ཉག་གི་གོ་གནས་དང་དེས་ཐོན་པའི་ནུས་པ། ༡༩༩༢ལོའི་མཚོ་སྔོན་གྱི་སྤྱི་ཚོགས་ཚན་རིག་དུས་དེབ་༦པར།
༥༡ བོད་རིགས་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་གསུམ་དང་མི་ཉག་བར་གྱི་འབྲེལ་བར་རགས་ཙམ་དཔྱད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༡༩༩༣ལོར་བོད་རིག་པའི་ཞིབ་འཇུག་སྨྲ་བའི་དཔེ་ཚོགས་དེབ་༥པར།
༥༢ བོད་ལྗོངས་ལྷོ་ཁ་འཕྱོངས་རྒྱས་ཀྱི་ཁྱིམ་རྒྱུད། མ་ལིན་དང་མཉམ་དུ་བརྩམས། ཐའེ་ཝན་གྱི་༡༩༩༣ལོའི་སྲིད་ཆེན་མི་རིགས་ཀྱི་རིག་གཞུང་དུས་དེབ་༥པར།
༥༣ ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དགུང་ཚིགས། ༡༦༡༧ ༡༨༤༢སྐུ་ཞབས་ཝང་ཀྲུང་ཧན་དགུང་ལོ་བརྒྱད་ཅུར་སོན་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་རིག་གཞུང་ཆེད་རྩོམ་ཕྱོགས་བསྒྲིགས་ནང་གསལ
༥༤ མི་ཉག་གི་རིག་གཞུང་གི་ཆུ་གཏེར་ལས་མི་ཉག་གི་སྐད་དང་བོད་སྐད་ཀྱི་འབྲེལ་བར་དཔྱད་པ། ༡༩༩༣ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དུས་དེབ་༣པ་དང་༤པར།
༥༥ དགའ་ལྡན་བྱིན་ཆགས་གླིང་གི་བླ་བྲང་ཁག་མདོར་བསྡུས་གླེང་བ། ༡༩༩༤ལོའི་ཀྲུང་གོའི་བོད་ལྗོངས་དུས་དེབ་འཕར་མ།
༥༦ མཚོ་སྔོན་སྐུ་འབུམ་དགོན་པར་བརྟག་དཔྱད་བྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༡༩༩༤ལོའི་བོད་རིག་པའི་ཞིབ་འཇུག་སྨྲ་བའི་དཔེ་ཚོགས་དེབ་༦པར།
༥༧ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་ཤར་ཕྱོགས་གསེར་གྱི་རྒྱལ་ཁབ་ཆེན་པོར་ཕེབས་ཚུལ་རགས་ཙམ་བཀོད་པ། ༡༩༩༥ལོའི་ཨ་མདོ་ཞིབ་འཇུག་གསར་བཏོན་དུས་དེབ་ཏུ་གསལ།
༥༨ ཆིང་རྒྱལ་རབས་ཀྱི་གསེར་བུམ་དཀྲུག་འདོན་ལམ་ལུགས་དང་དེའི་ལོ་རྒྱུས་ཀྱི་དོན་སྙིང་། ལིའོ་ཙུའུ་ཀུའེ་དང་། ཀྲོའུ་ཝེ་ཧོ་གཉིས་དང་མཉམ་དུ་བརྩམས། ༡༩༩༥ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་༣པར།
༥༩ མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོའི་སོག་རིགས་དགེ་ལུགས་པ་ཛཱ་ཡ་པཎྜི་ཏའི་མཛད་པར་ཐོག་མར་དཔྱད་པ། ངོགས་གཉིས་ཀྱི་སོག་པོའི་རིག་པ་དང་བོད་རིག་པའི་རིག་གཞུང་ཞིབ་གྲོས་ཚོགས་འདུའི་ཆེད་རྩོམ་ཕྱོགས་བསྒྲིས་ནང་གསལ།
༦༠ ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དགུང་ཚིགས། ༡༦༤༣ ༡༦༥༣བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༡༩༩༥ལོའི་བོད་རིག་པའི་ཞིབ་འཇུག་སྨྲ་བའི་དཔེ་ཚོགས་དེབ་༧པར།
༦༡ བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་མི་ཉག་གི་སྐོར་མདོ་ཙམ་གླེང་བ། ༡༩༩༦ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་དང་པོར།
༦༢ ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བར་གྱི་འབྲེལ་བར་ཞིབ་དཔྱད་བྱས་པ། ཐའེ་ཝན་བོད་སོག་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་བོད་སོག་ཆེད་དོན་ཞིབ་འཇུག་དཔེ་ཚོགས་རེ་བརྒྱད་པར།
༦༣ དགའ་ལྡན་བྱིན་ཆགས་གླིང་གི་རྩག་རྩིག་ལ་དཔྱད་པ། ༡༩༩༦ལོར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་རིགས་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཞིབ་འཇུག་གཅིགལ་གསལ།
༦༤ བོད་རིགས་ས་ཁུལ་གྱི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་བྱེད་ཚུལ་རིམ་འགྱུར། ཧྥང་ཀྲི་དང་མཉམ་དུ་བརྩམས། ༡༩༩༦ལོའི་ཀྲུང་གོའི་བོད་ལྗོངས་དུས་དེབ་དང་པོར།
༦༥ ཡོན་རྒྱལ་རབས་ཀྱི་དུས་སུ་བོད་ལྗོངས་ལ་ཐེམ་ཐོ་བཤེར་བའི་སྐོར། ༡༩༩༦ལོའི་མཚོ་འགག་ངོགས་གཉིས་པོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཞིབ་འཇུག་དང་སློབ་ཁྲིད་ཞིབ་གྲོས་ཚོགས་འདུའི་ཆེད་རྩོམ་ཕྱོགས་བསྒྲིགས་ནང་གསལ།
༦༦ ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དགུང་ཚིགས། ༡༦༥༤ ༡༦༦༢བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༡༩༩༦ལོའི་བོད་རིག་པའི་ཞིབ་འཇུག་སྨྲ་བའི་དཔེ་ཚོགས་དེབ་༨པར།
༦༧ སོག་པོ་ཨོ་རོད་ཚོ་པའི་ཛཱ་ཡ་པཎྜི་ཏའི་མཛད་རྗེས། ནན་ཅིང་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྐུ་ཞབས་ཧན་རུའུ་ལིན་ལ་དྲན་གསོ་ཞུ་བའི་རིག་གཞུང་ཆེད་རྩོམ་ཕྱོགས་བསྒྲིགས་ནང་གསལ།
༦༨ པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་ཡུལ་དང་གདུང་རྒྱུད། ༡༩༩༧ལོའི་ཀྲུང་གོའི་བོད་ལྗོངས་དུས་དེབ་དང་པོར།
༦༩ ཡོན་རྒྱལ་རབས་སྐབས་མདོ་སྨད་དུ་ཞོན་ཝེ་ཧྲི་བཙུགས་པའི་ལོ་རབས་དང་མིང་ལ་དཔྱད་པ། ༡༩༩༧ལོའི་ཀྲུང་གོའི་བོད་ལྗོངས་དུས་དེབ་༣པར།
༧༠ བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ། བོད་ཡིགདོན་གྲུབ་རྒྱལ་དང་མཉམ་དུ་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༤ལོའི་ཟླ་༤པར་པར་དུ་བསྐྲུན།
༧༡ སོག་བོད་མི་རིགས་ཀྱི་འབྲེལ་བའི་ལོ་རྒྱུས་མདོ་ཙམ་བརྗོད་པ། ཝང་ཧྥུའུ་རེན་དང་མཉམ་དུ་བརྩམས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་༡༩༨༥ལོའི་ཟླ་༡༠པར་པར་དུ་བསྐྲུན།
༧༢ སྐུ་འབུམ་དགོན་པའི་གནས་ཚུལ་མདོར་བསྡུས། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༧ལོའི་ཟླ་༡༡པར་པར་དུ་བསྐྲུན།
རིག་གཞུང་གི་དཔྱད་ཡིག་དང་ལས་མཁོའི་དཔེ་དེབ་ཚིག་མཛོད། འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་སེ་ཆེན་རྒྱལ་པོར་ལོ་གསར་ལ་ཕུལ་བའི་ཤིས་ཚིག ༡༩༨༧ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་༢པར།
བརྩམས་ཆོས་ཀྱི་སྐོར།
ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སྐོར་མདོ་ཙམ་གླེང་བ། ༡༩༨༩ལོའི་སྤྱི་ཚོགས་ཚན་རིག་གི་དཔྱད་གཞི་དུས་དེབ་༢༡པར།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་སྐོར་མདོ་ཙམ་གླེང་བ། ༡༩༨༩ལོའི་བསམ་བློའི་འཐབ་ཕྱོགས་དུས་དེབ་༣པར།
ཉེ་ལམ་ལོ་བཅུའི་རིང་མཚོ་སྔོན་གྱི་བོད་རིག་པའི་ཞིབ་འཇུག་མདོར་བསྟན། ༡༩༨༩ལོའི་སྤྱི་ཚོགས་ཚན་རིག་གི་དཔྱད་གཞི་དུས་དེབ་༩པར།
༡༩༨༩ལོའི་མཚོ་སྔོན་གྱི་བོད་རིག་པའི་ཞིབ་འཇུག་ཕྱོགས་བསྡུས་ཀྱིས་གླེང་བ། མ་ལེན་ལུང་དང་མཉམ་དུ་བརྩམས། ༡༩༩༠ལོའི་སྤྱི་ཚོགས་ཚན་རིག་གི་དཔྱད་གཞི་དུས་དེབ་༦པར།
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་སོག་པོའི་འབྲེལ་བའི་བར་གྱི་དཔྱད་ཡིག༡༩༩༢ལོའི་ནུབ་བྱང་མི་རིགས་ཞིབ་འཇུག་དུས་དེབ་༢པར།
ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་རྣམ་ཐར་དུ་གསལ་བའི་བོད་སོག་འབྲེལ་བའི་ལོ་རྒྱུས་ཡིག་རིགས། མ་ལེན་ལུང་དང་མཉམ་དུ་བརྩམས། ༡༩༩༤ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་༤པར།
སྐམ་ས་ཆེན་མོའི་བོད་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་མདོར་བསྟན། ཐའེ་ཝན་གྱི་༡༩༩༥ལོའི་བོད་ལྗོངས་ཞིབ་འཇུག་ཚོགས་འདུའི་ཚོགས་འཕྲིན་དུ་གསལ།
ཀྲུང་གོའི་བོད་རིག་པའི་ལོ་བཅུའི་རིང་གི་ལོ་རྒྱུས་ཞིབ་འཇུག ༡༩༩༧ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་ཁང་གིས་བསྒྲིགས་པའི་བོད་རིག་པའི་ཞིབ་འཇུག་གི་བརྡ་འཕྲིན་དུས་དེབ་བཅུ་གསུམ་པར།
བོད་ལྗོངས་ས་ཁུལ་ནི་ཁ་འཕྲལ་དུ་མི་རུང་བའི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་རེད། ལོ་རྒྱུས་ཀྱི་དཔྱད་ཡིག་བདམས་བསྒྲིགས། སྒྲིག་འདེམས་བྱེད་པར་ཞུགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༦ལོར་པར་དུ་བསྐྲུན།
ཀྲུང་གོའི་མི་རིགས་ཁག་གི་ཆོས་ལུགས་དང་ལྷ་སྒྲུང་གི་ཚིག་མཛོད་ཆེན་མོ། ཚིག་དུམ་སྒྲིག་པའི་ལས་ཀར་ཞུགས། ཞུའེ་ཡོན་དཔེ་སྐྲུན་ཁང་གིས་༡༩༩༠ལོར་པར་དུ་བསྐྲུན།
བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་ཚིག་མཛོད། རྩོམ་སྒྲིག་གཞོན་པ་གནང་། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་༡༩༩༣ལོར་པར་དུ་བསྐྲུན།
ཨ་ཁུ་སྟོན་པའི་སྒྲུང་། སོག་བོད་བྱིས་པའི་ཀློག་དེབ་དཔེ་ཚོགས་ཀྱི་གྲས། སོག་བོད་ཨུ་ཡོན་ལྷན་ཁང་གིས་༡༩༩༧ལོར་པར་དུ་བསྐྲུན།
བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད། རྩོམ་སྒྲིག་པ་གཙོ་བོའི་གྲས་གནང་། དེབ་དེ་ནི་༡༩༩༧ལོར་ཀྲེ་ཅང་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
རྩོམ་བསྒྱུར་དཀར་ཆག
རྒྱ་བོད་ཡིག་བསྒྱུར།
ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། དོན་གྲུབ་རྒྱལ་དང་མཉམ་དུ་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༤ལོར་པར་དུ་བསྐྲུན།
བོད་རྒྱ་ཡིག་བསྒྱུར།
བོད་ཀྱི་ཆོས་སྲིད་ཟུང་སྦྲེལ་ལམ་ལུགས་གླེང་བ། མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༥ལོའི་ཟླ་༧པར་པར་དུ་བསྐྲུན།
རྒྱལ་རབས་གསལ་བའི་མེ་ལོང་། རིན་ཆེན་བཀྲ་ཤིས་དང་མཉམ་དུ་བསྒྱུར། ལིའོ་ཉིན་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༥ལོའི་ཟླ་༡༡པར་པར་དུ་བསྐྲུན།
རྒྱ་བོད་ཡིག་ཚང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༦ལོའི་ཟླ་༡༢པར་པར་དུ་བསྐྲུན།
དེབ་ཐེར་དམར་པོ། ཀྲོའུ་རུའེ་ཉན་དང་མཉམ་དུ་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༧ལོར་པར་དུ་བསྐྲུན།
ལྕང་སྐྱ་གུ་ཤྲཱི་རོལ་པའི་རྡོ་རྗེའི་རྣམ་ཐར། མ་ལེན་ལུང་དང་མཉམ་དུ་བསྒྱུར། མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༨ལོའི་ཟླ་༤པར་པར་དུ་བསྐྲུན།
ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། ཀྲོའུ་རུའེ་ཉན་དང་། ཀའོ་ཧོ་ཧྥུ་རྣམ་གཉིས་དང་མཉམ་དུ་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༩ལོར་པར་དུ་བསྐྲུན།
སོག་ཡུལ་དུ་ནང་བསྟན་དར་བའི་ལོ་རྒྱུས། ཝུའུ་ལི་ཅི་དང་མཉམ་དུ་བསྒྱུར། ཐེན་ཅིན་གནའ་བོའི་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༠ལོར་པར་དུ་བསྐྲུན།
ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་རྣམ་ཐར་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པའི་རྣམ་ཐར།མ་ལེན་ལུང་དང་མཉམ་དུ་བསྒྱུར། རྒྱལ་ཡོངས་དཔེ་མཛོད་ཁང་གི་ཚད་ལྡན་ཡིག་ཆ་པར་རིས་ཆུང་གྲས་བསྐྱར་པར་ལྟེ་གནས་ཀྱིས་༡༩༩༢ལོར་པར་དུ་བསྐྲུན།
བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ཧོ་ཙུང་དབྱིང་དང་། སྐལ་བཟང་ཡེ་ཤེས་རྣམ་གཉིས་དང་མཉམ་དུ་བསྒྱུར། བོད་ལྗོངས་གནའ་བོའི་དཔེ་རྙིང་པར་སྐྲུན་ཁང་དང་ཀྲུང་གོའི་བོད་ལྗོངས་དུས་དེང་ཁང་གིས་༡༩༩༦ལོར་པར་དུ་བསྐྲུན།
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར། སྟོད་ཆ་བར་ཆ་སྨད་ཆ་གསུམ། མ་ལེན་ལུང་དང་། མ་ལིན་རྣམ་གཉིས་དང་མཉམ་དུ་བསྒྱུར། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་༡༩༩༧ལོར་པར་དུ་བསྐྲུན།
བོད་ཀྱི་ཚད་ལྡན་ཡིག་ཆའི་དཀར་ཆག་རིག་པ། ཨའོ་ཧུང་དང་མཉམ་དུ་བསྒྱུར། ༡༩༨༧ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་༤པ་དང་། ༡༩༨༨ལོའི་དུས་དེབ་༢པ་དང་༣པར།
ཁམས་ཁུལ་གླིང་ཚང་ཡུལ་དཔོན་གྱི་ལོ་རྒྱུས་ལ་དཔྱད་ཁུལ་བྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༩༧ལོར་པར་དུ་བསྐྲུན་པའི་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་འགྱུར་རྩོམ་ཕྱོགས་བསྡུས་༡༣པར།
དབྱིན་རྒྱ་བསྒྱུར་མ།
བོན་ཆོས་ཀྱི་ལོ་རྒྱུས་དང་ཆོས་ཀྱི་སྙིང་པོ་མདོར་བསྟན། ཞང་ཧུང་ཅ་དང་མཉམ་དུ་བསྒྱུར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་ཞིབ་འཇུག་ཁང་གིས་བསྒྲིགས་པའི་༡༩༨༢ལོའི་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་འགྱུར་རྩོམ་ཕྱོགས་བསྡུས་དེབ་དང་པོར།
ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་༡༣༠༢ ༡༣༦༤གྱི་སྐུ་ཚེ་གང་པོ་དང་ཆབ་སྲིད་ཀྱི་མཛད་སྒོ། སི་ཁྲོན་མི་རིགས་ཞིབ་འཇུག་ཁང་གིས་བསྒྲིགས་པའི་༡༩༩༢ལོའི་རྒྱལ་ཕྱིའི་བོད་རིག་པའི་གནས་སྟངས་དེབ་༦པར།
དུས་རབས་བཅུ་བཞི་པའི་བོད་ཀྱི་བོན་ཆོས་དཔྱད་ཡིག་ཚད་ལྡན་ནང་གི་སོག་པོ་དང་ཆི་ཏན་པའི་སྐོར། ཝང་ཡུས་ཧུང་དང་མཉམ་དུ་བསྒྱུར། ༡༩༩༢ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་༢ པར།
སུམ་པ་མཁན་པོའི་མདོ་སྨད་ཀྱི་ལོ་རྒྱུས་བསྒྱུར་འགྲེལ། ཞང་ཧུང་ཅ་དང་མཉམ་དུ་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༥ལོར་པར་དུ་བསྐྲུན་པའི་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་འགྱུར་རྩོམ་ཕྱོགས་བསྡུས་དེབ་དང་པོར།
ལྷ་སྟོད་བྱང་གི་ཁྱིམ་རྒྱུད་རིགས་རྒྱུད་ལ་དཔྱད་པ། ༡༩༩༢ལོའི་ཀན་སུའུ་མི་རིགས་ཞིབ་འཇུག་དུས་དེབ་༢༣པར། དཔེ་སྐྲུན་བྱ་རྒྱུ་བསྡད་པ།
ཡོན་རྒྱལ་རབས་ནས་བཟུང་གི་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་བར་གྱི་འབྲེལ་བའི་ལོ་རྒྱུས་ཞེས་པའི་ནང་གི་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས་ཀྱི་སྐོར་བརྩམས། དེབ་དེ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་རྒྱུ་རེད།
ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོའི་རྣམ་ཐར་ཡིག་བསྒྱུར་ཟིན་ཀྱང་པར་སྐྲུན་བྱ་རྒྱུར་ལུས།
ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པའི་རྣམ་ཐར་ཡིག་བསྒྱུར་ཟིན་ཀྱང་པར་སྐྲུན་བྱ་རྒྱུར་ལུས།