གནས་ཡུལ། མདུན་ངོས། གླུ་གཞས།
 
 
༄༅།། སྒོར་གཞས་ཚིག་རྒྱག་ཚན་པ་གཅིག
སྤེལ་དུས།2009-07-28   ཡོང་ཁུངས་།《སྤང་རྒྱན་མེ་ཏོག》   རྩོམ་པ་པོ། དགེ་ལེགས་ཀྱིས་བསྡུས། འབྲུག་མོས་ཞུ་དག་བྱས།

གཞོན་པས་གངས་སྟོད་ཕྱོགས་ལ་འགྲོ་ཡས་ཡིན། 

 གཞོན་པས་གངས་སྟོད་ཕྱོགས་ལ་འགྲོ་ཡས་ཡིན།

དཀར་རྒྱན་ཉན་པ་ཙམ་ཞིག་བཞག་ཡས་ཡིན།

གཞོན་པས་བྲག་སྟོད་ཕྱོགས་ལ་འགྲོ་ཡས་ཡིན།

ཏིག་ལབ་ཉན་པ་ཙམ་ཞིག་བཞག་ཡས་མིན།

 

གཞོན་པས་སྤང་སྟོད་ཕྱོགས་ལ་འགྲོ་ཡས་ཡིན།

རྟ་གདན་ཉན་པ་ཙམ་ཞིག་བཞག་ཡས་ཡིན།

གཞོན་པས་ལྕང་གླིང་ཕྱོགས་ལ་འགྲོ་ཡས་ཡིན།

ཡོག་ཤིང་ཉན་པ་ཙམ་ཞིག་བཞག་ཡས་མིན།

 

གངས་སྟོད་མར་ཁུ་བཞུར་བཞུར་བཞུར་ཡས་ཡིན།

བཞག་ལ་ཨེ་སོང་མ་སོང་ལྟད་མོ་ལྟོས།

བྲག་སྟོད་ལ་ཕུག་བཞོཊ་བཞོཊ་བཞོཊ་ཡས་ཡིན།

བཞག་ལ་ཨེ་སོང་མ་སོང་ལྟད་མོ་ལྟོས།


   མི་འཛོམས་དགུ་འཛོམས་འཛོམས།


གནམ་མཁའ་ཡ་ལ་འཛོམས་དགུ་འཛོམས་འཛོམས། 

སྐར་མ་སྨིན་དྲུག་གནམ་མཁའི་རྒྱན་ཆ་རེད། 

ས་གཞི་ཡ་ལ་མི་འཛོམས་དགུ་འཛོམས་འཛོམས། 

གྲོ་ནས་སྲན་གསུམ་ས་གཞིའི་རྒྱན་ཆ་རེད། 

 

གཞས་རྭ་ཡ་ལ་མི་འཛོམས་དགུ་འཛོམས་འཛོམས། 

སྟག་ཤར་འདི་ཚོ་གཞས་རྭའི་རྒྱན་ཆ་རེད། 

གནམ་མཁའ་ཡ་ལ་སྐར་མ་སྨིན་དྲུག་འཛོམས། 

དེ་ལ་དུ་བ་མཇུག་རིང་ཞབས་འདྲེན་རེད།  

 

ས་གཞི་ཡ་ལ་གྲོ་ནས་སྲན་གསུམ་འཛོམས། 

དེ་ལ་ཡུག་པོ་མགོ་ཟོག་ཞབས་འདྲེན་རེད། 

གཞས་རྭ་འདི་ལ་སྟག་ཤར་ལྔ་བརྒྱ་འཛོམས། 

དེ་ལ་ཞ་ལོང་རྐང་ཀྱོག་ཞབས་འདྲེན་ཞུས།

 

ལུང་པ་ཆེ་ས་གཅིག་ནས་ཆུང་ས་གཅིག


ཕུང་པ་ཆེ་ས་གཅིག་ནས་ཆུང་ས་གཅིག   

གསེར་གྱི་རྟ་ཕོ་བསམས་ནས་བཞོན་པ་མིན། 

འགྲོས་དང་གོམ་པ་རྒྱག་སྟངས་མ་ཤེས་ན། 

 

ལུང་པ་ཆེ་ས་གཅིག་ནས་ཆེ་ས་གཅིག  

གཡུ་ཡི་རྟ་ཕོ་བསམ་ནས་བཞོན་པ་མིན། 

འགྲོས་དང་གོམ་པའི་རྒྱག་སྟངས་མ་ཤེས་ན།  

 

ལུང་པ་ཆེ་ས་གཅིག་ནས་ཆུང་ས་གཅིག

དུང་གི་རྟ་ཕོ་བསམས་ནས་བཞོན་པ་ཡིན། 

འགྲོས་དང་གོམ་པའི་རྒྱག་སྟངས་མ་ཤེས་ན།  

 

གསེར་གྱི་རྟ་པོ་བཞོན་ནས་ཡོང་བ་ཡིན། 

འགྲོས་དང་གོམ་པ་བསམ་ནས་བཞོན་པ་ཡིན། 

རྟ་མང་ལྔ་བརྒྱའི་དཀྱིལ་ལ་ངོ་ཡང་ཚ། 

 

གཡུ་ཡི་རྟ་ཕོ་བཞོན་ནས་ཡོང་བ་ཡིན།  

འགྲོས་དང་གོམ་པ་བསམས་ནས་བཞོན་པ་ཡིན།  

རྟ་མང་ལྔ་བརྒྱའི་དཀྱིལ་ལ་ངོ་ཡང་ཚ། 

 

དུང་གི་རྟ་ཕོ་བཞོན་ནས་ཡོང་བ་ཡིན། 

འགྲོས་དང་གོམ་པ་བསམ་ནས་བཞོན་པ་ཡིན།  

རྟ་མང་ལྔ་བརྒྱའི་དཀྱིལ་ལ་ངོ་ཡང་ཚ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060