གཅིག གསེར་ཟངས་བརྒྱ་ལས་ལྷག་པ། དཔྱིད་གསུམ་དཔྱིད་ཀྱི་དཔྱིད་ཟླ་དང་པོ་ཤར། ཆུ་སྣ་མ་གཅིག་བརྒྱ་དང་བརྒྱད་ཅུ་ཐམ་པ། དབྱར་གསུམ་དབྱར་གྱི་དབྱར་ཟླ་ལྔ་པ་ཤར། མེ་ཏོག་མ་གཅིག་བརྒྱ་དང་བརྒྱད་ཅུ་ཐམ་པ། སྟོན་གསུམ་སྟོན་གྱི་སྟོན་ཟླ་བརྒྱད་པ་ཤར། འབྲུ་སྣ་མ་གཅིག་བརྒྱ་དང་བརྒྱད་ཅུ་ཐམ་པ། ངའི་ཡུར་བུའི་ནང་ལ་ཆུ་སྣ་ལས་ཀྱིས་འཛོམས། ངའི་ཡུར་ཆུ་སྔོན་མོ་གསེར་ཟངས་བརྒྱ་ལས་ལྷག་པ། ངའི་འོང་ཁའི་དཀྱིལ་ལ་མེ་ཏོག་ལས་ཀྱིས་འཛོམས། ངའི་སྲན་མའི་མེ་ཏོག་གསེར་ཟངས་བརྒྱ་ལས་ལྷག་པ། ངའི་གཡུལ་ཁའི་ནང་ལ་འབྲུ་སྣ་ལས་ཀྱིས་འཛོམས། ངའི་གྲོ་ནས་སྲན་གསུམ་གསེར་ཟངས་བརྒྱ་ལས་ལྷག། གཉིས། ཤིང་བཟང་འཁོར་ལོའི་ལ་མོ།
ཤིང་བཟང་འཁོར་ལོའི་ལ་མོའི་ལ་རྩེ་ལ། ལ་རྩེ་ལ། ལ་རྩེ་ཡ་ལ་ཁ་བ་ཆེ་ཙམ་འདུག་ལ་ཆུང་ཙམ་ཡང་འདུག། ཁ་བ་ཆེ་བ་རྣམས་གཡག་ཆུང་རོག་པོས་བཅད་ནས་འགྲོ། ཁ་བ་ཆུང་བ་རྣམས་དྲོད་འཇམ་ཉི་མ་ས་བཅད་ནས་འགྲོ། ཤིང་བཟང་འཁོར་ལོའི་ལ་མོའི་ལ་དཀྱིལ་ལ། ལ་དཀྱིལ་ལ། ལ་དཀྱིལ་ཡ་ལ་ཤིང་བཟང་ཆེ་ཙམ་འདུག་ལ་ཆུང་ཙམ་ཡང་འདུག ཤིང་བཟང་ཆེ་བ་རྣམས་སྟ་མ་སྟ་རེས་བཅད་ནས་འགྲོ། ཤིང་བཟང་ཆུང་བ་རྣམས་རྒྱ་གྲི་སྐར་མའི་སྨིན་དྲུག་གིས་བཅད་ནས་འགྲོ། ཤིང་བཟང་འཁོར་ལོའི་ལ་མོའི་ལ་ཞུག་ལ། ལ་ཞུག་ལ། ལ་ཞུག་མ་ལ་ཆུ་བོ་ཆེ་ཙམ་འདུག་ལ་ཆུང་ཙམ་ཡང་འདུག ཆུ་བོ་ཆེ་བ་རྣམས་གྲུ་ཤན་རྟ་མགོས་བཅད་ནས་འགྲོ། ཆུ་བོ་ཆུང་བ་རྣམས་ཀོ་བ་བཏང་ནས་བཅད་འགྲོ། སོ་ནམ་གྱི་འགྲོས་དང་བསྟུན་པའི་ཟླ་བ་བཅུ་གཉིས་ཀྱི་འབོད་ཚུལ། ཟླ་བ་དང་པོ་ལ་ ས་གཞི་སྡིང་དྲོད། ཟླ་བ་གཉིས་པར་ རོལ་ནང་ཤུར་སྒྲ། ཟླ་བ་བཞི་པར་ ལྗངས་པའི་གཡོག་བཅོས། ཟླ་བ་ལྔ་པར་ ཁྲ་ཐིང་(མེ་ཏོག་གི་བཞད་ཀ་ཡོད་ཚད་བྱེ་བའི་དུས) ཟླ་བ་དྲུག་པར་ སྐེ་ཀྱོག(ལོ་ཏོག་གི་འབྲས་བུ་ཅུང་སླེབས་པ) ཟླ་བ་བདུན་པར་པ ཁྲུལ་ཁྲུལ་ཟླ་བ་(འབྲས་བུ་གང་སར་བཏགས་ནས་ཡོད་པ) ཟླ་བ་བརྒྱད་པར་ ཐིར་ཟིང་(སྟོན་ལས་ཀྱི་བྲེལ་འཚུབས་ཆེ་བ་) ཟླ་བ་དགུ་པར་ བསྡུ་རུབ་(འབྲུ་རིགས་སོགས་ལོ་མཇུག་གི་འབྲས་བུ་བསྡུ་བའི་དུས་) ཟླ་བ་བཅུ་པར་ སྐྱ་ཐེར་(ས་ཞིང་དང་རི་ཀླུང་རྣམས་སྐྱ་ཤས་ཅན་དུ་འགྱུར་བ) ཟླ་བ་བཅུ་གཅིག། དལ་སྟོང་། ཟླ་བ་བཅུ་གཉིས། གྲ་སྒྲིག་ཟླ་བ། (ལོ་གསར་གྱི་ཟ་ཆས་སྒྲིག་པ) |